ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀོང་ཀྲོའུ་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུལ་ཆེན་པོའི་འཕེལ་རྒྱས་འཆར་འགོད་རྩ་གནད་གཞི་རྩའི་ཆར་བཟོས་ཟིན་ཡོད།

སྤེལ་དུས 2018-03-15 ཡོང་ཁུངས། མཁའ་འགྲོ རྩོམ་པ་པོ། མི་དམངས་དྲ་བ།
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་གིས་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་གི་བགྲོད་ལམ”ཐོག་མིག་སྔར་ཀོང་ཀྲོའུ་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུལ་ཆེན་པོའི་འཕེལ་རྒྱས་འཆར་འགོད་རྩ་གནད་བཟོ་བའི་ལས་དོན་གཞི་རྩའི་ཆར་ལེགས་གྲུབ་ཟིན་པ་དང་གོམ་སྟབས་རྗེས་མར་ཐོན་ལས་འཕེལ་རྒྱས་དང་། འགྲིམ་འགྲུལ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ཆེད་དོན་འཆར་འགོད་མགྱོགས་མྱུར་བཟོ་རྒྱུ་རེད་ཅེས་གསུངས་པ་རེད།
          ཧོ་ལི་ཧྥུང་གིས་ན་ནིང་ཟླ་7པར་《ཀོང་ཀྲོའུ་དང་། ཤང་ཀང་། ཨའོ་མོན་བཅས་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་མཚོ་ཁུལ་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞིའི་གྲོས་མཐུན་》ལ་མིང་རྟགས་བཀོད་ཚུན། ཀོང་ཀྲོའུ་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུལ་ཆེན་པོ་འཛུགས་སྐྲུན་ཐད་འཕེལ་རིམ་གསར་པ་དེ་བས་ཆེ་བ་བྱུང་བ་དང་མིག་སྔར་མཚོ་ཁུལ་ཆེན་པོའི་འཕེལ་རྒྱས་འཆར་འགོད་རྩ་གནད་གཞི་རྩའི་ཆར་བཟོས་ཟིན་ཡོད་ཅེས་གསུངས་པ་རེད།
          དེ་དང་ཆབས་ཅིག་ཀོང་ཀྲོའུ་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུལ་ཆེན་པོ་འཛུགས་སྐྲུན་འཕེལ་རྒྱས་ལ་ཕན་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ཁག་གཅིག་མགྱོགས་མྱུར་ལག་ལེན་བསྟར་བཞིན་ཡོད་པ་དཔེར་ན། ཤང་ཀང་དང་། ཀྲུའུ་ཧའེ། ཨའོ་མོན་བཅས་འབྲེལ་མཐུད་ཀྱི་ཟམ་ཆེན་བསྐྲུན་ཟིན་པ་དང་འབྲེལ་གཞི་རྩའི་ཆར་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་ལྡན་པ་དང་། ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཤང་ཀང་བཅས་འབྲེལ་མཐུད་ཀྱི་མྱུར་བགྲོད་ལྕགས་ལམ་གཞི་རྩའི་ཆར་བསྐྲུན་ཟིན་པའི་ཁྲོད་ཀོང་ཀྲོའུ་ནས་ཧྲེན་ཀྲེན་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཟིན་པ་དང་ཧྲེན་ཀྲེན་ནས་ཤང་ཀང་བར་གྱི་མྱུར་བགྲོད་ལྕགས་ལམ་སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཤང་ཀང་བཅས་འབྲེལ་མཐུད་ཀྱི་མྱུར་བགྲོད་ལྕགས་ལམ་གྱི“ས་ཆ་གཅིག་ལ་ཞིབ་བཤེར་གཉིས”ཀྱི་འགག་སྒོ་སྒྲོལ་བའི་བཀོད་སྒྲིག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད་པ་རེད།
          གཞན་ཡང་ཀོང་ཀྲོའུ་དང་། ཤང་ཀང་། ཨའོ་མོན་བཅས་ས་ཆ་གསུམ་པོའི་མི་སྣ་དང་། དངོས་ཟོག མ་དངུལ་བཅས་འགྲོ་འོང་ལ་ཕན་པའི་ལམ་སྲོལ་དང་། སྲིད་ཇུས། བྱེད་ཐབས་བཅས་རིམ་བཞིན་བཏོན་པའི་ནང་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་ནང་སར་སློབ་སྦྱོང་བྱེད་པ་དང་། ལས་ཞུགས་བྱེད་པ། འཚོ་བ་སྐྱེལ་བ་བཅས་བྱ་རྒྱུར་བསྔགས་སྐུལ་བྱེད་པའི་འབྲེལ་ཡོད་བྱེད་ཐབས་སོགས་ཚུད་ཡོད། ས་ཆ་གསུམ་པོས་ད་དུང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་འཕེལ་རིམ་གསར་པ་དང་ཐོག་མའི་གྲུབ་འབྲས་ཐོབ་ཡོད་པ་རེད།