ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

【ལོ་བཅུ】རྫོང་དཔོན་གྱི་སྐད་ཆ་དང་ཆིང་ཁྲོན་གྱི་འཆར་འགོད། མི་གཙོ་བོར་བཟུང་སྟེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པ་མངོན་འགྱུར་ཡོང་བ།

སྤེལ་དུས 2018-05-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་འབྱོར་གསལ། སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཆིང་ཁྲོན་རྫོང་ནི་“ 5 · 12 ” ཝུན་ཁྲོན་ས་ཡོམ་གནོད་འཚེ་ཕོག་ཡུལ་ཆེ་ཤོས་དེ་ཡིན་ཞིང་། ས་ཡོམ་བྱུང་རྗེས། ཆིང་ཁྲོན་རྫོང་གིས་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་དང་། སྤྱི་ཚོགས་ལས་རིགས་ཁག་གི་རོགས་སྐྱོར་འོག་ཏུ་“རྐང་ལག་དང་ཚེ་སྲོག་ཡོད་པས། དཀའ་ངལ་ཇི་ལྟར་ཆེན་པོ་བྱུང་ཡང་རྣམ་པར་རྒྱལ་ཐུབ་པ་དང་” “རང་ཉིད་ཀྱི་ནུས་པ་བཏོན་ཏེ། རང་གི་རྔུལ་ཆུ་བཞུར་ཞིང་། རང་ཉིད་ཀྱི་ལས་ཀ་རང་གིས་བསྒྲུབས་པའི”སྙིང་སྟོབས་དར་སྤེལ་གང་ལེགས་བྱས་ཤིང་། དཀའ་ཚེགས་ལ་མི་འཛེམས་པར་གནམ་འཐབ་ས་འཛིང་བྱས་ཏེ། ས་ཡོམ་བྱུང་རྗེས་ཀྱི་ལོ་ངོ་བཅུའི་རིང་། རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་འཕུར་མཆོང་རང་བཞིན་འགྱུར་ལྡོག་བྱུང་ཡོད། 

རི་མོ་འདི་ནི་ཆིང་ཁྲོན་རྫོང་གི་རྫོང་དཔོན་ལིའུ་ཙི་ཆང་གིས་ལག་བྲིས་གནང་བའི་འཕྲིན་ཡིག་རེད། 
            “ 5 · 12 ” ཝུན་ཁྲོན་ས་ཡོམ་བྱུང་ནས་ལོ་བཅུ་འཁོར་བའི་སྐབས་སུ། ཆིང་ཁྲོན་རྫོང་གི་རྫོང་དཔོན་ལིའུ་ཙི་ཆང་གིས་ཡིག་སྐོགས་མེད་པའི་འཕྲིན་ཡིག་ཏུ་ཀྲེ་ཅང་གི་རོགས་སྐྲུན་མཁན་ལ་བཅངས་པའི་དྲན་གདུང་བྲིས་ཏེ། གཉེན་ཉེ་རྣམས་ཕྱིར་ཡོང་ནས་ཚེ་འཕོས་ལུས་བརྗེས་བསྐྱར་གསོན་བྱས་པའི་ཆིང་ཁྲོན་གསར་པར་ལྟ་བར་ཡོང་བར་གདན་འདྲེན་བྱས། ལིའུ་ཙི་ཆང་གིས་བཤད་རྒྱུར། རང་ཉིད་དང་ཆིང་ཁྲོན་བར་ཐུན་མོང་མ་ཡིན་པའི་ལས་དབང་ཞིག་ཡོད་དེ། རང་ཉིད་ཀྱི་རུས་མིང་དུ “ཙི་ཆང་སྟེ། རང་སྟོབས་ཞེས་པ”ཡོད་ཅིང་། དེས་ཆིང་ཁྲོན་གནོད་ཐེབས་མི་དམངས་ཀྱི་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་མཚོན་པ་རེད། 

རི་མོ་འདི་ནི་བདེ་སྐྱིད་གླིང་ཕྲན་རེད། 
            དེང་སྐབས། བསྐྱར་གསོན་བྱུང་བའི་ཆིང་ཁྲོན་གྱིས “མི་གཙོ་བོར་བཟུང་བ་དང་། སྣོད་བཅུད་ལ་བརྟེན་ནས་རྫོང་འཛུགས་སྐྲུན་དང་། ལྗང་མདོག་གོང་འཕེལ་དང་དམངས་ཕྱུག་རྫོང་དར”གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ནུས་ཤུགས་ཆེན་པོས་སྐྱེ་ཁམས་ཀྱི་ཡུལ་སྐོར་དར་སྤེལ་དང་། གྲོང་སྡེའི་དྲ་ཐོག་ཚོང་དོན་ཁྱབ་སྤེལ་བྱས་ནས་ཆིང་ཁྲོན་གྱི་སྔོ་ལྗང་རི་ཀླུང་དེ་གསེར་རི་དངུལ་རིར་བསྒྱུར་རྒྱུ་དང་། ཆིང་ཁྲོན་གྱི “མཛེས་སྡུག་ལྡན་པའི་ཐོན་ཁུངས”དེ “མཛེས་སྡུག་གི་དཔལ་འབྱོར”དུ་བསྒྱུར་ཏེ་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། 

པར་རིས་འདི་ནི་བདེ་སྐྱིད་གླིང་ཕྲན་རེད། པར་རིས་ཀྱི་ཡོང་ཁུངས། ཆིང་ཁྲོན་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་རེད། 
            ཆིང་ཁྲོན་རྫོང་པའེ་ལུང་ཧུའུ་མཚེའུ་རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་བདེ་སྐྱིད་གླིང་ཕྲན་ནི་སྔར“ཆུས་བསྐོར་བའི་ཁེར་ཆགས་གླིང་ཕྲན”ཞིག་ཡིན་ཞིང་།  2014ལོར་ཟམ་པ་བསྐྲུན་རྗེས། ཕྱོགས་གསུམ་ཆུས་བསྐོར་བ་དང་། ཕྱོགས་གཅིག་རིས་བསྐོར་བའི “དག་པའི་ཞིང་ཁམས”འདི་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་གི་མཐོང་བྱར་གྱུར། 

པར་རིས་འདི་ནི་བདེ་སྐྱིད་གླིང་ཕྲན་གྱི་ཡུལ་སྐོར་སྤྲོ་གསེང་ཁུལ་རེད། 

པར་རིས་འདི་ནི་བདེ་སྐྱིད་གླིང་ཕྲན་གྱི་ཡུལ་སྐོར་སྤྲོ་གསེང་ཁུལ་རེད། 

ད་ལྟའི་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས་། ཁྲི་ཆིང་ཧྭ་དགའ་ནས་ཁ་ཡང་བཙུམ་མི་ཐུབ་པར་གྱུར། 
            ད་ཆ་གླིང་ཕྲན་སྟེང་ཞིང་པའི་སྤྲོ་སྐྱིད་ཁང60 ལྷག་ཙམ་ཡོད་ཅིང་། པའེ་ཧྥུའུ་ཐང་ཆེན་དང་། ཉ་འཛིན་སྟེགས་བུ། སྐྱིད་འཇུག་སྟེགས་བུ་དང་། ཉ་ཤ་བསྲེགས་མའི་ཐང་ཆེན། ཡུལ་སྲོལ་གོམས་སྲོལ་སྲང་གཅིག་དང་། ལྟ་སྐོར་ཁྲོམ་སྲང་སོགས་ཀྱི་ཡུལ་སྐོར་ལྗོངས་རྒྱུའི་གནས་བསྐྲུན་ཡོད། ཕ་ཡུལ་དུ་ལོག་ནས་བདེ་སྐྱིད་གླིང་ཕྲན་དུ་ལས་གཏོད་གནང་བའི་ཕོ་གསར་ཁྲི་ཆིང་ཧྭས་གསར་འགོད་པར་བརྗོད་རྒྱུར། གླིང་ཕྲན་དུ་ཡུལ་སྐོར་ལྗོངས་རྒྱུ་ཁུལ་བཙུགས་པ་ནས་བཟུང་། བདེ་སྐྱིད་གྲོང་ཚོའི་གྲོང་མིའི་སྤུས་ཚད་ཇེ་མཐོར་ཆེན་པོ་སོང་ཞིང་། མི་དམངས་ཀྱང་ཕྱུག་པོར་གྱུར་ཡོད་ཅེས་བཤད། ད་སྐབས་ཁྲི་ཆིང་ཧྭའི་ཞིང་པའི་སྤྲོ་སྐྱིད་ཁང་དུ་འགྲུལ་ཁང་གྱན་བཅུ་གཅིག་ཡོད་ཅིང་། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ཉི་ཤུ་ནས་སུམ་ཅུ་ཡོད། 

པར་རིས་འདི་ནི་དྲ་ཐོག་ཚོང་དོན་བུ་མོ་ཀྲའོ་ཧེ་ལིན་གྱིས་རང་བརྟེན་གསར་གཏོད་བྱས་པའི་སྤུས་རྟགས “ཧེ་ལིན་རི་ཁྲོད”རེད། 
            ཆིང་ཁྲོན་གྱིས་ད་རུང་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཆིང་ཁྲོན་གྱི་སྤུས་ལེགས་པའི་ལྗང་མདོག་ཐོན་རྫས་རི་བོའི་ཕ་མཐའ་བརྒལ་བར་བཅུག་སྟེ་དྲ་ཐོག་ཚོང་དོན་སྟེགས་བུ་མང་པོ་ཚུར་བཀུགས་ཏེ། ཆིང་ཁྲོན་གྱི་ཞིང་པའི་ཐོན་རྫས “གསོས་པ་ལེགས་ཀྱང་མིས་མི་ཤེས”པའི་ལོ་རྒྱུས་ཀྱི་མཇུག་སྒྲིལ་ཞིང་།  2016ལོར། ཆིང་ཁྲོན་ལ “སི་ཁྲོན་དྲ་ཐོག་ཚོང་དོན་ཆེ་གྲས་བཅུའི་རྫོང”གི་མཚན་སྙན་འཐོབ། 

པར་རིས་འདི་ནི་དྲན་གསོའི་རིག་གནས་གྱང་ངོས་ཡིན་ཏེ། དེ་ནི་ལག་ཟུང་གཅིག་གིས་བཏེགས་པའི་སྒེར་སེམས་མེད་པའི་བརྩེ་བ་རེད། པར་རིས་ཀྱི་ཡོང་ཁུངས། ཆིང་ཁྲོན་དྲ་འཕྲིན་གཞུང་དོན་ཁང་། 
            རིག་གནས་འཛུགས་སྐྲུན་གྱི་ཐད་ནས། ཆིང་ཁྲོན་གྱིས་དྲན་གསོའི་རིག་གནས་གསོ་སྐྱོང་ཐད་དམིགས་བསལ་གྱི་གཙིགས་མཐོང་བྱེད་དེ། མཁར་ཁུལ་གྱི་དྲན་གསོའི་རིག་གནས་ཀྱི་གྱང་ངོས་སུ་ཀྲེ་ཅང་མི་དམངས་ཀྱི་རོགས་སྐྲུན་མཛད་རྗེས་དང་ཆིང་ཁྲོན་མི་དམངས་ཀྱི་སྟོབས་སྐྱེད་ལྷོད་མེད་ཀྱི་སྙིང་སྟོབས་བྲིས་ཡོད་པ་རེད། 

པར་རིས་འདི་ནི་ལིའུ་ཙི་ཆང་གིས་གསར་འགོད་པར་ཆིང་ཁྲོན་གྱི་མཛེས་སྡུག་ལྡན་པའི་དཔེ་རིས་འབྲི་བཞིན་པའི་རྣམ་པ་རེད། 
            ལིའུ་ཙི་ཆང་གིས་ཆིང་ཁྲོན་གྱི་མ་འོངས་པའི་འཆར་གཞིའི་བཟོ་བཀོད་གླེང་དུས།   “ང་ཚོར་དམིགས་ཡུལ་གཅིག་ལས་མེད་དེ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད། ལོ་ངོ་འདི་འདྲ་མང་པོའི་འབད་བརྩོན་བྱས་པ་བརྒྱུད། ཆིང་ཁྲོན་གྱི་ཕྱོགས་སོ་སོའི་ཐད་འཕེལ་རྒྱས་ཡུན་རིང་བྱུང་ཞིང་། ང་ཚོར་ཆིང་ཁྲོན་གྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་གསུངས་སོ། །