ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཁོང་རྣམ་པར་སྐུལ་མ་ཆེན་པོ་ཐེབས་འདུག

སྤེལ་དུས 2019-07-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྤེན་པ་རྒྱ་མཚོ།
               སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་གནང་བའི་གལ་ཆེའི་གསུང་བཤད་ལ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་དུ་ལན་ཆ་བཟང་པོ་བྱུང་བ་དང་ཚང་མས་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་གི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུའི་རྣམ་པ་བསྟན་པ།
               ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་གལ་ཆེའི་གསུང་བཤད་གནང་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་རྒྱུའི་གལ་ཆེའི་དོན་སྙིང་གནད་ལ་འཕིགས་པའི་སྒོ་ནས་རྒྱས་བཤད་གནང་བ་དང་། དུས་བབ་གསར་པའི་འོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་གི་ལས་འགན་དང་། གཙོ་གནད་ལས་དོན། འགག་རྩའི་བྱ་ཐབས་བཅས་རྒྱས་བཤད་གཏིང་ཟབ་གནང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པས། ནུས་ཤུགས་ཡོད་རྒུས་ལས་དོན་ཁག་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་གི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུའི་རྣམ་པ་བསྟན་ཡོད།
               ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཏང་ཀྲུང་དབྱང་དང་ཐག་ཉེ་ཤོས་ཡིན་པ་དང་། ཏང་ཀྲུང་དབྱང་ལ་ཐད་ཀར་ཞབས་འདེགས་ཞུ་མཁན་ཡིན་པས། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་དང་དེ་བཞིན་ཁྱབ་ཁོངས་གཞན་དག་གི་ཏང་འཛུགས་སྐྱོང་ཐད་ཁ་ཕྱོགས་སྟོན་པའི་ནུས་པ་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པ་དང་། རང་ངོས་གསར་བརྗེ་བྱེད་པར་ངེས་པར་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནས་ནན་པོ་བྱེད་དགོས་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ནས་དམ་འཛིན་བྱེད་དགོས་ཞེས་བསྟན་གནང་ཡོད། འཕྲལ་སྒྲུབ་དོ་དམ་པུའི་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལིན་པིང་གིས། ང་ཚོས་ཏང་ལ་ལྟོས་མེད་བློ་དཀར་སེམས་དཀར་བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་པ། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་སྦྱོང་བརྡར་བྱེད་པ། རང་སྲོག་འབེན་འཛུགས་བྱེད་ཕོད་པ། ཉམས་ཉེན་སྔོན་འགོག་དང་སེལ་ཐབས་བྱེད་པའི་ལས་འགན་འཁུར་ཕོད་པ་བཅས་བྱས་ནས། གྲལ་སྟར་དང་པོའི་ནང་མདུན་དུ་སྐྱོད་པ་དང་། མིག་དཔེ་འདོན་དགོས་ཞེས་གསུངས་ཡོད།
               ཞི་ཅིན་ཕིང་གིས། སྲུང་སྐྱོང་གཉིས་ཡག་པོ་བྱེད་རྒྱུ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་ཨང་དང་པོ་དེ་ཡིན། སྲུང་སྐྱོང་གཉིས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་བྱ་སྤྱོད་ཐོག་ནས་མངོན་པ་དང་། ལས་གནས་འགན་སྒྲུབ་དང་། རང་འཁྲིའི་ལས་དོན་ཡག་པོ་བསྒྲུབ་པའི་ཕན་ནུས་ཐོག་ནས་མངོན་པ། ཏང་ཡོན་དང་། ལས་བྱེད་པའི་རྒྱུན་གཏན་གཏམ་སྤྱོད་ཐོག་ནས་མངོན་པ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད། ཁྲིམས་འཛིན་པུའི་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལེའུ་ཏན་རྨིན་གྱིས། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏང་གིས་ཁྲིམས་འཛིན་པུའུ་ཡི་ལས་དོན་ལ་ལྟོས་མེད་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། སྤུས་ལེགས་ནུས་མཐོའི་སྒོ་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འཁེལ་གནང་བའི་གལ་ཆེའི་ཁྲིམས་འཛུགས་རྣམ་གྲངས་ལེགས་སྒྲུབ་བྱེད་པ་དང་། སྤྱི་ལོ་2015ལོ་ནས་སྤྱི་ལོ་2020ལོའི་བར་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལག་བསྟར་རྩ་གནད་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགན་འཁྲི་གསར་པ་དང་ལས་འགན་གསར་པ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་འཁུར་དགོས་ཞེས་གསུངས་ཡོད།
               ཞིང་ལས་དང་གྲོང་གསེབ་པུའི་ཐད་གཏོགས་ལས་ཁུངས་ཏང་ཨུད་དྲིལ་བསྒྲགས་ཁྲུའི་ཁྲུའུ་ཀྲང་གཞོན་པ། ཐད་གཏོགས་ལས་ཁུངས་སྡེ་ཚོགས་ཀྱི་ཧྲུའུ་ཅི་ཞུའེ་རུའེ་ཉིང་གིས། ཏང་གིས་ཞིང་གསུམ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་གནང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཞིང་གསུམ་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། ད་དུང་ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེས་ལས་གནས་འགན་སྒྲུབ་བྱས་ནས་ཏང་གི་ཞིང་གསུམ་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། རང་འཁྲིའི་ལས་གནས་ཐོག་གནས་པ། གནས་གཅེས་ལས་བརྩོན་བྱས་ནས། རང་འཁྲིའི་ལས་དོན་ཡག་པོ་བསྒྲུབ་པའི་ཐོག་དོན་འཁྱོལ་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད།
               སྣེ་ཁྲིད་ནས་སྲུང་སྐྱོང་གཉིས་ཡག་པོ་བྱེད་པར་གཅིག་ནས་ཚད་མཐོའི་དཔྱོད་ཤེས་ཀྱི་ངོས་འཛིན་གཅིག་མཐུན་དང་། བརྩེ་དུང་གི་ངོས་འཛིན་གཅིག་མཐུན་ཡོད་དགོས་ལ། གཉིས་ནས་སེམས་ཐག་གཙང་བཅད་ཀྱི་དཔྱོད་ཤེས་ཀྱི་ངོས་འཛིན་དང་ནུས་པའང་ཡོད་དགོས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲེང་ཅང་ཕིང་གིས་ཚོགས་ར་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་གསན་ཡོད་པས། འགན་འཁྲི་ལྗིད་པོ་དང་། ལས་འགན་གཟི་བརྗིད་ཡིན་པའི་མྱོང་ཚོར་བྱུང་ཡོད། ཀྲེང་ཅང་ཕིང་གིས། ཁྲལ་དོན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་དོན་དུ་རྒྱུ་ནོར་གསོག་པ་དང་། མི་དམངས་ཀྱི་ཆེད་དུ་ཁྲལ་བསྡུ་བྱེད་པའི་ལས་འགན་འཁུར་ཡོད་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་གཉིས་བསྒྲུབ་ཐུབ་པ་དང་། ཆབ་སྲིད་ལས་ཁུངས་ཀྱི་ངོ་བོ་བརྟན་པོར་འཛིན་ཐུབ་པ། སྔར་བར་ཕྱི་གསུམ་དུ་ཏང་གི་དར་ཆ་དེ་དར་ཆར་འཛིན་པ་དང་། ཏང་གི་ཁ་ཕྱོགས་དེ་ཁ་ཕྱོགས་སུ་འཛིན་པ། ཏང་གི་བསམ་འདུན་དེ་བསམ་འདུན་དུ་འཛིན་པ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་ཞབས་འདེགས་ཞུབ་བའི་ནང་དགོས་ངེས་ཀྱིས་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་ཡོད།
               སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གཞི་རིམ་ལ་དམ་འཛིན་ནན་པོ་བྱེད་པའི་ཁ་ཕྱོགས་གསལ་པོ་འཛུགས་པ་དང་། རྩ་འཛུགས་ཀྱི་ནུས་པ་མཐོར་གཏོང་གཙོ་བོར་བཞག་སྟེ་སྲ་ཞིང་བརྟན་པའི་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ནས་ཏང་ཡོན་མི་རེ་ངོ་རེ་བཀྲག་མདངས་འཚེར་བའི་དར་ཆ་ཞིག་ཏུ་འགྱུར་བ་བྱེད་པ་དང་། ཀྲི་པུའུ་རེ་རེ་ཏང་དར་ལྷབ་ལྷུབ་ཏུ་གཡོ་བའི་དམག་འཐབ་ཀྱི་མཁར་རྫོང་ལ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད། བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཐད་གཏོག་ལས་ཁུངས་ཀྱི་ཏང་ཨུད་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་ལིད་ཀྱིས། སྟོབས་ཆེན་གྱིས་ཉམས་ཞན་འཁྲིད་པ་དང་། ཆེ་བས་ཆུང་བ་འཁྲིད་པ། སྔོན་ཐོན་གྱིས་རྗེས་ལུས་འཁྲིད་པ་བཅས་ཀྱི་མཐུན་སྦྱོར་ལས་ཀའི་སྒྲིག་གཞི་འཛུགས་པ་བརྒྱུད། ཏང་ཀྲི་པུའི་ཚད་ལྡན་ཅན་གྱི་ལས་ཀའི་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་། ཏང་རྩ་འཛུགས་ཁག་གཅིག་ཉམས་ཞན་དུ་འགྲོ་བ་དང་། ནུས་པ་མངོན་མེད་དུ་འགྲོ་བའི་གནད་དོན་ཐག་གཅོད་བྱེད་རྒྱུར་དམ་འཛིན་བྱས་ཏེ་གཞི་རིམ་གྱི་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་བ་བྱ་རྒྱུ་དང་ཁྱོན་ཡོངས་ནས་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བ་བྱ་རྒྱུ་དང་། བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་དང་། དྲ་བ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་གཏོང་རྒྱུར་དེ་བས་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་གསུངས་ཡོད།
               ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཚེ་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འགན་འཁྲིའི་ལམ་ལུགས་ཀྱི་འགག་རྩ་འདི་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགན་འཁྲིའི་བསམ་པ་ཤུགས་ཆེར་བཏང་ཐོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ལས་དོན་ལ་གཅིག་འགྱུར་འགོ་ཁྲིད་བྱེད་པའི་ལས་ཀའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་ཚན་པ་ཁག་གི་ཏང་ཙུའུ་དང་ཏང་ཨུད་ཀྱིས་ལས་ཁུངས་ཀྱི་ཏང་འཛུགས་ལས་ཀའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཚུལ་ལ་མཛུབ་ཁྲིད་དང་ལྟ་སྐུལ་སྐུལ་འདེད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་འཛུགས་སྐྱོང་ལྟ་སྐུལ་ཞིབ་བཤེར་ཁང་གི་ཀྲུའུ་རེན་ཅི་མེང་ཤིན་གྱིས། མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་པར་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཚན་པ་ཁག་གི་ཏང་ཙུའུ་དང་ཏང་ཨུད་ཀྱིས་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་རྒྱུར་མཐོང་ཆེན་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་པའི་འགག་རྩ་འདི་དམ་འཛིན་ཡག་པོ་བྱས་ནས་མཐོ་དབྱིངས་ལས་སྒྲུབ་ཀྱི་བྱེད་སྟངས་སྤོངས་བ་དང་། དུས་ཚོད་ཀྱིས་མི་མི་སྒུག་པ་ཤེས་པ་བྱས་ནས། མངོན་གསལ་ཆེ་བའི་གནད་དོན་དང་། བསྒྱུར་བཅོས་གསར་གཏོད། གཞི་རིམ་གྱི་རྨང་གཞི། དཔུང་ཁག་འཛུགས་སྐྱོང་བཅས་ལ་དམ་འཛིན་བཅས་བྱས་ཐོག ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས་ཞེས་གསུངས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།