ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ།

སྤེལ་དུས 2018-01-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།

          ཀྲུང་གོ་ལྕགས་ལམ་གྱི་གནས་ཚུལ་ལ་གཞིགས་ན། ལྕགས་ལམ་སྡེ་ཁག་གིས2018ལོའི་ཟླ1ཚེས18ཉིན་ནས་བཟུང་། ཟས་རིགས་མངག་ཉོའི་དུས་ཚོད་དེ་ཆུ་ཚོད་གཉིས་ནས་ཆུ་ཚོད་གཅིག་ཏུ་ཇེ་ཐུང་དུ་བཏང་ཞིང་།  དུས་མཚུངས་སུ་མཁོ་འདོན་གྱི་རྣམ་གྲངས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ལམ་རྒྱུད་ཀྱི་ས་གནས་ཀྱི་ཁྱད་ཐོན་དངོས་རྫས་ཀྱི་ཟས་རིགས་སྔོན་ལ་མངག་ཉོ་བྱེད་ཆོག་པའི་ཐབས་ལམ་སྤེལ་བ་རེད།  འགྲུལ་བ་ཚོས་རླངས་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་ལ་ཟས་རིགས་མངག་ཉོ་བྱས་ཆོག་པ་དང་། མེ་འཁོར་ལས་འབབ་མི་དགོས་པ་དང་ས་ཚིགས་ལས་ཕྱིར་ཐོན་མི་དགོས་པར་ལམ་རྒྱུད་ཀྱི་ཁྱད་ཐོན་དངོས་རྫས་ཡུལ་དུ་འཁྱེར་ཆོག 
          ལྕགས་ལམ་སྡེ་ཁག་གིས་དུས་མཚུངས་སུ་ས་གནས་ཀྱི་ཁྱད་ཐོན་དངོས་རྫས་སྔོན་ལ་མངག་ཉོ་བྱ་བའི་ཞབས་ཞུའི་བརྒྱུད་རིམ་དང་དྲ་ཐོག་གི་བཟའ་བཅའ་མངག་ཉོ་བྱེད་པ་གཅིག་མཐུན་ཡིན་ཏེ། འགྲུལ་པས་ཟས་རིགས་མངག་ཉོ་བྱས་རྗེས་ལྕགས་ལམ་བབས་ཚུགས་ཀྱི་ཞབས་ཞུ་མི་སྣས་ས་གནས་ཀྱི་ཁྱད་ཐོན་དངོས་རྫས་སྔོན་ལ་མངག་ཉོ་བྱས་པའི་འགྲུལ་པས་བསྟན་པའི་མེ་འཁོར་སྒམ་དང་འདུག་སྟེགས་སུ་འཁྱེར་ཡོང་ཞེས་བསྟན།
         རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  2017ལོའི་ཟླ7ཚེས17ཉིན། ལྕགས་ལམ་སྡེ་ཁག་གིས་ཤུགས་འགྲེགས་མེ་འཁོར་གྱི་རིགས་སུ་དྲ་ཐོག་ནས་ཟས་རིགས་མངག་ཉོ་བྱེད་པའི་ཞབས་ཞུ་སྤེལ་ཞིང་། ཤུགས་འགྲེམས་མེ་འཁོར་ལ་འདུག་མཁན་གྱི་འགྲུལ་པས་དྲ་ཚིགས12306 དང་། ལག་འཁྱེར་ཁ་པར་གྱི་སྐུད་སྣེ་སོགས་བརྒྱུད་དེ་དེ་མ་ཐག་ཏུ་དམིགས་འཛུགས་བྱས་པའི་མེ་འཁོར་ས་ཚིགས་ཀྱི་ཟས་རིགས་མངག་ཉོ་བྱེད་ཆོག་ཅིང་། ཉོས་རྗེས་སུ་ཞབས་ཞུ་མི་སྣས་ཟས་རིགས་མེ་འཁོར་གྱི་འདུག་སྟེགས་སུ་སྐྱེལ་ཡོང་བ་དང་། དྲ་ཐོག་གི་ཟས་རིགས་མངགས་ཉོའམ་མེད་པར་བཟོ་བའི་དུས་ཚོད་དེ་ཟ་མ་བཟོ་སྐྱེལ་ས་ཚིགས་ཀྱི་རི་མོས་གཏན་ཁེལ་བྱས་པའི་མེ་འཁོར་མ་བསྐོར་སྔོན་གྱི་ཆུ་ཚོད་གཉིས་ལ་མི་འཕྱི་བ་ཡིན་དགོས།