གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཕྱི་རྒྱལ་དུ་སྤེལ་བའི་གྲོས་མཐུན་འདིར་ཅི་ཞིག་བརྗོད་ཡོད་དམ།

སྤེལ་དུས 2018-10-10 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་9 ཚེས་29 ཉིན། པེ་ཅིན་བོད་ལུགས་གསོ་རིག་སྨན་ཁང་གིས་ཨ་ཀྲུང་དཔལ་འབྱོར་ཚོང་དོན་རིག་གནས་ཐེབས་རྩ་ཚོགས་པ་དང་《མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་》ལ་མིང་རྟགས་བཀོད་ཡོད།
          གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་མཁན་སུ་ཡོད་དམ།
          གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་མཁན་ལ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་དབྱིང་ཧྭ་དང་། ཨ་ཀྲུང་དཔལ་འབྱོར་ཚོང་དོན་རིག་གནས་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཧུའུ་ཡན་ཆིའུ། ཨ་ཀྲུང་དཔལ་འབྱོར་ཚོང་དོན་རིག་གནས་ཐེབས་རྩ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་སྐུ་ཞབས་སི་ཏེ་ཝུན།(STEVEN) ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིན་བོད་ལུགས་གསོ་རིག་སྨན་ཁང་གི་ཧྲུའུ་ཅི་ཀྲུའུ་ཡ་ཁྲུན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་ལས་སྒོའི་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཏེ་ཁྲེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིན་བོད་ལུགས་གསོ་རིག་སྨན་ཁང་གི་ཡོན་ཀྲང་ལས་ཚབ་སྒྲོལ་དཀར་སྐྱབས་སོགས་ཡོད།
          ཨ་ཀྲུང་དཔལ་འབྱོར་ཚོང་དོན་རིག་གནས་ཐེབས་རྩ་ཚོགས་པ་ནི་ལས་ཁུངས་གང་འདྲ་ཞིག་ཡིན་ནམ།    
          ཨ་ཀྲུང་དཔལ་འབྱོར་ཚོང་དོན་རིག་གནས་ཐེབས་རྩ་ཚོགས་པ་ནི་ཨ་རིའི་ཁཱ་ལི་ཧྥོ་ནི་ཡ་མངའ་སྡེའི་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཞིག་དང་། དེས་ཀྲུང་ཨའི་བར་གྱི་མཛའ་བརྩེ་དང་ཞི་བདེར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་བར་གྱི་རིག་གནས་དང་སློབ་གསོའི་ཁྱབ་ཁོངས་ནང་སྤེལ་རེས་བྱས་ཏེ། ཕྱོགས་མང་པོའི་ཐད་ནས་རྒྱ་ཆེ་ཞིང་མཛའ་མཐུན་གྱི་མཉམ་ལས་སྤེལ་བར་དམིགས་པ་ཞིག་རེད། རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས“ནང་དུ་གདན་འདྲེན་པ་དང་ཕྱིར་བསྐྱོད་པའི”བྱེད་ཕྱོགས་ཀྱི་མཛུབ་སྟོན་འོག 2016ལོ་ནས་བཟུང་། ཕྱོགས་གཉིས་པོའི་མཁས་དབང་ཕན་ཚུན་འགྲོ་འོང་བྱེད་པ་དང་། གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨནརིག་གནས་ཁྱབ་གདལ་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད།
          མཉམ་ལས་གྲོས་མཐུན་གྱི་ནང་དོན་གང་དག་ཡོད་དམ།
          ད་ཐེངས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པར། ཕྱོགས་གཉིས་པོས་བོད་ལུགས་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྦྱོང་དང་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་དྲིལ་སྒྲོག་རྟེན་གཞི་འཛུགས་སྐྲུན། བོད་ལུགས་གསོ་བ་རིག་པའི་ལུས་གསོ་བདེ་སྲུང་གི་སྐོར་ཕྱི་རྒྱལ་དུ་ཁྱབ་གདལ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ལ་མཉམ་འབྲེལ་སྒོས་རེ་བ་ཞུ་བ། དཔེ་དེབ་དང་དཔྱད་གཞིའི་ཡིག་རིགས་མཉམ་དུ་དཔེ་སྐྲུན་དང་ཡིག་སྒྱུར་བྱེད་པ་སོགས་ཀྱི་ཐད་མཉམ་ལས་བྱ་རྒྱུའི་འཆར་གཞི་ཡོད།
          ཕྱོགས་གཉིས་པོས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཅི་ཞིག་བརྗོད་ཡོད་དམ།
          མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིན་བོད་ལུགས་གསོ་རིག་སྨན་ཁང་གི་ཧྲུའུ་ཅི་ཀྲུའུ་ཡ་ཁྲུན་གྱིས། མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་བརྒྱུད་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཀྱི་དྲིལ་སྒྲོག་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། མཉམ་ལས་གཉིས་ཕན་གྱི་དམིགས་ཡུལ་མངོན་འགྱུར་ཡོང་བའི་རེ་བ་ཡོད་པར་བཤད། ཀྲུའུ་ཞི་ཧུའུ་ཡན་ཆིའུ་ཡིས་ཀྲུང་ཧྭའི་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཨ་རིར་སྤེལ་ནས་ནུབ་ཕྱོགས་ཀྱི་གཙོ་རྒྱུགས་སྤྱི་ཚོགས་ནང་བསྐྱོད་རྒྱུའི་རེ་བ་བསྟན་ཡོད། ཁོ་མོས་ངོ་སྤྲད་པར་གཞིགས་ན། 2016ལོར་པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱིས་ཝ་ཧྲིང་ཐོན་དུ་བོད་ལུགས་གསོ་རིག་གི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་བཙུགས་ཤིང་དེ་ལ་ཨ་རི་ནས་གདེང་འཇོག་ཡག་པོ་ཐོབ་ཡོད། སླད་ཕྱིན་པེ་ཅིན་བོད་ལུགས་གསོ་རིག་སྨན་ཁང་དང་མཉམ་དུ་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཕྱི་རྒྱལ་དུ་ཁྱབ་གདལ་གཏོང་རྒྱུའི་རེ་བ་ཡོད་པ་དང་། ལྷག་པར་དུ་འཛམ་གླིང་ཡོངས་ལ་འཕྲད་པའི་བདེ་ཐང་ལྟར་སྣང་གི་གནད་དོན་ཐག་གཅོད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། “ཨ་རིར་ཡོད་པའི་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་གནད་དོན་འདིར་རྒྱུན་མ་ཆད་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ང་ཚོ་ཚང་མར་དེ་དང་འདྲ་བའི་དམིགས་ཡུལ་ཡོད།”
          མཇུག་མཐར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་དབྱིང་ཧྭ་ཡིས་ཀྲུའུ་ཞི་ཧུའུ་ཡན་ཆིའུ་ཡིས་དུས་ཡུན་རིང་པོར་ཀྲུང་གོའི་རིག་གནས་དར་སྤེལ་གཏོང་བར་འབད་བརྩོན་བྱས་པར་བསྔགས་བརྗོད་བྱས་པ་དང་། ད་ཐེངས་ཀྱི་《མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་》ལ་མིང་རྟགས་འགོད་པའི་གོ་སྐབས་འདི་དང་བསྟུན་ནས། ཕྱོགས་གཉིས་པོས་མཉམ་ལས་ཀྱི་འབྲེལ་བ་འཛུགས་པ་དང་། ཀྲུང་ལུགས་གསོ་རིག་དང་། བོད་ལུགས་གསོ་རིག་སྨན་རྫས་ཨ་རིར་བསྐྱོད་དེ་ཕྱི་རྒྱལ་གྱི་མང་ཚོགས་ལ་རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་དང་མི་རིགས་ཀྱི་གསོ་རིག་དང་སྨན་རྫས་རིག་པའི་ཕན་པ་ཐོགས་རྒྱུའི་རེ་བ་ཡོད། དེར་བརྟེན་ཕྱོགས་གཉིས་པོས་འདི་དག་གི་ཐད་ལ་མཉམ་དུ་ཞིབ་འཇུག་གསར་སྤེལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་གང་ཐུབ་བྱེད་པའི་རེ་བ་ཡོད།