ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་གིས་ཁུ་པ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་དེ་ཡ་སི་ཁ་ནེར་དང་གྲོས་མོལ་གནང་བ།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མིག་དམར་རྒྱ་མཚོ།
 
          སྤྱི་ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཁུ་པ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་དེ་ཡ་སི་ཁ་ནེར་དང་གྲོས་མོལ་གནང་ཡོད།
          ཞི་ཅིན་ཕིང་གིས་དེ་ཡ་སི་ཁ་ནེར་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་། དེ་ཡ་སི་ཁ་ནེར་ནས་ཧྲུའུ་ཅི་དང་པོ་ལའོ་འར་ཁ་སི་ཐེ་ལོར་ལྷག་བསམ་དག་པའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་ཞུས་པ་དང་། ཞི་ཅིན་ཕིང་གིས། ཁུ་པ་ནི་རྒྱལ་ཁབ་རླབས་ཆེན་ཞིག་ཡིན་ཞིང་། དུས་རབས་ཕྱེད་ཀ་ཙམ་གྱི་ཚུན་དུ་དཀའ་ངལ་དང་ཉེན་ཁར་མི་འཛེམ་པར་རང་ཉིད་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་པར་འཛམ་གླིང་མི་དམངས་ཀྱི་བརྩི་འཇོག་ཐོབ་ཡོད། ཀྲུང་གོ་དང་ཁུ་པ་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཡིན་པ་དང་། གྲོགས་པོ་ཡག་པོ་དང་། བློ་མཐུན་ཡག་པོ། སྤུན་ཟླ་ཡག་པོ་བཅས་ཡིན། དེ་ནི་དོན་དངོས་ཀྱིས་ར་སྤྲོད་ཐུབ་པ་མ་ཟད། དུས་ཚོད་དང་རྒྱལ་སྤྱིའི་འགྱུར་བ་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ཐུབ་པ་ཞིག་ཡིན། ཀྲུང་གོའི་མི་དམངས་ནས་ལོ་ངོ་༥༨གོང་བློ་མཐུན་ཧྥེ་དེར་ ཁ་སི་ཐེ་ལོས་འགོ་ཁྲིད་གནང་བའི་ཁུ་པས་གོ་ལ་ཕྱེད་ནུབ་མར་སྔོན་ལ་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་གནང་བ་དང་། ཁོང་གིས་འགོ་ཁྲིད་གནང་བའི་ཁུ་པའི་ཏང་དང་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ནས་བདག་དབང་སྲུང་སྐྱོང་དང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བ་ཀྲུང་གོའི་མི་དམངས་ནས་བརྗེད་མི་སྲིད། ང་རང་ནས་ཁུ་པར་འཚམས་འདྲི་ཐེངས་གཉིས་ཞུས་ཏེ་བློ་མཐུན་ཧྥེ་དེར་དང་གྲོས་མོལ་གཏིང་ཟབ་ཞུས་པའི་རྣམ་པ་ད་ལྟ་ཡང་གསལ་པོར་དྲན་བཞིན་འདུག ཀྲུང་གོ་དང་ཁུ་པ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་སྐུ་ངོ་མས་གཏོད་གནང་བ་དང་སྐྱེད་སྲིང་གནང་བའི་ཀྲུང་གོ་དང་ཁུ་པའི་མཛའ་གྲོགས་ལ་གཅེས་འཛིན་ལྡབ་བརྒྱ་བྱས་ཏེ། དེ་རྒྱུན་འཛིན་ཡག་པོ་དང་གོང་འཕེལ་ཡག་པོ་གཏོང་བ་དང་། མཉམ་དུ་ཀྲུང་གོ་དང་ཁུ་པའི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་དགོས་ཞེས་གསུངས་གནང་བ་དང་།

          ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་ཁུ་པའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ནས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་རྒྱག་པའི་ཆོད་སེམས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་རྒྱང་རིང་ལ་གཞིགས་པ་དང་། གཅིག་གྱུར་ཇུས་འགོད་བྱེད་པ། མཉམ་ཤུགས་སྒྲིལ་ཏེ་ཀྲུང་གོ་དང་ཁུ་པའི་འབྲེལ་བ་རྒྱུན་མཐུད་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཆབ་སྲིད་ཐད་ཕན་ཚུན་བར་ཡིད་ཆེས་སྔར་བས་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ། དཔལ་འབྱོར་ཐད་གཉིས་ཕན་མཉམ་རྒྱལ་དང་ཕན་ཚུན་རོགས་རམ་བྱེད་པ། རྒྱལ་སྐྱོང་སྲིད་འཛིན་ཐད་སྤེལ་རེས་ལ་ཤུགས་སྣོན་དང་ཕན་ཚུན་དཔྱད་གཞིར་འཛིན་དགོས། ཕྱོགས་གཉིས་པོས་ཕན་ཚུན་བར་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཀྲུང་གོའི་ཕྱོགས་ནས་ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་། རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམས་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཁུ་པའི་མི་དམངས་ནས་བློ་མཐུན་ལའོ་འར་དང་བློ་མཐུན་ཀྲུའུ་ཞི་སོགས་ཁུ་པའི་འགོ་ཁྲིད་ཀྱིས་ནུས་ལྡན་གྱི་འགོ་ཁྲིད་གནང་བའི་འོག་དུས་བསྟུན་མདུན་སྐྱོད་དང་། གསར་འབྱེད་ཡར་བརྩོན། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་གྲུབ་འབྲས་གསར་པ་དེ་བས་མང་བ་རྒྱུན་ཆད་མེད་པར་ཐོབ་ངེས་ཡིན་པར་ཡིད་ཆེས་ཡོད། ཀྲུང་གོའི་ཕྱོགས་ནས་ཁུ་པས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁ་གླིང་དང་ཅ་ལ་པིའི་རྒྱལ་ཁབ་ཀྱི་འབྲེལ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཐོན་པར་བསྔགས་བརྗོད་ཞུ་གི་ཡོད། ཁུ་པའི་ཕྱོགས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་གཞོགས་འདེགས་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱ་འདོད་ཡོད།

          ཀྲུང་གོས་ཁུ་པའི་ཕྱོགས་ནས་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་འཛུགས་པའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་གི་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་དང་ནུས་པའི་འབྱུང་ཁུངས། ཞིང་ལས། ཡུལ་སྐོར། སྐྱེ་དངོས་སྨན་བཟོ་སོགས་གཙོ་གནད་མཉམ་ལས་ཁྱབ་ཁོངས་དང་རྣམ་གྲངས་འཆར་འགོད་ཡག་པོ་བྱེད་པ་དང་། བརྟན་པོའི་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། བློ་མཐུན་ཀྲུའུ་ཞི་མཆོག་ནས་ཧྲང་ཧའེ་རུ་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ལ་ཞུགས་ཡོད། ཀྲུང་གོས་ཁུ་པས་སྟེགས་བུ་དེ་བེད་སྤྱོད་ཡག་པོ་བྱས་ནས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་གི་ཡིན། ཀྲུང་གོས་ཁུ་པ་དང་མཉམ་ལས་བྱེད་སྐབས། ཡང་དག་པའི་ཁེ་ཕན་ལྟ་བ་འཛིན་པ་དང་། རྒྱབ་སྐྱོར་བྱེད་ཐུབ་སར་ང་ཚོས་རྒྱབ་སྐྱོར་བྱེད་ངེས་ཡིན། ང་ཚོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་གོང་འཕེལ་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས། མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དང་ལྷག་པར་དུ་གཞོན་ནུའི་བར་གྱི་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་གཏིང་ཟབ་ཏུ་བཏང་ནས། དེ་ཀྲུང་གོ་དང་ཁུ་པའི་འབྲེལ་བའི་རྒྱུན་མཐུད་སྒུལ་ཤུགས་ལ་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
          དེ་ཡ་སེ་ཁ་ནེར་གྱིས་ཐོག་མར་ཧྲུའུ་ཅི་དང་པོ་ལའོ་འར་ཁ་སེ་ཐེ་ལོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་ཡོད། དེ་ཡ་སེ་ཁ་ནེར་གྱིས། ཁུ་པ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་མཁན་གོ་ལ་ཕྱེད་ནུབ་མའི་རྒྱལ་ཁབ་དང་པོ་དེ་ཡིན་པས། ཁུ་པས་དེའི་ཐད་སྤོབས་སེམས་ཆེན་པོ་བྱེད་ཀྱི་ཡོད། ཁུ་པའི་མི་དམངས་ནས་ཀྲུང་གོའི་མི་དམངས་ལ་ཐོག་མཐའ་བར་གསུམ་དུ་མཛའ་གྲོགས་བརྩེ་བ་འཛིན་པ་དང་། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཁུ་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་གནང་བ་མ་ཟད། ཁུ་པར་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཧྥེ་ཏེར་ཁ་སེ་ཐེ་ལོ་སྐུ་གཤེགས་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཀྲུང་གོར་བཅའ་སྡོད་ཁུ་པའི་གཞུང་ཚབ་ཁང་ལ་དངོས་སུ་ཕེབས་ཏེ་མྱ་ངན་ཞུས་གནང་བར་ཁུ་པའི་མི་དམངས་ལ་སེམས་འགུལ་ཚད་མེད་ཐེབས་ཡོད། ཁུ་པའི་མི་རབས་གསར་པའི་འགོ་ཁྲིད་པས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཉིས་པོའི་བློ་མཐུན་དང་སྤུན་ཟླ་ལྟ་བུའི་སྲོལ་རྒྱུན་མཛའ་གྲོགས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་ཤུགས་སྣོན་རྒྱག་རྒྱུ་ཡིན། ཁུ་པ་དང་ཀྲུང་གོའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་བྱེད་པ་དང་ཕན་ཚུན་ཡིད་ཆེས་བྱེད་པ། ཕན་ཚུན་ཕན་པ་སྐྲུན་པ་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་ཡོད་པ་དང་། རྒྱལ་སྤྱིའི་གནས་བབས་ཀྱི་འགྱུར་བའི་ཚོད་བགམ་བརྒྱུད་ཡོད་ལ། འབྱུང་འགྱུར་གྱི་འགྲན་རྩོད་གང་འདྲ་ཞིག་ཀྱང་ཐེག་ཐུབ་ངེས་ཡིན། ཁུ་པས་ཀྲུང་གོའི་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོར་ཡིད་སྨོན་བྱེད་ཀྱི་ཡོད་པ་དང་། ཁུ་པས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་གོང་འཕེལ་འདུ་ཤེས་ལ་ཚད་མཐོའི་ཡིད་མཐུན་བྱེད་ཀྱི་ཡོད་ཅིང་། སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས། རྒྱལ་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་རྣམ་པ་གསར་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ལ་སྐུལ་འདེད་དེ་བས་ཡག་པ་གཏོང་འདོད་ཡོད། ཁུ་པ་དང་ཀྲུང་གོ་ཕྱོགས་གཉིས་པོས་མུ་མཐུད་མཐོ་རིམ་སྤེལ་རེས་དང་ཆབ་སྲིད་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་འབྲེལ་ཐུག་དང་མཐུན་སྦྱོར་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།
          མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་ཐུན་མོང་ཐོག་འབྲེལ་ཡོད་ཕྱོགས་གཉིས་མཉམ་ལས་ཀྱི་ཡིག་ཆར་མིང་རྟགས་འགོད་པར་དཔང་པོ་གནང་ཡོད།
          མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་དེ་ཡ་སེ་ཁ་ནེར་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད། ཕེང་ལི་ཡོན་དང་པད་མ་འཕྲིན་ལས། ཝང་དབྱིས། ཞ་པའོ་ལོང་། ཧོ་ལི་ཧྥོང་སོགས་མཛད་སྒོར་ཞུགས་ཡོད་པ་རེད།