ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

པི་འར་ཀེ་ཚེས་ཀྲུང་གོའི་གྲངས་གཞི་ཅན་གྱི་གོང་འཕེལ་འཛམ་གླིང་གི་སྔོན་ཐོན་ལ་སླེབས་ཡོད་ཅེས་བསྟན་པ།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              ཨ་རིའི་པི་འར་དང་དེ་བཞིན་མེ་ལིན་ཏ་ ཀེ་ཚེའི་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པི་འར་ཀེ་ཚེས་ཀྱིས་ཉིན་ཤས་གོང་། ཀྲུང་གོའི་ཁྱབ་ཁོངས་མང་པོར་གོང་འཕེལ་མགྱོགས་པོ་ཕྱིན་པ་དང་། གསར་སྐྲུན་ཡང་མང་པོ་བྱས་ཡོད། གལ་སྲིད་དཔལ་འབྱོར་མ་ལག་གྲངས་གཞི་ཅན་གྱི་གོང་འཕེལ་ཆེས་སྔོན་ཐོན་སུ་ཡིན་ནམ་ཞེས་ན། ཀྲུང་གོ་ནི་རྒྱལ་ཁབ་ཉག་གཅིག་དེ་རེད་ཞེས་བསྟན་ཡོད།
              ཀེ་ཚེས་ཀྱིས་སྨྱན་སྦྱོར་ཚན་པར། གྲངས་གཞིའི་གཏོང་སྤྲོད་དེ་ཀྲུང་གོ་ཡོངས་སུ་བེད་སྤྱོད་བྱེད་ཐུབ་པ་དང་། མི་རྣམས་ཀྱིས་ཀྱང་རྒྱུན་ལྡན་ཅན་གྱི་འཚོ་བར་བེད་སྤྱོད་གཏོང་བཞིན་ཡོད། ཀེ་ཚེའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྱང་དབུལ་ཕོངས་རྒྱལ་ཁབ་ལ་གྲངས་གཞིའི་དངུལ་རྩ་གོང་འཕེལ་གཏོང་རོགས་བྱས་པ་དང་། མ་འོངས་པར་རྒྱལ་ཁབ་གཞན་ཡང་གྲངས་གཞི་ཅན་དུ་འཕོ་འགྱུར་ཡོང་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་ཡོད། ཁོང་གིས། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱིས་གང་འདྲ་ཞིག་ལ་ཀྲུང་གོ་དང་འཛམ་གླིང་ལ་ཕན་པ་ཡོད་པའི་བྱ་ཐབས་ཡིན་པ་གསལ་སྟོན་བྱས་ཡོད། ཀྲུང་གོས་ད་ལྟ་ཁྲོམ་རའི་ཁོར་ཡུག་འཐུས་ཚང་ཧུར་ཐག་གཏོང་བ་དང་། དེའི་ནང་འགྲན་རྩོད་ལ་སྐུལ་མ་དང་། ཕྱི་རྒྱལ་གྱི་མ་དངུལ་ཡིད་བཀུག་བྱས་པ་སོགས་ཚུད་ཡོད། ནང་འདྲེན་དངོས་མང་འགྲེམས་ཚོགས་ནི་བརྡ་འཕྲིན་ཡག་པོ་ཞིག་ཡིན་ཞིང་། དེས་ཕྱི་རྒྱལ་གྱི་མ་དངུལ་སྔར་བས་ཐད་ཀར་དང་། སྔར་བས་སྟབས་བདེ་པོའི་ངང་ཀྲུང་གོའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འགྲན་རྩོད་ནང་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཐུབ་ཅེས་བསྟན་ཡོད་པ་རེད།