ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་ཧྥུ་ཀ་ནི་སི་ཐན་ལ་ས་ཡོམ་བྱུང་ནས་མི1036རྐྱེན་ལམ་དུ་ཤོར།

སྤེལ་དུས 2022-06-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་གནས་དེ་གའི་ཟླ6པའི་ཚེས26ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ལ་གཞིགས་ན། ཉིན་དེར་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཤར་རྒྱུད་དུ་ས་ཡོམ་བྱུང་བའི་ཁྲོད་ཕ་ཁེ་ཐི་ཁ་ཞིང་ཆེན་དང་ཧོ་སི་ཐེ་ཞིང་ཆེན་ནས་ཁྱོན་བསྡོམས་མི1036རྐྱེན་ལམ་དུ་ཤོར་བ་དང་མི2949ལ་རྨས་སྐྱོན་ཕོག་འདུག
          གཞི་གྲངས་དེ་ཨ་ཧྥུ་ཀ་ནི་སི་ཐན་སྨྱན་སྦྱོར་གྱིས་དེ་སྔོན་ཁྱབ་བསྒྲགས་བྱས་པའི་ཤི་རྨས་ཐེབས་པའི་མི་གྲངས་ལས་ཉུང་བ་དང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་གཞུང་ཕྱོགས་སྨྱན་སྦྱོར་ཏེ།  པ་ཧོ་ཐར་གསར་འགྱུར་ཁང་གི་འགན་འཁུར་བ་ཨ་པུའུ་ཏུའུ་ལེ·ཝ་ཞི་ཏེ· ལ་དབྱང་གིས། ཚེས24ཉིན་ས་ཡོམ་བྱུང་བའི་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས1150ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག