ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་མཁན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ།

སྤེལ་དུས 2018-03-13 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། ཚེ་དགའ། བདེ་སྐྱིད།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་༡༢ཉིན་གྱི་སྔ་དྲོ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་མཁན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། དམག་དམངས་མཉམ་འདྲེས་གོང་འཕེལ་གཏོང་བའི་འཐབ་ཇུས་ནི་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཡིན་ལ། དུས་རབས་གསར་པའི་ཏང་གི་སྟོབས་ཆེའི་དམག་དཔུང་འཛུགས་སྐྱོང་དམིགས་འབེན་མངོན་འགྱུར་བྱེད་པའི་ལྡོག་མེད་གདམ་ག་ཡང་ཡིན་པས། འཐབ་ཇུས་ཀྱིས་ཁྲིད་སྟོན་བྱེད་རྒྱུ་དང་། བསྒྱུར་བཅོས་གསར་གཏོད། དམག་དཔུང་དང་ས་གནས་མཉམ་སྡེབ། ལས་འགན་དོན་འཁྱོལ་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱབ་ནས། དུས་རབས་གསར་པའི་དམག་དམངས་མཉམ་འདྲེས་གོང་འཕེལ་གཏིང་ཟབ་འགྲོ་བའི་རྣམ་པ་གསར་པ་གཏོད་པ་དང་། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྒུལ་ཤུགས་དང་འཐབ་ཇུས་ཀྱི་འདེགས་སྐྱོར་སྟོབས་ཆེན་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
             ཞི་ཅིན་ཕིང་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པར་ཕེབས་ནས། འཐུས་མི་རྣམ་པ་དང་ལྷན་དུ་རྒྱལ་དོན་གླེང་བར་དགའ་ཚོར་ཆེན་པོ་བྱུང་བའི་རྣམ་པ་བསྟན་གནང་ཡོད་པ་རེད།
             ཚོགས་འདུའི་ཐོག ལི་ཧོ་ཧུའེ་དང་། ཀོ་ཕུ་ཞའོ། ཀྲང་ཞོའུ་ཡུས། ཝང་ཧུའེ་ཆིན། གཡུང་དྲུང་བཀྲ་ཤིས། ལི་ཝེ། ཀྲུའུ་ཁྲེང་། ཝང་ཉིང་སོགས་འཐུས་མི་བརྒྱད་ཀྱིས་དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དང་། དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་རྒྱུ། མཁའ་སྐྱོད་ཁྱབ་ཁོངས་ཀྱི་གོང་འཕེལ་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ། སྲིད་ཇུས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། དྲག་ཆས་ཉེན་རྟོག་དཔུང་སྡེའི་བསྒྱུར་བཅོས་ཡག་པོ་བྱེད་རྒྱུ། དམག་ཞབས་འཐིམས་པའི་དམག་མིའི་དོ་དམ་འགན་ལེན་འཐུས་ཚང་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད། ཞི་ཅིན་ཕིང་གིས་འཐུས་མི་རྣམས་དང་སྤེལ་རེས་གང་ལེགས་གནང་བ་དང་། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཡོད་ཅིང་། ཚོགས་རའི་ནང་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་བ་དང་། ཚོགས་ར་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད།
             འཐུས་མི་རྣམས་ཀྱི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད། ཁོང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་ཇུས་དང་མཛུབ་སྟོན་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་ནན་ཏན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བཅས་བྱས་ཐོག་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་རྒྱུ་དང་། མི་དམངས་དམག་དཔུང་སྒོ་ཀུན་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲར་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུར་གཞིགས་ནས། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྱོན་ཡོངས་ནས་དམག་དཔུང་བཅོས་སྐྱོང་ནན་པོ་བྱེད་རྒྱུར་དམ་འཛིན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས། དམག་དཔུང་སྟོབས་ཆེའི་བྱ་གཞག་གོམ་སྟབས་གསར་པ་སྤོས་པ་དང་། རྣམ་པ་གསར་པ་མངོན་ཡོད་ཅེས་བསྟན་གནང་བ་དང་།
             ཞི་ཅིན་ཕིང་གིས་དམག་དམངས་མཉམ་འདྲེས་ཀྱི་གོང་འཕེལ་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་མྱུར་ཚད་མགྱོགས་སུ་གཏོང་རྒྱུའི་ཐད་བླང་བྱ་བཏོན་གནང་ཡོད་པ་རེད། ཁོང་གིས། རྒྱལ་སྲུང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། དམག་དམངས་མཉམ་འདྲེས་ཀྱི་གསར་གཏོད་མ་ལག་འཛུགས་ པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། རྒྱལ་སྲུང་ཚན་རྩལ་གྱི་རང་བདག་གསར་གཏོད་ ནུས་པ་ཆེས་ཆེར་ཆེ་རུ་གཏོང་བ། སྔོན་ཐོན་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རང་དམག་འཛུགས་སྐྱོང་དེ་སྤུས་ལེགས་ཕན་ཆེ་རང་བཞིན་དང་ཚན་རྩལ་མང་འདུས་རང་བཞིན་ཕྱོགས་སུ་འགྱུར་བ་བྱེད་དགོས། འཛམ་གླིང་གི་དམག་དོན་ཚན་རྩལ་དང་གོ་མཚོན་དང་སྒྲིག་ཆས་ཀྱི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་དམག་དམངས་ཚན་རྩལ་མཐུན་སྦྱོར་གསར་གཏོད་ལ་དམ་འཛིན་བྱེད་པ། གལ་ཆེའི་ཚན་རྩལ་རྣམ་གྲངས་གཅིག་གྱུར་རིགས་སྒྲུབ་དང་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་ནས། འབད་བརྩོན་ཆེན་པོས་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་བཙན་ས་བཟུང་ཐུབ་པ་བྱེད་དགོས། སྒོ་འབྱེད་མཉམ་སྤྱོད་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཕྱི་བཀག་ནང་སྡོམ་དང་སྒེར་སྡེམ་སྣང་ཚུལ་སེམས་ཐག་གཙང་བཅད་ཀྱིས་མེད་པ་བཟོ་བ། ཚན་རྩལ་གསར་སྐྲུན་གྱི་ཐོན་ཁུངས་ལེགས་བསྒྱུར་སྒྲིག་བཀོད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཡོངས་ཀྱི་ཚན་རྩལ་གསར་སྐྲུན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བཅས་བྱས་ནས། རྒྱལ་སྲུང་ཚན་རྩལ་གསར་གཏོད་དེ་གྲུ་གཟིངས་བརྒྱ་ཕྲག་འགྲན་རྩོད་གཅིག་ཤོར་གཉིས་ཤོར་བྱེད་པ་ལྟ་བུའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
             ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་འབྱེད་སྡུད་ཆེན་པོ་དང་། ཆེ་གཏོར་ཆེ་འཛུགས། གོམ་པ་མགྱོགས་པོ་དང་བརྟན་པོ་སྤོ་བ་སོགས་ལ་ཤུགས་སྣོན་རྒྱབ་ནས། རང་དམག་གི་སྒྲིག་འཛུགས་སྒྲོམ་གཞི་དང་སྟོབས་ཤུགས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་། གསར་བརྗེའི་རང་བཞིན་བསྐྱར་འཛུགས་བྱ་རྒྱུ་མངོན་འགྱུར་ཐུབ་ཡོད་པ་དང་། རང་དམག་འཛུགས་སྐྱོང་ཐད་ཚོད་འཛིན་ཐེབས་པའི་སྒྲིག་གཞི་ཅན་གྱི་འགོག་རྐྱེན་དང་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཐག་གཅོད་ནུས་ལྡན་ཐུབ་ཡོད། སྲིད་ཇུས་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དེང་རབས་དམག་དོན་སྲིད་ཇུས་ལམ་ལུགས་མ་ལག་གང་མགྱོགས་འཛུགས་པ། ཕྱོགས་ཁག་གི་སྒྲིག་གཞིའི་ཞན་ཆ་མཐའ་གཅིག་ཏུ་སེལ་བ། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་མཐིལ་ཕྱིན་པ་བྱེད་པ་བཅས་བྱེད་དགོས། བསྒྱུར་བཅོས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ཐོག་ནས་དམག་སྦྱོང་དམག་གྲབས་ལས་དོན་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་རྒྱུན་འཁྱོངས་བྱེད་པ་དང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་བྱ་རྒྱུར་དམ་འཛིན་བྱེད་པ། རང་དམག་གི་འཐབ་རྩོད་ནུས་པ་མགྱོགས་མྱུར་ངང་མཐོ་རུ་གཏོང་དགོས། དམག་ཡོངས་ཀྱིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བསྒྱུར་བཅོས་ལ་སྲུང་བརྩི་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། འབྲེལ་ཡོད་ཕྱོགས་དང་མཐུན་སྦྱོར་རམ་འདེགས་ལ་ཤུགས་སྣོན་རྒྱབ་ནས་ཐུན་མོང་ཐོག་དམག་དཔུང་དང་ས་གནས་ལས་བརྒལ་བའི་བསྒྱུར་བཅོས་ལས་འགན་ལག་བསྟར་བྱེད་དགོས། དམག་ཞབས་འཐིམས་པའི་དམག་མིའི་དོ་དམ་འགན་སྲུང་ལས་ཁུངས་འཛུགས་རྒྱུ་དེས་དེ་བས་ཡག་པའི་ངང་དམག་ཞབས་འཐིམས་པའི་དམག་མིར་ཞབས་ཞུ་སྒྲུབ་རྒྱུ་དང་། དམག་མི་ནི་སྤྱི་ཚོགས་ཡོངས་ཀྱིས་གུས་བཀུར་ཞུ་སའི་ལས་རིགས་ལ་གྱུར་རྒྱུའི་ཐད་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་པས། བྱ་བཟང་ཡག་པོ་སྒྲུབ་དགོས་ཞེས་གསུངས་ཡོད་པ་རེད།
             ཞི་ཅིན་ཕིང་གིས། ཁྲིམས་ལྟར་དམག་སྐྱོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་དད་སེམས་དང་ཁྲིམས་སྐྱོང་བསམ་བློ་ཆེ་རུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྐྱོང་མ་ལག་གང་མགྱོགས་འཛུགས་པ་དང་། དམག་སྐྱོང་བྱེད་ཐབས་ལ་གཞི་རྩའི་རང་བཞིན་གྱི་འགྱུར་བ་འགྲོ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས། དམག་ཡོངས་ཀྱིས་རྩ་ཁྲིམས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྩ་ཁྲིམས་ལ་ལྷག་བསམ་རྣམ་དག་གི་བརྩི་མཐོང་བྱེད་མཁན་དང་རང་རྟོགས་ངང་བརྩི་སྲུང་ཞུ་མཁན། བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོབ་བྱེད་མཁན་བཅས་བྱེད་དགོས། ཏང་གི་སྒྲིག་སྲོལ་ཞིབ་བཤེར་སྒྲིག་གཞི་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞིའི་བསྒྱུར་བཅོས་བླང་བྱ་དང་འཚམས་པ་དང་། དམག་དཔུང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་དགོས། རྒྱལ་ཁབ་ཁྲིམས་འཛུགས་ལས་དོན་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམག་གྲབས་མྱུར་མཁོ་དང་བསྒྱུར་བཅོས་མྱུར་མཁོ། དཔོན་དམག་གི་རེ་སྒུག་ཆེ་བ་བཅས་ཀྱི་དམག་དོན་ཁྲིམས་སྲོལ་ལམ་ལུགས་འཛུགས་རྒྱུར་མངོན་གསལ་དོད་པོས་ཤུགས་སྣོན་རྒྱག་དགོས། ནན་པོ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་སོགས་ཁྲིམས་ལྟར་ནན་པོ་བྱ་རྒྱུ་དེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཡོངས་ལ་ཁེབས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
             ཞི་ཅིན་ཕིང་གིས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་ནི་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་དགོས་པ་དང་། དམག་ཡོངས་ནས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རོགས་སྐྱོར་ཧུར་ཐག་བྱེད་དགོས། དམག་དཔུང་དང་ས་གནས་ཕྱོགས་གཉིས་པོས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་ཟམ་མི་ཆད་པར་བརྟན་དུ་བཏང་ནས། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།
             གྲོས་ཚོགས་མ་འཚོགས་གོང་། ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་མཁན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུབ་མིའི་ཚོགས་པའི་འཐུས་མི་ཡོངས་དང་བྱམས་བརྩེའི་ཐུག་འཕྲད་གནང་བ་མ་ཟད་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་སྐྱོན་ཡོད་པ་རེད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡའུ་ཞ། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥེང་ཧོ། ལི་ཙོ་གྲེང་། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།