ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སྤྱི་བདེ་ལས་ཁུངས་ཀྱིས་མེ་མདའ་དང་འབར་གས་ཀྱིས་ཉེས་པ་གསོག་པར་རྡུང་རྡེག་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ།

སྤེལ་དུས 2019-01-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༨ཉིན་སྤྱི་བདེ་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་སྟེ། སྤྱི་ལོ་༢༠༡༨ལོར་མེ་མདའ་དང་འབར་གས་ཀྱིས་ཉེས་པ་གསོག་པར་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། རྒྱལ་ཡོངས་སུ་ཁྱོན་མེ་མདའ་དང་འབར་གས་དང་འབྲེལ་ཡོད་ཀྱི་གྱོད་དོན་གསུམ་ཁྲི་བདུན་སྟོང་རྩད་གཅོད་ཐུབ་པ་དང་། མེ་མདའ་ཆིག་འབུམ་བཞི་ཁྲི་དྲུག་བརྒྱ་བསྡུས་པ། མེ་མདའ་དང་འབར་གས་ཀྱིས་ཉེས་དོན་བསག་ཚད་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༢༧དང་གྲངས་ཆུང་༦དང་བརྒྱ་ཆ་༢༩ཉུང་དུ་ཕྱིན་ཡོད་པ་རེད། མེ་མདའ་དང་འབར་གས་བྱས་ཉེས་གྱོད་དོན་ལོ་མང་རིང་ཆགས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ཀྲུང་གོ་དེ་འཛམ་གླིང་ཡོངས་ཀྱི་མེ་མདའ་དང་འབར་གས་ཀྱི་ཉེས་དོན་གྱོད་གཞི་ཐོན་ཉུང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཡོད། སྤྱི་བདེ་པུའི་བདེ་འཇགས་དོ་དམ་ཅུད་ཀྱི་ཅུད་ཀྲང་ལི་ཅིང་ཧྲེང་གིས། རྒྱལ་ཡོངས་སུ་མེ་མདའ་དང་འབར་གས་ཀྱི་གྱོད་དོན་གསུམ་ཁྲི་བདུན་སྟོང་རྩད་བཤེར་ཐུབ་ཡོད་པ་དང་། ཉེས་བསག་ཚོགས་པ་༤༡༦རྩ་མེད་བཏང་བ། ཉེས་བསག་གབ་གནས་༥༩༩གཏོར་ཕམ་བཏང་བ། ཁྲིམས་འགལ་གྱི་ཉེས་དོན་དོགས་ཡོད་མི་སྣ་བཞི་ཁྲི་གསུམ་སྟོང་འཛིན་བཟུང་བྱས་ཡོད་ཅེས་གསུངས་པ་རེད།