ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལོ་བཅུའི་རིང་རང་རྒྱལ་གྱི་གསོ་རིག་གི་མྱུར་སྐྱོབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།

སྤེལ་དུས 2018-05-15 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
              མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་ནི་དབུན་ཁྲོན་ས་ཡོམ་བརྒྱབ་ནས་ལོ་བཅུ་འཁོར་བའི་ཉིན་མོ་ཡིན་ལ་རྒྱལ་ཡོངས་ཀྱི་མེ་སྐྱོན་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཉིན་མོ་ཨང་བཅུ་པ་དེའང་ཡིན། རིགས་གཅིག་མཁས་ཅན་གྱིས་ལོ་བཅུའི་རིང་རང་རྒྱལ་གྱི་གསོ་རིག་གི་མྱུར་སྐྱོབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་མོད། འོན་ཀྱང་ཆེད་ལས་མྱུར་སྐྱོབ་དཔུང་ཁག་འཛུགས་སྐྱོང་དང་། རིམ་པ་མང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་། གེགས་རྗེས་སེམས་ཁམས་སླར་གསོ་སོགས་ཐད་ཀྱི་ནུས་པ་སྔར་བཞིན་ཆེ་རུ་གཏོང་དགོས་ཀྱི་ཡོད་ཅེས་བཤད་པ་རེད།
              དབུན་ཁྲོན་ས་ཡོམ་སོགས་ཀྱི་གནོད་འཚེ་ཚབས་ཆེན་གྱི་རོགས་སྐྱོབ་དངོས་འཐབ་བརྒྱུད་ད་ཕན་ལོ་ཤས་རིང་རང་རྒྱལ་གྱི་གསོ་རིག་གི་མྱུར་སྐྱོབ་ནུས་པ་འཛུགས་སྐྱོང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལའེ་ཅན་གྱིས་གོང་ཚེས་ཉིན་སྨན་ཁང་དོ་དམ་དང་སྤྱི་ཚོགས་འགན་འཁྲིའི་མི་བརྒྱའི་གླེང་སྟེགས་སྐབས་དང་པོའི་ཐོག་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གིས་སྣེ་ཁྲིད་ནས་གྲབས་འཛུགས་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག(སི་ཁྲོན)གིས་ཉིན་ཤས་གོང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བདེན་དཔང་ར་སྤྲོད་བརྒྱུད་རྒྱལ་ཡོངས་ཀྱི་ཨང་དང་པོ་དང་གོ་ལ་ཧྲིལ་པོའི་ཨང་གཉིས་པའི་རྒྱལ་སྤྱིའི་རིམ་པ་མཐོ་ཤོས་ཀྱི་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
              རྒྱུན་གཏན་གྱི་སྨན་བཅོས་རོགས་སྐྱོབ་དང་མི་འདྲ་བར་གསོ་རིག་གི་མྱུར་སྐྱོབ་ལ་ལས་བགོས་ཁ་གསལ་དང་། བཀོད་འདོམས་གོ་རིམ་དང་ལྡན་པ། ཁོའོ་མང་མཉམ་སྒུལ་སོགས་ཐད་དེ་བས་མཐོ་བའི་བླང་བྱ་བཏོན་ཡོད། རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་གི་གསོ་རིག་གི་མྱུར་སྐྱོབ་བཀོད་འདོམས་མཐུན་སྦྱོར་ལམ་སྲོལ་དང་། རྒྱལ་ཡོངས་ཀྱི་ས་ཁོངས་བཀོད་པའི་ཆེད་ལས་ཅན་གྱི་གསོ་རིག་མྱུར་སྐྱོབ་དྲ་རྒྱ། ཆེད་ལས་ཤེས་ལྡན་མི་སྣའི་གསོ་སྦྱོང་དང་རིག་ཚན་འཛུགས་སྐྱོང་སོགས་ཐད་རང་རྒྱལ་གྱིས་ད་དུང་ལས་དོན་མི་ཉུང་བ་ཞིག་སྒྲུབ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
              ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་མཁལ་མའི་ཁོང་ནད་ཚན་ཁག་གི་སྨན་པ་དཀའ་བཅུ་པའི་ཡན་ལན་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཤང་མའེ་ཡིས་ས་གནས་ས་ཐོག་གི་རོགས་སྐྱོབ་དང་། ནད་པའི་ནད་གཞི་དབྱེ་འབྱེད། རྒྱབ་ཕྱོགས་ཀྱི་ནད་པ་ཚབས་ཆེན་མྱུར་སྐྱོབ་བཅས་ལ་རིག་ཚན་མང་པོ་མཉམ་འབྲེལ་དང་། ཤེས་བྱའི་གྲུབ་ཆ་ལུགས་མཐུན། ཚོགས་པའི་ལེགས་ཆ་མངོན་གསལ་དོད་པ་བཅས་ཀྱི་ཆེད་ལས་མྱུར་སྐྱོབ་དཔུང་ཁག་ཅིག་གཏོད་དགོས་པའི་གྲོས་འགོ་བཏོན་ཡོད། ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཀྲུང་གིས་ཕྱོགས་བསྡུས་སྨན་ཁང་གི་མྱུར་སྐྱོབ་ཁོའོ་ཡི་སྨན་པའི་ཕྱོགས་བསྡུས་རོགས་སྐྱོབ་ཀྱི་འཇོན་ཐང་ལ་སྣང་ཆུང་མི་བྱེད་པར་ཁོང་ཚོའི་གནོད་འཚེའི་རོགས་སྐྱོབ་ཀྱི་ཆེད་ལས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
              “གནོད་འཚེར་སྣ་མང་རང་བཞིན་དང་། དམིགས་བསལ་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལྡན་པས་མྱུར་སྐྱོབ་ལས་དོན་ཡག་པོ་བསྒྲུབ་པའི་ལྟེ་བ་ནི་གནོད་འཚེའི་གསོ་རིག་རིག་ཚན་འཛུགས་སྐྱོང་བྱེད་དགོས་པ་དེ་ཡིན། ཧྭ་ཤིས་སྨན་ཁང་གིས་གནོད་འཚེའི་གསོ་རིག་རིག་ཚན་འཚོལ་ཞིབ་བྱས་ཏེ་བཙུགས་ནས་རིག་ཚན་འཕེལ་རྒྱས་ཀྱི་ཁ་ཕྱོགས་དྲུག་གཏན་འཁེལ་བྱས་པ་མ་ཟད། ཆེད་ལས་ཀྱི་གསོ་རིག་མྱུར་སྐྱོབ་མི་སྣ་དང་། སྤྱིར་བཏང་སྨན་དོན་མི་སྣ། ཆེད་ལས་མིན་པའི་མི་སྣ་སོགས་གཞིར་བཟུང་རིམ་པ་དབྱེ་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས”ཞེས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་ཡོན་ཀྲང་ལི་ཝུའེ་མིན་གྱིས་ངོ་སྤྲོད་བྱས་པ་རེད།
              གེགས་རྗེས་བསྐྱར་སྐྲུན་བྱེད་རིང་། སེམས་ཀྱི་སྡུག་བསལ་སྣང་མེད་དུ་གཏོང་སྲིད་ལ་དེའི་ཤུགས་རྐྱེན་ངན་པ་ཡང་ལོ་མང་པོ་གནས་ཀྱི་ཡོད། སི་ཁྲོན་ཞིང་ཆེན་བསམ་བློ་འཕྲོད་བསྟེན་གྱི་ཀྲུའུ་རེན་གཞོན་པ་ཧོང་གོ་ཕིང་གིས་གེགས་རྗེས་གསོ་རིག་རོགས་སྐྱོབ་ཀྱི་སྐུད་མེད་མཐའ་སྣེའི་ལས་སྟེགས་གསར་སྤེལ་བྱས་ཏེ་ཆ་འཕྲིན་དང་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་ཐུབ་པ་བྱེད་དགོས། གནོད་འཚེའི་དབང་གིས་སེམས་ལ་སྡུག་བསྔལ་བཟོས་པ་དང་སེམས་ནད་ཕོག་མཁན་དེ་མཚུངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ནང་བཅུག་ནས་གཡོག་བྱེད་དང་སྨན་བཅོས་བྱས་ཏེ་རྒྱུན་མཐུད་རྗེས་སྙེག་ཞབས་ཞུ་དང་ཆ་འཕྲིན་བརྗེ་རེས་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།