ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

འཐུས་མི་ཝང་གོ་ཧྲེང་གིས་མཚོ་བོད་ས་མཐོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ནམ་ཡང་བཞད་པར་བྱ་དགོས་ཞེས་བརྗོད་པ།

སྤེལ་དུས 2018-03-14 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སྙིང་ལྕགས།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་རིགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོད་གཏམ་གསར་པ་དང་། འདུ་ཤེས་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། མཚོ་སྔོན་དུ་མི་རིགས་55ཡོད་པ་དང་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྤྱིའི་མི་འབོར་གྱི་47.7%བཟུང་ཡོད། ང་ཚོས་ཞིང་ཆེན་གྱི་གནས་ཚུལ་ལ་གཞི་ཚུགས་ནས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་པས་མཚོ་སྔོན་དུ་མི་རིགས་ཀྱི་ལས་དོན་མ་གཉེར་ན་ཁྱོན་ཡོངས་ཀྱི་ལས་དོན་གཉེར་མི་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་བདེ་སྐྱིད་ལམ་བུ་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་བྱུང་། དེའི་རྨང་གཞིའི་ཐོག་ཞིང་ཨུད་ཀྱིས་མི་འབོར་གྱི་ཞིང་ཆེན་ཆུང་ངུ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེ་མོར་བསྒྱུར་བའི་བསམ་ཕྱོགས་བཏོན་པ་དང་ཆབས་ཅིག་བྱ་ཐབས་ནུས་ལྡན་བཟོས་ནས་སྐུལ་འདེད་ཏན་ཏིག་བཏང་ཡོད།
          བསམ་བློར་སྣེ་ཁྲིད་བྱེད་པའི་རྩ་བ་དེར་དམ་འཛིན་ཡག་པོ་བྱས་ཤིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་བཅུག་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་སེར་གྱི་ཐོབ་ཚོར་ཆེ་ཤོས་ཀྱི་གོ་སྐབས་ནུས་ལྡན་དམ་འཛིན་བྱས་ནས། “ཏང་ལ་དགའ་ཞེན་དང་། གཙོ་འཛིན་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན”བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་བ་དང་། ཆུང་ས་དང་། ཞིབ་ཕྲ། དོན་དངོས་བཅས་ནས་འགོ་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། “མོས་སེམས་ལྔ”ཟབ་ཏུ་གཏོང་བ། མི་རིགས་ཁག་སེ་འབྲུའི་གོང་བུ་ལྟར་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་གི་ཡོད།
          ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་རྨང་གཞི་དེར་དམ་འཛིན་ཡག་པོ་བྱས་ཤིང་། ང་ཚོས་སྔོན་ལ་སྣོད་བཅུད་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། འོད་ཤུགས་གློག་འདོན་དང་སྐྱེ་དངོས་སྨན་རྫས་སོགས་ཀྱི་ལེགས་ཆའི་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་བཏང་ནས། མི་རིགས་ཀྱི་རིག་གནས་དང་། ས་མཐོའི་ཡུལ་སྐོར། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་འདོགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ལོ་ལྟར་ནོར་ཤུགས་ཀྱི་75%དམངས་འཚོར་བཏང་བས། ལོ་5ཡི་རིང་རིམ་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི་100ཙམ་ཉུང་དུ་ཕྱིན་པ་དང་། སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཁྲི་14ཙམ་བཙུགས་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འབོར་གསུམ་ཆ་གཅིག་ཙམ་གྱི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་ནས་མང་ཚོགས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེ་ཡག་ཏུ་ཕྱིན་ཡོད།
          སྔོན་ཐོན་ཁུལ་འཛུགས་སྐྱོང་གི་གཞི་རྟེན་དེར་དམ་འཛིན་ཡག་པོ་བྱས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད། མཚོ་བྱང་ཀྲོའུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཀྲོའུ་ཁག་དང་པོར་བདེ་བླག་ངང་བཏོད་རྗེས། ན་ནིང་ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་ཀྲོའུ། མཚོ་ལྷོ་ཀྲོའུ་བཅས་སུ་སླར་ཡང་གཏོད་འཛུགས་བདེ་བླག་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་གྲོང་ཁྱེར་དང་ཀྲོའུ་ཡིས་བསྡོམས་འབོར་གྱི་50%བཟུང་བ་དང་དཔེ་སྟོན་རྫོང་(གྲོང་ཁྱེར)གྱིས་བསྡོམས་འབོར་གྱི་33%བཟུང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོའི་ནང་རྒྱུན་སྲིང་ངང་བཅུག་པས། དུད་ཚང་ཁྲི་12.4“སྐར་མ་རིམ་པ་ལྔ་པའི་ཤེས་དཔལ་དུད་ཚང”ལ་གྱུར་ནས་སྤྱི་ཚོགས་ཤེས་དཔལ་ཞི་མཐུན་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། (ཝང་གོ་ཧྲེང་། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན།)