གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཕྱི་རྒྱལ་དུ་སྤེལ་བའི་གྲོས་མཐུན་འདིར་ཅི་ཞིག་བརྗོད་ཡོད་དམ།

སྤེལ་དུས 2018-10-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
《མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས》ལ་མིང་རྟགས་འགོད་པའི་མཛད་སྒོའི་ཡུལ་དངོས།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། པེ་ཅིང་བོད་སྨན་ཁང་གིས་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་ཐེབས་རྩ་ཚོགས་པ་དང་《མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས》ལ་མིང་རྟགས་བཀོད་པ་རེད།
གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་མཁན་སུ་ཡོད་དམ།
           གན་འཇོག་མཛད་སྒོར་ཞུགས་མཁན་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་ཡུན་ཧྭ་དདང་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧུའུ་ཡན་ཆི།ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་ཐེབས་རྩ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་སྐུ་ཞབས་སི་ཏྲེ་ཝུན།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་སྨན་ཁང་གི་ཧྲུའུ་ཅི་ཀྲུའུ་ཡ་ཁྲུན།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་ལས་སྒོའི་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཏུ་ཁྲིན།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་སྨན་ཁང་གི་ཡོན་ཀྲང་ལས་ཚབ་སྒྲོལ་དཀར་རྒྱལ་བཅས་ཞུགས་ཡོད་པ་རེད།
ཨ་ཀྲུང་དཔལ་འབྱོར་ཚོང་དོན་རིག་གནས་ཐེབས་རྩ་ཚོགས་པ་ནི་ལས་ཁུངས་གང་འདྲ་ཞིག་ཡིན་ནམ།
           ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་ཐེབས་རྩ་ལྷན་ཚོགས་ནི་ཨ་རིའི་ཅ་ཀྲོའུ་མངའ་སྡེ་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པའི་སྲིད་གཞུང་མ་ཡིན་པའི་སྒྲིག་འཛུགས་ཤིག་ཡིན་ལ།དེས་ནི་ཀྲུང་ཨའི་མཛའ་གྲོགས་ཞི་བདེ་དང་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་སློབ་གསོ་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས། ཕྱོགས་མང་པོའི་ཐད་ལ་རྒྱ་ཆེ་ཞིང་མཛའ་མཐུན་གྱི་མཉམ་ལས་སྤེལ་བ་གཙོ་བོར་འཛིན་གྱི་ཡོད་ཅིང་། རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི“ནང་དུ་འདྲེན་པ་དང་ཕྱི་རུ་སྐྱོད་པའི”སྲིད་ཇུས་ཀྱི་མཛུབ་སྟོན་འོག་ཏུ། 2016ལོ་ནས་བཟུང་། ཕྱོགས་གཉིས་པོའི་མཁས་དབང་ཕན་ཚུན་འཚམས་འདྲིར་བསྐྱོད་པ་དང་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་། བོད་ལུགས་གསོ་རིག་ཁྱབ་གདལ་གཏོང་བའི་ཐད་ཐུན་མོང་ངོས་འཛིན་རགས་ཙམ་བྱུང་ཡོད་པ་རེད།
མཉམ་ལས་གྲོས་མཐུན་གྱི་ནང་དོན་གང་དག་ཡོད་དམ།
           ད་ཐེངས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པའི་ཐད་ཕྱོགས་གཉིས་ཀས་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྦྱོང་དང་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་དྲིལ་བསྒྲགས་ཀྱི་རྟེན་གཞི་འཛུགས་སྐྲུན། ཕྱི་རྒྱལ་དུ་བོད་ལུགས་གསོ་རིག་གི་ལུས་གསོ་འཕྲོད་སྦྱོར་ཁྱབ་གདལ་གཏོང་པ། མཉམ་འབྲེལ་ཐོག་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ཆོག་མཆན་ཞུ་བ། ཡིག་སྒྱུར་སོགས་དཔྱད་གཞིའི་ཡིག་རིགས་མཉམ་དུ་དཔེ་སྐྲུན་བཅས་ཐད་མཉམ་ལས་བྱ་རྒྱུ་ཡིན་པ་རེད།
ཕྱོགས་གཉིས་པོས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཅི་ཞིག་བརྗོད་ཡོད་དམ།
           མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་སྨན་ཁང་གི་ཧྲུའུ་ཅི་ཀྲུའུ་ཡ་ཁྲུན་གྱིས་མཉམ་ལས་གྲོས་ཆིངས་ལ་མིང་རྟགས་བཀོད་པ་བརྒྱུད་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཀྱི་དྲིལ་བསྒྲགས་ཁྱབ་ཁོངས་རྒྱ་བསྐྱེད་ཡོང་རྒྱུ་དང་། མཉམ་ལས་གཉིས་ཕན་མངོན་འགྱུར་ཡོང་བ་བྱེད་པའི་དམིགས་ཡུལ་ཡོད་ཅེས་དང་། ཀྲུའུ་ཞི་ཧུའུ་ཡན་ཆི་ཡིས་ཀྲུང་ཧྭའི་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཨ་རིར་ཁྱབ་སྤེལ་བཏང་ནས་ནུབ་ཕྱོགས་ཀྱི་གཙོ་རྒྱུགས་སྤྱི་ཚོགས་སུ་འཛུལ་ཐུབ་པ་བྱེད་དགོས་པའི་རེ་བ་བཏོན་ལ། ཁོ་མོས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱིས་ཝ་ཧྲིང་ཐོན་དུ་བོད་ལུགས་གསོ་རིག་གི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་བཙུགས་པ་དང་ཨ་རིའི་སྤྱ་ཚོགས་སུ་ཚུར་སྣང་ཧ་ཅང་ཡག་པོ་ཐོབ་ཡོད་ཕྱིར།སླད་ཕྱིན་པེ་ཅིང་བོད་སྨན་ཁང་དང་མཉམ་དུ་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཕྱི་རྒྱལ་དུ་ཁྱབ་གདལ་གཏོང་རྒྱུ་དང་། ལྷག་པར་དུ་འཛམ་གླིང་ཡོངས་ཀྱིས་བདེ་ཐང་ཕལ་པའི་གནད་དོན་ཐག་གཅོད་པར་དོན་སྙིང་གལ་ཆེན་ལྡན་པ་རེད།“ ཨ་རིའི་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་དམིགས་ཡུལ་དེ་ཉིད་འགྲུབ་ཆེད་རྒྱུན་དུ་འབད་བརྩོན་བྱེད་བཞིན་ཡོད་ལ། ང་ཚོ་ཚང་མར་གཅིག་མཐུན་གྱི་དམིགས་འབེན་ཡང་ཡོད”ཅེས་བརྗོད་བྱུང་།
           མཇུག་མཐར།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་ཡུན་ཧྭ་ཡིས་ཀྲུའུ་ཞི་ཧུའུ་ཡན་ཆི་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་རིག་གནས་དར་སྤེལ་ཐད་འབད་བརྩོན་བྱས་པར་བསྔགས་བརྗོད་གནང་པ་དང་། ད་རེས་ཀྱི《མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས》 ལ་མིང་རྟགས་བཀོད་པའི་གོ་སྐབས་འདི་དང་བསྟུན་ནས་ཕྱོགས་གཉིས་ཀས་མཉམ་ལས་ཀྱི་འབྲེལ་ཟམ་བསྐྲུན་ཏེ། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་དང་བོད་སྨན་ཨ་རིའི་སྤྱི་ཚོགས་སུ་གཏོང་པར་བྱས་ཏེ། ཕྱི་རྒྱལ་གྱི་མང་ཚོགས་ལ་རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་དང་མི་རིགས་ཀྱི་གསོ་རིག་གིས་ཕན་ཐོགས་པར་བྱ་དགོས་པའི་རེ་བ་བཏོན། དེར་བརྟེན་ཕྱོགས་གཉིས་པོས་དེ་དག་གི་ཐད་ལ་ཐུན་མོང་ཐོག་ཞིབ་འཇུག་གསར་སྤེལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་པ།འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་གང་ཐུབ་བྱེད་དགོས་པའི་རེ་བ་བཏོན་པ་རེད།