གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་གིས་མཚོ་རྒྱུད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་པའི་ཆོད་སེམས་འདི་ང་ལ་ནམ་རྒྱུན་ཡོད་ཅེས་གསུངས།

སྤེལ་དུས 2018-06-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
ཞི་ཅིན་ཕིང་གིས་མཚོ་རྒྱུད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་པའི་ཆོད་སེམས་འདི་ང་ལ་ནམ་རྒྱུན་ཡོད་ཅེས་གསུངས།
             ཞི་ཅིན་ཕིང་ལགས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆིང་ཏའོ་དབུ་འཛིན་གྲོས་ཚོགས་སྟེང་ཞུགས་རྗེས་སུ་ཧྲན་ཏུང་ལ་རྟོག་ཞིབ་བྱེད་དུ་ཕེབས། ཚེས༡༢ཉིན་གྱི་སྔ་དྲོར། ཁོང་ཐོག་མར་ཆིང་ཏའོ་རྒྱ་མཚོའི་ཚན་རིག་དང་ལག་རྩལ་ཚོད་ལྟ་བྱེད་གནས་རྒྱལ་ཁབ་ཉམས་ཞིབ་ཁང་དུ་ཕེབས་ནས་ཉམས་ཞིབ་ཁང་གིས་སྔོན་གྲས་ཚན་རིག་གལ་ཆེན་གྱི་ཞིབ་འཇུག་གནད་དོན་དང་། མ་ལག་བཀོད་ཁྱབ།  རང་བདག་ཞིབ་འཇུག་དང་གསར་གཏོད་བྱས་པའི་རྒྱ་མཚོའི་དམག་ཆས་རྩེ་གྲ། རྒྱ་མཚོ་ཆེན་མོའི་དམག་དམངས་མཉམ་བསྲེས་ལ་སྐུལ་འདེད་བྱེད་པ་ལ་སོགས་ཀྱི་གནས་ཚུལ་ལ་རྒྱུན་ལོན་བྱས། ཉམས་ཞིབ་ཁང་ནས་ཁ་བྲལ་དུས་ཚན་ཞིབ་མི་སྣ་རྣམས་གཅིག་རྗེས་གཉིས་འཕྲོར་ཁོང་ཉིད་ཀྱི་མཐར་བསྐོར་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་བྱས། ཞི་ཅིན་ཕིང་གིས་འདི་སྐད། མཚོ་རྒྱུད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་པའི་ཆོད་སེམས་དེ་ང་ལ་ནམ་ཡང་ཡོད། མཚོ་རྒྱུད་ཀྱི་དཔལ་འབྱོར་དང་ཚན་ཞིབ་གོང་སྤེལ་ནི་རང་རེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྐུལ་སྤེལ་བྱེད་པའི་ཕྱོགས་ཤིན་ཏུ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས།  གནད་འགག་གི་ལག་རྩལ་ང་ཚོས་རང་བདག་གིས་གསར་གཏོད་བྱས་ན་མཚོ་རྒྱུད་དཔལ་འབྱོར་གྱི་འཕེལ་རྒྱས་མདུན་ལམ་འོད་སྟོང་གིས་ཁྱབ་ངེས་ཞེས་གསུངས་པ་མ་ཟད། ཚང་མས་འབད་པ་ལྷོད་མེད་ཀྱིས་གྲུབ་འབྲས་འོད་སྟོང་འབར་བ་བླངས་ནས་མེས་རྒྱལ་དང་མི་རིགས་ལ་ལེགས་རྗེས་གསར་པ་འཇོག་དགོས་ཞེས་སྐུལ་མ་བཏང་བྱུང་།

སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོའི“སྨན་མཛོད་སྔོན་པོ”བཟོ་རྒྱུ་ནི་ང་ཚོ་ཐུན་མོང་གི་ཕུགས་འདུན་ཡིན་ཟེར། 
           ཞི་ཅིན་ཕིང་གིས་ཆིང་ཏའོ་མཚོ་རྒྱུད་ཚན་རིག་དང་ལག་རྩལ་ཚོད་ལྟ་བྱེད་གནས་རྒྱལ་ཁབ་ཉམས་ཞིབ་ཁང་ནས་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཀུན་ཧྭ་ཧྲི་ཡིས་མཚོ་རྒྱུད་སྨན་རྫས་གསར་སྤེལ་གནས་ཚུལ་སྐོར་གྱི་མཚམས་སྦྱོར་ལ་ཉན།  ཞི་ཅིན་ཕིང་གིས་འདི་སྐད།  མཚོ་རྒྱུད་དཔལ་འབྱོར་དང་མཚོ་རྒྱུད་ཚན་རྩལ་ནི་འབྱུང་འགྱུར་གྱི་འགག་གཏོར་ལས་ཀའི་ཁ་ཕྱོགས་གཙོ་བོ་ཡིན།  ང་ཚོས་སྐམ་ས་ནས་མཚོ་ཁོངས་དབར་གྱི་མི་ཤེས་པའི་ཁྱབ་ཁོངས་སུ་མི་མངོན་གྱི་སྟོབས་ཤུགས་ཆེན་པོ་ལྡན་ཟེར།  ཀུན་ཧྭ་ཧྲི་ཡིས་འདི་སྐད། རང་ཉིད་ཀྱི་ཕུགས་བསམ་ནི་ཏག་ཏག་ཀྲུང་གོའི་“སྨན་མཛོད་སྔོན་པོ”འཛུགས་རྒྱུ་དེ་ཡིན་ཟེར།  སྤྱི་ཁྱབ་ཧྲུའུ་ཅིས་ཁོ་ལ་དེ་ནི་ང་ཚོ་ཐུན་མོང་གི་ཕུགས་འདུན་ཡིན་ཞེས་ཟེར། 

ཞི་ཅིན་ཕིང་སྡོད་ཁུལ་གྱི་གསོལ་ཁང་དུ་ཕེབས་ནས་དམངས་ཚིས་ཐད་ལ་རྒྱུས་ལོན་བྱས་པ། 
           ཚེས༡༢ཉིན་གྱི་སྔ་དྲོར། ཧྲན་ཏུང་དུ་རྟོག་ཞིབ་བྱེད་བཞིན་པའི་ཞི་ཅིན་ཕིང་ལགས་ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཁུལ་ཧྲི་ཡུན་སྲང་ལམ་དུ་ཡོད་པའི་ལིའུ་ཅ་ཡོན་སྡོད་ཁུལ་དུ་ཕེབས་ཤིང་།  ཉིན་གོང་སླེབས་མཚམས་སུ་སྡོད་ཁུལ་གྱི་དམངས་ཕན་གསོལ་ཁང་ནས་ཟས་རིགས་ཀྱི་དྲི་ཞིམ་འཐུལ་འོང་།  སྤྱི་ཁྱབ་ཧྲུའུ་ཅི་གསོལ་ཁང་དེར་ཕེབས་ཤིང་། ཟས་ལ་རོལ་བཞིན་པའི་སྡོད་དམངས་རྣམས་གཅིག་རྗེས་གཅིག་འཕྲོར་ཡར་ལངས་ནས་དགའ་སྤྲོ་ཚད་མེད་ཀྱིས་མཐེབ་མོ་སྡེབ་ཞོར་ཁོང་གི་མཐའ་ལ་རུབ་བྱུང་།  སྤྱི་ཁྱབ་ཧྲུའུ་ཅིས་ཚང་མར་ཕྱག་འཇུ་གནང་ཞོར་དུ་ཟས་ཀྱི་བཟང་ངན་དང་། རིན་གོང་བདེ་བོ་ཡིན་མིན་སྐོར་དྲིས་བྱུང་བ་མ་ཟད། ཟས་ཅོག་གམ་དུ་བསྐྱོད་དེ་ལུས་པོ་སྒུར་སྒུར་གྱིས་ཞིབ་ལྟ་བྱེད་པ་དང་།  ཕྱིར་ཚོང་སྒེའུ་ཁུང་དུ་ཕེབས་ནས་ཟས་སྣ་གང་འཛོམས་ལ་ཞིབ་ལྟ་བྱས། ཁོང་གིས་འདི་སྐད། ཚང་མ་ཟས་བཅུད་འཛོམས་ཤིང་།འཕྲོད་བསྟེན་ཡང་ཡག་ལ་བཟོས་པ་ཡང་ཧ་ཅང་ལགས་ཞེས་ཐག་ཆོད་པས་ཟེར།



ཞི་ཅིན་ཕིང་ལགས་གྲུར་བསྡད་དེ་ཝེ་ཧའེ་མཚོའི་མཚོ་ཁུག་དུ་ཡོད་པའི་ལིའུ་ཀོང་གླིང་ཕྲན་དུ་རྟོག་ཞིབ་ཕེབས་པ། 
           ཚེས༡༢ཉིན་གྱི་ཕྱིའི་དྲོར། ཞི་ཅིན་ཕིང་ལགས་ཆིང་ཏའོ་ནས་ཁ་བྲལ་ཏེ་མེ་འཁོར་བསྡད་ནས་ཝེ་ཧའེ་མཚོ་རུ་བསྐྱོད་པ་དང་། མཚོ་དེའི་གྲུ་ཁ་ནས་གྲུར་བསྡད་དེ་ཅའོ་ཏུང་(ཝེ་ཧའེ)ཡི་ཏང་གཤིས་སློབ་གསོ་རྟེན་གཞི་ལིའུ་ཀོང་གླིང་ཕྲན་གྱི་སློབ་འཁྲིད་ཁུལ་དུ་ཕེབས།  པེ་དབྱང་མཚོ་དམག་གི་མེ་སྒྱོགས་སྟེགས་ཤུལ་དང་། ཅ་ཝུའུ་དམག་འཁྲུག་གམ་ཤིང་རྟ་ལོའི་དམག་འཁྲུག་གི་དངོས་མང་བཤམས་སྟོན་ཁང་བཅས་ལོ་རྒྱུས་ཀྱི་ཟིལ་ཤུགས་བསྣམས་པའི་སྒོ་ཆེན་དེ་དལ་གྱིས་ཕྱེས་ནས་དམག་འཁྲུག་གི་ཉེན་བརྡས་ཕྱེས་པའི་བློ་སྒོ་ཉམས་བཞེས་གནང་།  ཞི་ཅི་ཕིང་གིས་འདི་སྐད།  ང་འདིར་ཡོང་ནས་མྱོང་ཚོར་དང་སློབ་གསོ་མྱོང་འདོད་ཀྱི་བློ་སྔ་མོ་ཞིག་ནས་ཡོད། ཉེན་བརྡ་རྒྱུན་སྒྲོག་དང་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་ཉར་ནས་མི་འབོར་དུང་ཕྱུར༡༣ལྷག་ཡོད་པའི་ཀྲུང་གོ་བས་ཧུར་བསྐྱེད་ཆེན་པོ་བྱེད་དགོས་ཞེས་ཟེར།