ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲུང་གོའི་སྐུ་ཚབ་ཀྱིས་ཁྱོན་ཡོངས་ནས་ཉིང་རྡུལ་ཚོད་ལྟའི་ཆིངས་ཡིག་བཀག་སྡོམ་བྱེད་པའི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་བྱས་པ།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
               སྤྱི་ཚེས་༧ཉིན་ཝེ་ཡེ་ནར་རྒྱུན་བཞུགས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་གཞན་དག་གིས་སྐུ་ཚབ་ཝང་ཆུན་གྱིས་ ཝེ་ཡེ་ནར་ ཁྱོན་ཡོངས་ནས་ཉིང་རྡུལ་ཚོད་ལྟ་བཀག་སྡོམ་གྱི་ཆིངས་ཡིག་ཞེས་པའི་སྒྲིག་འཛུགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། ཁྱོན་ཡོངས་ནས་ཉིང་རྡུལ་ཚོད་ལྟ་བཀག་སྡོམ་གྱི་ཆིངས་ཡིག་གིས་གལ་ཆེའི་ནུས་པ་ཐོན་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་རེ་འབོད་བྱས་ཡོད་པ་རེད།
               ཝང་ཆུན་གྱི་ཚོགས་ཆེན་དུ་གཏམ་བཤད་གནང་སྐབས། མིག་སྔའི་རྒྱལ་སྤྱིའི་བདེ་འཇགས་ཀྱི་དུས་བབ་རྙོག་རྫིང་ཆེ་བ་དང་། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་འགྲན་རྩོད་ཀྱང་འཕྲད་ཡོད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཁྱོན་ཡོངས་ནས་ཉིང་རྡུལ་ཚོད་ལྟ་བཀག་སྡོམ་ཆིངས་ཡིག་ལ་སྒྱིད་ལུགས་ཀྱི་རྣམ་པ་བསྟན་པ་དང་། ཉིང་རྡུལ་ཚོད་ལྟ་བཀག་སྡོམ་བྱས་པའི་ཁས་ལེན་ལ་གཡོ་འགུལ་ཐེབས་ཡོད། གནས་ཚུལ་འདི་འདྲ་ཞིག་གི་འོག ཆིངས་ཡིག་གིས་ཉིང་རྡུལ་དམག་དོན་གྲ་སྒྲིག་གི་འགྲན་རྩོད་ལ་བཀག་སྡོམ་དང་། ཉིང་རྡུལ་དམག་འཐབ་ཀྱི་ཉེན་ཁ་ཆུང་དུ་གཏོང་བ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་གལ་ཆེའི་ནུས་པ་ཤུགས་ཆེར་གཏོང་བ་ལས་ཆུང་དུ་གཏོང་མི་རུང་ཞེས་གསུངས་ཡོད་པ་རེད།