ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མི་རིགས་སློབ་ཆེན་གྱི་སློབ་མས་ཚོགས་འདུ་གཉིས་ལ་ཕུལ་བའི་སྨོན་ཚིག ཕ་ཡུལ་དང་མེས་རྒྱལ་སྔར་བས་བདེ་སྐྱིད་ལྡན་པར་སྨོན།

སྤེལ་དུས 2018-03-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན།   ཟླ་3པར།   རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་སྐོང་ཚོགས་བྱས།   འཐུས་མི་དང་ཨུ་ཡོན་རྣམས་པེ་ཅིང་དུ་འཛོམས་ནས།   མཉམ་དུ་རྒྱལ་དོན་གྲོས་མོལ་བྱས།   སྐབས་འདིར་ཀྲུང་གོའི་བོད་ལྗོངས་དྲ་བས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་མང་པོ་ཞིག་ལ་ཁོ་ཚོས་ཚོགས་འདུ་གཉིས་ལ་ལྟ་ཚུལ་དང་རེ་བ་གང་འདྲ་ཞིག་བཅངས་ཡོད་པའི་ཐད་བཅར་འདྲི་བྱས།
           མི་རིགས་སློབ་ཆེན་གྱི་བཅར་འདྲི་དང་ལེན་བྱེད་མཁན་གྱི་སློབ་མ།(གཡོན་ནས་གཡས་བར) བློ་བཟང་སྒྲོལ་མ།   བདེ་སྐྱིད་སྒྲོལ་མ།   འཇམ་དབྱངས།   དཔའ་ལྡན་ཚེ་དབང་།   ཀྲང་མིན་ཁོ།   སུན་རའོ་ཧན།   ཕུའུ་མིན་ཡའོ།   ལི་ཡོན་ཁེ།
           ཡུན་ནན་ནས་སླེབས་པའི་བོད་རིགས་སློབ་མ་བློ་བཟང་སྒྲོལ་མས་མིག་སྔར་སློབ་ཆེན་སློབ་རིམ་གསུམ་པར་སློབ་སྦྱོང་བྱེད་བཞིན་ཡོད།   མ་འོངས་པར་ཕ་ཡུལ་དུ་ལོག་ནས་བོད་ཡིག་དགེ་རྒན་ཞིག་བྱ་འདོད་ཡོད།   ཁོ་མོས་སློབ་གསོའི་ཐད་ཀྱི་གྲོས་གཞི་ལ་དོ་ཁུར་བྱེད།   དཔེར་ན་གྲོང་གསེབ་དུ་གཞི་ཁྱོན་ཆུང་བའི་སློབ་གྲྭ་འཛུགས་རྒྱུ་ཁོ་མོས་བསམ་པར་ཧ་ཅང་གལ་ཆེ།   སྒྲོལ་མས་བརྗོད་རྒྱུར་མིག་སྔར་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་།   གྲོང་གསེབ་ཀྱི་རྣམ་པ་ཅུང་རྗེས་ལུས་ཡིན།   གལ་ཏེ་ས་གནས་ཆུང་སར་སློབ་གྲྭ་འཛུགས་ཐུབ་ཚེ།   བྱིས་པ་དང་སློབ་ཆུང་སློབ་མ་ཐག་ཉེ་སར་སློབ་གྲྭར་ཞུགས་པར་སྟབས་བདེ་བ་དང་།   ཡུལ་དེ་གའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད།
           ཅི་ལིན་ནས་སླེབས་པའི་སུན་རའོ་ཧན་གྱིས་ཁོར་ཡུག་ཚན་རིག་ཆེད་ལས་ལ་སློབ་སྦྱོང་བྱེད་མུས་ཡོད།   ཁོ་མོས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གྲོས་དོན་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།   ཁོ་མོས་བརྗོད་རྒྱུར་རྒྱལ་ཁབ་ལ་ལོ་འདི་དག་ནང་འགྱུར་ལྡོག་ཅུང་ཆེ།   སྔོན་ཆད་ཁ་པར་ཁེབ་གཅོད་བསློག་མ་བཀོལ་བ་དང་།   ད་ལྟ་རིག་ནུས་ལག་ཁྱེར་ཁ་པར་ཧ་ཅང་ཁྱབ་གདལ་ཆེ།   ཚན་རིག་ལག་རྩལ་དང་དཔལ་འབྱོར་བྱ་འཕུར་བ་ལྟར་གོང་འཕེལ་ཕྱིན་ནས་འཛམ་གླིང་དུ་སྔོན་ཐོན་གྱི་གྲས་སུ་སླེབས་ཡོད།   ཁོ་མོ་སློབ་ཆེན་ལོ་རིམ་དང་པོ་ཡིན་ཞིང་། དང་ཐོག་ཆེད་ལས་འདི་རང་ཉིད་ཀྱིས་བདམས་པ་མ་ཡིན་མོད།   སློབ་གྲྭར་སློབ་འགོ་བརྩམས་རྗེས་ཆེད་ལས་འདི་ལ་ཇེ་དགའ་ནས་ཇེ་དགའ་རེད།   དེ་བས་ཁོ་མོས་ཁོར་ཡུག་ཐད་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱེད་འགོ་ཚུགས།
           སློབ་མ་ཚོས་གྲོས་བསྡུར་བྱེད་བཞིན་པ་མ་ཟད་ལག་ལེན་ཡང་བྱེད་བཞིན་ཡོད་དེ།   སི་ཁྲོན་ནས་སླེབས་པའི་བོད་རིགས་སློབ་མ་འཇམ་དབྱངས་ཀྱིས་དྲ་རྒྱའི་སློབ་གསོའི་ཐད་ཀྱི་གསར་གཏོད་ལས་གཏོད་དང་།   དྲ་ཐོག་ནས་བོད་ཡིག་དཔེ་ཁྲིད་བྱེད་བཞིན་ཡོད།   འདས་མ་ཐག་པའི་ད་ཐེངས་ཀྱི་གུང་སེང་སྐབས་འཇམ་དབྱངས་ཀྱིས་ཁྱིམ་རྒྱུད་ལོ་རྒྱུས་ངག་ཐོག་ནས་བཤད་པའི་དངོས་བཤུས་གློག་བརྙན་རྣམ་གྲངས་བསྒྲུབས།   རང་ཉིད་ཀྱི་ཨ་མྱེ་མི་སྣ་གཙོ་བོ་བྱས་ཏེ་དངོས་བཤུས་གློག་བརྙན་ཕབ།   བརྒྱུད་རིམ་དེའི་ཁྲོད་ཁོས་གྲོང་ཚོའི་ལོ་རྒྱུས་དང་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེའི་རང་བཞིན་བསམ་རྟོགས་བྱུང་།   འདི་དག་རྒྱུན་འཛིན་དང་ཉར་ཚགས་བྱ་རྒྱུ་གལ་ཆེ་བས་རང་ཉིད་ཀྱི་ནུས་པའི་ཐེག་ཚད་ཀྱིས་བྱ་བ་སྒྲུབ་འདོད་ཡོད།
           བཅར་འདྲི་དང་ལེན་བྱས་པའི་སློབ་གྲོགས་ཕལ་ཆེ་བས་པོད་ཕྲན་དང་སྐད་འཕྲིན་སོགས་འབྲེལ་འདྲིས་ལས་སྟེགས་བརྒྱུད།   ལྷག་པར་དུ་ལག་ཐོགས་ཁ་པར་གྱི་སྒུལ་བདེའི་མཐའ་སྣེ་བརྒྱུད་ཚོགས་འདུ་གཉིས་ལ་རྒྱུས་ལོན་བྱེད།   ཁོ་ཚོས་ཚོགས་འདུ་གཉིས་ཀྱི་གནད་མི་འདྲ་བར་དོ་སྣང་བྱེད་ཅིང་།   འབྱུང་འགྱུར་ཐད་ལའང་ཁོང་ཚོ་རང་ཉིད་ཀྱི་འཆར་གཞི་ཡོད།
           བོད་རིགས་སློབ་མ་བདེ་སྐྱིད་སྒྲོལ་མ་ནི་གསར་འགོད་པ་ཞིག་བྱ་འདོད་ཡོད།   ཡི་གེ་དང་པར་མིག་གིས་ཕ་ཡུལ་གྱི་གཏམ་རྒྱུད་ཁྱད་པར་བ་དག་ཟིན་ཐོར་ཕབ་འདོད་ཡོད།   ཁོ་མོ་དང་འདྲ་བར་བོད་ལྗོངས་གཞིས་རྩེ་ནས་སླེབས་པའི་དཔའ་ལྡན་ཚེ་དབང་གིས་བོད་ལྗོངས་དེ་མགྱོགས་མྱུར་གྱིས་“རྒྱུད་གཅིག་ལམ་གཅིག་”གི་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོའི་འཛུགས་སྐྲུན་ནང་ཞུགས་ནས།   ཕ་ཡུལ་གྱི་འཕེལ་རྒྱས་ཐད་སྔར་བས་མང་བའི་སྲིད་ཇུས་ཀྱི་དམིགས་སྐྱོང་ཐོབ་པར་བསམ།   ཐུའུ་ཅ་རིགས་ཀྱི་སློབ་མ་ཀྲང་མིན་ཁའོ་སློབ་ཆེན་ལོ་རིམ་དང་པོ་ཙམ་ལས་མེད་ཀྱང་།   སློབ་གྲྭ་མཐར་ཕྱིན་རྗེས་ལས་ཀར་ཞུགས་པའམ་ཡང་ན་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་དགོས་མིན་ཐད་བསམ་བློ་གཏོང་བཞིན་ཡོད།   ཀྲེ་ཅང་གི་སློབ་མ་ཕུའུ་མིན་ཡའོ་ཡི་ཕུགས་བསམ་ནི་སློབ་ཆེན་དུས་སྐབས་སུ་རང་ཉིད་ཀྱི་ཆུ་ཚད་མཐོར་འདེགས་དང་ཆེད་ལས་ལ་སྦྱང་བ་གནད་ཐིང་བ་བྱ་དགོས།   སློབ་གསོ་སློབ་གླིང་གི་ལི་ཡོན་ཁེའི་བསམ་པར་རང་ཉིད་ཞིབ་འཇུག་སློབ་མ་ཞིག་ཡིན་པའི་ཆ་ནས་བསམ་བློ་དང་སློབ་སྦྱོང་ཐད་རྒྱལ་ཁབ་ཀྱི་འདུ་ཤེས་ཡོད་དགོས།
           ཕ་ཡུལ་དང་མེས་རྒྱལ་སྔར་བས་བདེ་སྐྱིད་ལྡན་པར་འདོད་ཅེས་པ་ནི་ནི་བཅར་འདྲི་བྱེད་རིང་སློབ་མ་རྣམས་ཀྱིས་གླེང་ཐེངས་ཆེས་མང་པའི་ཚིག་གཅིག་ཡིན།   “ལོ་རབས་དགུ་བཅུ་པའི་རྗེས་”དང་ཐ་ན་“ལོ་རབས་00པའི་རྗེས་”ཀྱི་ཁོ་ཚོས།   རོལ་རྩེད་ཕྱོགས་ཀྱི་གཏམ་ཡན་ལ་དགའ་བ་མ་ཟད།   རྒྱལ་ཁབ་ཀྱི་དོན་ཆེན་ལའང་དོ་སྣང་བྱེད།   ཁོ་ཚོའི་ལང་ཚོར་ན་གཞོན་གྱི་ངར་ཤུགས་འཛོམས་ལ།   སྤྱི་ཚོགས་འཕེལ་རྒྱས་དང་མེས་རྒྱལ་གྱི་འབྱུང་འགྱུར་གྱི་མདུན་ལྗོངས་ཡང་མངོན་ཡོད།