ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་གྲོས་ཚོགས་འཚོགས་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ཟིན་པ་དང་། པེ་ཅིང་ཕུད་པའི་ས་ཁུལ་གཞན་དག་གི་འཐུས་མི་ཚོགས་པ་ཚང་མ་པེ་ཅིང་དུ་འབྱོར་ཟིན་པ།

སྤེལ་དུས 2018-03-03 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།
            ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་སྤྱི་ཚེས་༢ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲོས་ཚོགས་ལ་ཞུགས་མཁན་པེ་ཅིང་ཕུད་པའི་ས་ཁུལ་གཞན་དག་གི་འཐུས་མི་ཚོགས་པ་ཚང་མ་པེ་ཅིང་དུ་འབྱོར་ཟིན་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་ཡོད་པ་རེད།
            སྤྱི་ཚེས་༢ཉིན་གྱི་ཆུ་ཚོད་༧དང་སྐར་མ་༢༠འི་ཡས་མས་སུ། ཧེ་ལུང་ཅང་ཞིང་ཆེན་ནས་ཡོངས་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མེ་འཁོར་ཨང་རྟགས་Z16ནང་བཞུགས་ནས་པེ་ཅིང་འབབ་ཚུགས་སུ་འབྱོར་ཡོད་པ་རེད། འདི་ནི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་ཕེབས་པའི་པེ་ཅིང་ཕུད་པའི་འཐུས་མི་ཚོགས་པ་ཁག་དང་པོ་དེ་ཡིན་པ་དང་། དེ་རྗེས། པེ་ཅིང་ཕུད་པའི་ས་ཁུལ་གཞན་དག་གི་འཐུས་མི་ཚོགས་པ་རྣམས་སྔ་ཕྱིར་པེ་ཅིང་དུ་འབྱོར་ཡོད་པ་རེད།
            འཐུས་མི་ཚོགས་པ་བཅའ་སྡོད་ཁུལ་ཁག་ཏུ། ཉལ་ཁང་དང་། ལྟོ་ཆས། རླངས་འཁོར། གྲོས་ཚོགས་ཁང་སོགས་ཚང་མ་བཀོད་སྒྲིག་བྱས་ཟིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཚོགས་ཆེན་ཐོག་གཟབ་ནན་དང་། དངོས་སྒྲུབ། གྲོན་ཆུང་བཅས་ཀྱི་ཚོགས་འདུའི་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཚོགས་འདུའི་རྣམ་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ཚོགས་འདུའི་སྒྲིག་ལམ་ནན་པོ་བཟོ་རྒྱུ་ཡིན་པ་རེད།
            གསར་འགོད་པར་ཚོགས་ཆེན་གྱི་གསར་འགྱུར་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། འབྲེལ་ཡོད་ཚོགས་འདུའི་བྱ་དོན་ཞབས་ཞུ་དང་། གྲོས་གཞི། གསར་འགྱུར་གནད་བསྡུས། དེ་བཞིན་ཚོགས་ར་བཀོད་སྒྲིག་སོགས་ཀྱི་གྲ་སྒྲིག་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཡོད་པ་རེད། ཚོགས་ཆེན་ཐོག་སོག་སྐད་དང་། བོད་སྐད། ཡུ་གུར་སྐད། ཧ་སག་སྐད། ཁོ་རེ་ཡའི་སྐད། དབྱི་རིགས་སྐད། ཀྲོང་རིགས་སྐད་སོགས་གྲངས་ཉུང་མི་རིགས་བདུན་གྱི་སྐད་ཡིག་ཐོག་ནས་ཚོགས་འདུའི་ཡིག་ཆ་བསྒྱུར་རྒྱུ་མ་ཟད་ཚོགས་ཆེན་ཐོག་དུས་གཅིག་ཏུ་སྐད་བསྒྱུར་བྱ་རྒྱུ་ཡིན་པ་རེད། ཚོགས་ཆེན་གྱི་ཡིག་ཆ་ད་དུང་དབྱིན་ཇི་དང་། ཧྥ་རན་སི། སི་ཕན། ལྗར་པན། ཨུ་རུ་སུ། འཇར་མན། ཨ་རབ་སོགས་ཕྱི་རྒྱལ་གྱི་ཡིག་རིགས་མང་པོར་བསྒྱུར་རྒྱུ་ཡིན་པ་རེད། མིག་སྔར། ཚོགས་ཆེན་གྱི་ཡིག་ཆ་ཡིག་བསྒྱུར་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།