ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་གིས་ལྦུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་བཅུ་འཁོར་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོཌ་འདུ་དང་སྐབས་བཞི་པའི་སྐམ་ས་ཆེ་མོའི་ས་ཡོམ་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་འཕྲིན་ཡིག་སྤྲིངས་གནང་བ།

སྤེལ་དུས 2018-05-14 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར།
            ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ལྦུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་བཅུ་འཁོར་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་སྐབས་བཞི་པའི་སྐམ་ས་ཆེ་མོའི་ས་ཡོམ་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་འཕྲིན་ཡིག་སྤྲིངས་གནང་བ་རེད།
            ཞི་ཅིན་ཕིང་གིས་འདི་ལོ་ནི་ལྦུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་བཅུ་འཁོར་བའི་ལོ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྦུན་ཁྲོན་གྱི་ས་ཡོམ་གེགས་ཁུལ་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་ཆེད་ཉམས་མྱོང་དང་བློ་འབྱེད་བཟང་པོ་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་མིའི་རིགས་ཀྱིས་རང་བྱུང་ཆོས་ཉིད་ཤེས་རྟོགས་བྱེད་པར་རྫོགས་མཐའ་མེད་པས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་། གེགས་འགོག་གེགས་སེལ་བྱ་རྒྱུ་ནི་མིའི་རིགས་འཚོ་གནས་འཕེལ་རྒྱས་ཀྱི་ཡུན་གནས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་རེད། ཚན་རིག་དང་མཐུན་པའི་ངང་གནོད་འཚེ་ཐོན་པའི་ཆོས་ཉིད་ངོས་འཛིན་བྱེད་པ་དང་གནོད་འཚེའི་ཉེན་ཁ་ནུས་ལྡན་ངང་ཆུང་དུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཀྱི་ཡོད། ཀྲུང་གོས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། སྔོན་འགོག་གཙོར་བཟུང་དང་། གནོད་འཚེ་སྔོན་འགོག་དང་གེགས་འགོག་གེགས་སེལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་བསྡུས་གནོད་འཚེ་སྔོན་འགོག་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཆེད་འགན་ལེན་བརྟན་པོ་བྱ་རྒྱུ་ཡིན། འཐུས་མི་ཁག་གིས་ད་རེས་བགྲོ་གླེང་ཚོགས་འདུའི“ས་ཡོམ་གྱི་ཉེན་ཁ་དང་མཉམ་གནས”ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་ཧུར་ཐག་ཞུགས་པ་དང་བློ་བསྡུས་དགེ་འཚོལ་བྱས་ནས་གནོད་འཚེ་ཉུང་གཏོང་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རང་བྱུང་གནོད་འཚེའི་ཉེན་ཁ་ཆུང་དུ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།