ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་མཇུག་འགྲིལ་བ།

སྤེལ་དུས 2018-05-17 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
བོད་ལྗོངས་ཀྱི་རྟ་རྩལ་རུ་ཁག་ལ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཐོབ་པ།
                  ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། 2018ལོའི་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཉིན་ཤས་གོང་མཇུག་འགྲིལ་ཞིང་། བོད་ལྗོངས་ཀྱི་རུ་ཁག་གིས་མཐའ་མཇུག་ཉིན་གྱི་འགྲན་རའི་འགག་སྒྲོལ་འགྲན་བསྡུར་སྐབས་སུ་རྟ་རྩལ་ཡག་པོ་བཏོན་ནས་ཀོང་ཏུང་རུ་ཁག་དང་ཅང་སུའུ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཚོགས་པའི་ཨང་དང་པོ་བླངས་པ་དང་། ཀོང་ཏུང་རུ་ཁག་གི་རྟ་པ་ཆའོ་ལུན་པཱ་ཐེར་ལ་མི་སྒེར་གྱི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།
                  རྟ་རྩལ་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ནི་མི་རྟ་ཆ་སྒྲིག་གིས་གཟབ་མཆོར་འགྲོས་རྩལ་དང་། བྱེས་བགྲོད་འགག་སྒྲོལ། འགྲན་རའི་འགག་སྒྲོལ་བཅས་བྱེད་དགོས་པ་དང་། ཚོགས་པའི་འགྲན་བསྡུར་རིང་། གོང་གི་ཉིན་གཉིས་ཀྱི་གཟབ་མཆོར་འགྲོས་རྩལ་དང་བྱེས་བགྲོད་འགག་སྒྲོལ་འགྲན་བསྡུར་བྱས་རྗེས། ཀོང་ཏུང་རུ་ཁག་ལ་བསྡོམས་ཉེས་ཆད་སྐར་མ་104.30བཏང་ནའང་སྔར་བཞིན་ཨང་དང་པོར་གནས་པ་དང་། བོད་ཀྱི་རུ་ཁག་ཀོང་ཏུང་རུ་ཁག་ལས་ཧེ་བག་སྐར་མ་6.10ཤོར་ནས་ཨང་གསུམ་པར་སླེབས་ཡོད། ཡིན་ནའང་ཚེས་13ཉིན་གྱི་འགྲན་རའི་འགག་སྒྲོལ་འགྲན་བསྡུར་ལ་བོད་ཀྱི་རུ་ཁག་གི་མི་རྟ་ཆ་སྒྲིག་བཞིས་རྟ་རྩལ་ཡག་པོ་བཏོན་ཏེ་ཉེས་ཆད་སྐར་མ་གཅིག་ཀྱང་མ་འཁེལ་བར་འགྲན་བསྡུར་ལེགས་སྒྲུབ་བྱས་པ་དང་། ཀོང་ཏུང་རུ་ཁག་གི་མི་རྟ་ཆ་སྒྲིག་གསུམ་ལ་ཉེས་ཆད་སྐར་མ་འཁེལ་མཐར། བོད་ལྗོངས་ཀྱི་རུ་ཁག་ལ་བསྡོམས་ཉེས་ཆད་སྐར་མ་110.40གྱིས་ཨང་དང་པོར་སླེབས་པ་དང་། ཀོང་ཏུང་རུ་ཁག་ལ་བསྡོམས་ཉེས་ཆད་སྐར་མ་117.20གྱིས་ཚོགས་པའི་འགྲན་བསྡུར་གྱི་ཨང་གཉིས་པར་སླེབས་ཤིང་། ཅང་སུའུ་རུ་ཁག་དང་ཧྲང་ཧའེ་རུ་ཁག་སོ་སོར་ཨང་གསུམ་པ་དང་བཞི་པ་ཐོབ་ཡོད།