ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱི་བརྟག་ཞིབ་ཚོགས་ཆུང་བོད་དུ་བརྟག་ཞིབ་ལ་ཕེབས་པ།

སྤེལ་དུས 2019-07-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            སྨན་བཅོས་འགན་ལེན་གྱི་རོགས་སྐྱོར་ལས་དོན་སྔར་བས་ཡག་པོ་སྤེལ་བ་དང་ས་ཁུལ་དབུལ་པོའི་སྨན་བཅོས་འགན་ལེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་དང་གནད་དོན་ཤེས་རྟོགས་གཏིང་ཟབ་བྱ་ཆེད། ཟླ་7ཚེས་9དང་ཚེས་10ཉིན། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཅིན་ཕུའུ་ཡིས་སྣེ་འཁྲིད་པའི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་བཅས་ལ་བརྟག་ཞིབ་བྱས་པ་དང་། དུད་ཚང་དབུལ་པོའི་ཁྱིམ་དུ་ནད་པར་འཚམས་འདྲིར་བསྐྱོད་པ་མ་ཟད། ད་དུང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་བློ་མཐུན་དང་བཞུགས་མོལ་ཡང་བྱས་པ་རེད།
            བརྟག་ཞིབ་ཚོགས་ཆུང་གིས་སྨན་བཅོས་འགན་ལེན་གྱི་སྐོར་ནད་པ་དང་སྨན་པ་འགའ་ཞིག་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་དང་། ནད་གཞི་མི་འདྲ་བའི་སྨན་རིན་རྩིས་ཞུ་བྱེད་ཚད་འདྲི་རྩད་བྱས་པ། སྨན་བཅོས་འགན་ལེན་སྲིད་ཇུས་དང་བདེ་ཐང་རོགས་སྐྱོར་སྲིད་ཇུས་ཤེས་མིན་སྐད་ཆ་དྲིས་པ། དེ་བཞིན་འབྲེལ་ཡོད་འགན་འཁུར་བའི་ས་ནས་སྲིད་ཇུས་དོན་འཁྱོལ་ལ་འཕྲད་པའི་གནད་དོན་ཤེས་རྟོགས་ཀྱང་བྱས་པ་རེད།
            བརྟག་ཞིབ་ཚོགས་ཆུང་གིས་རང་ལྗོངས་ཀྱི་སྨན་བཅོས་འགན་ལེན་དང་དབུལ་སྐྱོར་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། དབུལ་པོར“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གཞི་རྩའི་སྨན་བཅོས་འགན་ལེན་བྱེད་པ་ནི་མིག་སྔའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་རེད། བོད་ཀྱི་རིམ་ཁག་སྨན་བཅོས་འགན་ལེན་སྡེ་ཚན་གྱིས་སྨན་བཅོས་འགན་ལེན་གྱི་དབུལ་སྐྱོར་ལས་དོན་གྱི་དཀའ་ཚེགས་རང་བཞིན་དང་། རྙོག་འཛིང་རང་བཞིན། ཡུན་རིང་རང་བཞིན་བཅས་ངོས་འཛིན་གཏིང་ཟབ་བྱས་ཏེ། ལམ་ལུགས་ལ་བརྟེན་ནས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་དབུལ་ལོག་བརྒྱབ་པའི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་དགོས། སྨན་བཅོས་འགན་ལེན་གྱི་རོགས་སྐྱོར་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་དང་། སྨན་བཅོས་འགན་ལེན་གྱི་རོགས་སྐྱོར་གྱི་རྩ་བའི་རྩ་དོན་དང་རྩ་བའི་ཚད་གཞི་ཁོང་དུ་བརྟན་པོ་ཆུད་པ། སྨན་བཅོས་འགན་ལེན་གཉེར་སྒྲུབ་ཞབས་ཞུ་དོ་དམ་ལ་ཤུགས་སྣོན། “གཅིག་འཐུས་རྣམ་པའི”ཞབས་ཞུ་དང་། “སྐར་ཁུང་གཅིག་རྐྱང”གི་གཉེར་སྒྲུབ། “འཛིན་རྐྱང་ལམ་ལུགས”ཀྱི་བསྡོམས་རྩིས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྨན་བཅོས་འགན་ལེན་དང་དབུལ་སྐྱོར་གྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་དབུལ་སྒྲོལ་དམིགས་ཚད་དུས་བཀག་བཞིན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།