གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱིས་5Gབཀོད་སྒྲིག་དང་འོད་གློག་ཀུན་འཛོམས་དྲ་རྒྱ་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུ་ཡིན་པ།

སྤེལ་དུས 2018-10-08 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཉེ་ཆར་གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། བཟོ་འཕྲིན་པུས་5Gབཀོད་སྒྲིག་དང་འོད་གློག་ཀུན་འཛོམས་དྲ་རྒྱ་འཛུགས་སྐྲུན་མགྱོགས་པོ་བྱས་ནས་གྲངས་གཞིའི་དཔལ་འབྱོར་གྱི་ལྟེ་བའི་འགྲན་རྩོད་འཇོན་ཐང་ཆེ་རུ་གཏོང་རྒྱུ་རེད།
           5Gརབས་གསར་པའི་ཆ་འཕྲིན་ཀུན་སྤྱོད་ལག་རྩལ་གྱི་མཚོན་བྱེད་ཀྱི་ངོས་ནས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། 5Gདུས་མཚམས་གསུམ་པའི་ཞིབ་སྤེལ་ཚོད་ལྟ་དང་མ་ལག་གི་ཞིབ་དཔྱད་ར་སྤྲོད་དམ་ཡང་ན་དེ་མཚུངས་ཀྱི་ཚད་གཞིའི་ཞིབ་སྤེལ་དང་གསར་གཏོད་བེད་སྤྱོད་ཀྱི་ཁྱབ་གདལ་གང་ཞིག་བྱས་ཀྱང་། ཉེ་དུས་རང་རྒྱལ་གྱིས་5Gཡི་བཀོད་པ་གང་མགྱོགས་འགྲེམས་སྤེལ་བྱ་རྒྱུ་རེད། སྣེ་འདྲེན་ཁེ་ལས་འགའ་ཤས་ལའང་5Gལག་རྩལ་དང་བེད་སྤྱོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
           ཡུན་རིང་མ་སོང་གོང་། ཧྭ་ཝུའེ་ཡིས་3GPPR15རྒྱལ་སྤྱིའི་ཚད་གཞི་གཞིར་བཟུང་བའི་5Gརང་ཚུགས་མིན་པའི་དྲ་རྒྱའི་ཟུང་འབྲེལ་ཚོད་ལྟ་དང་རང་ཚུགས་ཀྱི་དྲ་རྒྱའི་ཟུང་འབྲེལ་ནུས་པའི་ཚོད་ལྟ་ལེགས་སྒྲུབ་བྱུང་བའི་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག 5Gཚོང་སྤྱོད་རྣམ་པའི་ཁྲོད་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་ཐོན་རྫས་ཀྱི་ཚོང་སྤྱོད་གནད་སྨིན་བྱུང་ཚད་ཞིབ་དཔྱད་ར་སྤྲོད་བྱས་ཡོད།
           ཉེ་ཆར་པེ་ཅིང་དུ་འཚོགས་པའི་ལན་ཞང་གསར་གཏོད་ཚན་རྩལ་ཚོགས་ཆེན་སྐབས་བཞི་པའི་ཐོག་ལན་ཞང་ཀུང་སིས་5Gབར་རིམ་སྤོར་ཐུབ་པའི་ལག་ཐོགས་ཁ་པར་ཞིག་བཏོན་ཡོད། 5Gཡི་གླེང་མང་བའི་དཔེ་དུམ་དང་སྦྲེལ་མཐུད་ཐུབ་པ་ཞིག་ཡིན་པའི་ངོས་ནས། “ལན་ཞང་5Gཀུན་སྤྱོད”2019ལོའི་ལོ་འགོར་ཁྲོམ་རར་འདོན་རྒྱུ་རེད།
           5Gརང་ངོས་ཀྱི་ལག་རྩལ་ཞིབ་སྤེལ་དང་བེད་སྤྱོད་བཀོད་སྒྲིག་ཕུད། 4Gདང་མཉམ་དུ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་དེས་ཀྱང་ཐོན་ལས་འཕེལ་རྒྱས་གཏོང་བར་གོ་སྐབས་གསོག་འཇོག་བྱས་ཡོད། བཟོ་འཕྲིན་པུས་4Gདང་5Gམཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆ་ཚང་བའི་ཐོན་ལས་སྦྲེལ་ཐག་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། གོ་ལ་ཧྲིལ་པོའི་5Gདང་མཉམ་ལས་གཏིང་ཟབ་བྱས་ཏེ་སྒོ་དབྱེ་མཉམ་འདྲེས་ཀྱི་5Gཐོན་ལས་སྣོད་བཅུད་ཐུན་མོང་ཐོག་བཏོད་དེ་5Gབེད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་དགོས་ཞེས་བཏོན་ཡོད།