ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་མང་བ་དང་། བག་ཕེབས་ངང་ཕྱི་འབྲེལ་གྱི་གྲུབ་འབྲས་གཏོད་གནང་བ་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ལག་འཛུགས་ཆེད་རྨང་གཞི་བཏིང་གནང་བ།

སྤེལ་དུས 2019-08-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མིག་དམར་རྒྱ་མཚོ།
             ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་དམིགས་བསལ་གྱི་ལོ་འདིར། འཛམ་གླིང་ལ་ལོ་བརྒྱར་མཐོང་དཀོན་པའི་འགྱུར་བ་ཆེན་པོ་བྱུང་བའི་མདུན་དུ་ད་ལོའི་ལོ་སྟོད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བར་ཐེངས་ལྔ་ཕེབས་པ་དང་། སྐུ་ངོ་མས་རང་རྒྱལ་དུ་སྤེལ་བའི་ཕྱི་འབྲེལ་བྱེད་སྒོ་གསུམ་གཙོ་སྐྱོང་གནང་ཞིང་། འཐབ་ཇུས་ཀྱི་ཇུས་འགོད་དང་། རང་འགུལ་ངང་འཆར་འགོད། ལས་དོན་ཧུར་ཐག་སྤེལ་གནང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལེའུ་གསར་པ་བཏོད་གནང་ཡོད།
             ད་ལོའི་སྤྱི་ཟླ་༦པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟུད་མར་འཚམས་འདྲི་གནང་བར་ཐེངས་བཞི་ཕེབས་གནང་ཞིང་། རྒྱལ་ཁབ་ལྔ་ལ་ཕེབས་པ་དང་གཟའ་འཁོར་རེར་འཚམས་འདྲི་ཐེངས་རེ་གནང་བ་དེས་ཀྲུང་གོ་གསར་པའི་ཕྱི་འབྲེལ་གྱི་ཟིན་ཐོ་གསར་པ་བཏོད་པ་དང་། འབྲེལ་གཏུག་ལ་ཤུགས་སྣོན་དང་། མཛའ་གྲོགས་ཟབ་ཏུ་བཏང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་གཏོད་པའི་ཕྱི་འབྲེལ་འདུ་ཤེས་དར་སྤེལ་ཧུར་ཐག་བཏང་བ་མ་ཟད་དེར་སྐུལ་འདེད་བཏང་གནང་ཡོད་པ་རེད།
             ཨུ་རུ་སུའི་ཉལ་ཝ་ཆུ་བོའི་སྟེང་ཆུ་རིས་ཤིག་ཤིག་མངོན་པ་དང་བསིལ་རླུང་དལ་པོའི་ངང་ལྡང་བཞིན་ཡོད། ཙུང་ཐུང་ཕུ་ཅིང་གི་ཕེབས་རོགས་འོག་འཚམས་འདྲིར་ཕེབས་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲུ་གཟིངས་ལ་བཞུགས་ནས་གཟིགས་སྐོར་གནང་བ་མ་ཟད། ཨ་ཧྥུ་ལེ་འར་རྟགས་ཅན་གྱི་མཚོ་སྐྱོད་དམག་གྲུར་གཟིགས་སྐོར་གནང་ཡོད། 
             ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་པའི་གསར་བརྗེ་ལངས་པ་དེས་ཀྲུང་གོར་མར་ཁེ་སི་རིང་ལུགས་དར་བ་དང་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ཡོད། དེར་བརྟེན་དེ་དང་ཀྲུང་གོའི་བར་འབྱུང་ཁུངས་ཀྱི་འབྲེལ་བ་ཡོད་པས། ང་ཚོའི་སེམས་དབུས་སུ་གནས་བབ་ཆེན་པོ་བཟུང་ཡོད་ཅེས་གསུངས་ཡོད་པ་རེད།
             ལོ་རྒྱུས་ལ་ཕྱིར་དྲན་དང་། མ་འོངས་ལ་རྒྱང་ལྟ་བྱེད། རྒྱས་ཅིང་གཟབ་པའི་དགའ་བསུའི་མཛད་སྒོ་དང་། ཡིད་དབང་འཕྲོག་པའི་མི་ཆོས་རིག་གནས་སྤེལ་རེས་སོགས་གང་ས་ཅི་ཐད་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་སྲ་ཞིང་བརྟན་པོ་ཡོད་པ་མངོན་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཟབ་མོ་ཡོད་པ་དེས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དུས་རབས་གསར་པར་སླེབས་རྒྱུར་ཐད་ཀར་སྐུལ་འདེད་ཐེབས་ཡོད། མོ་སི་ཁོ་ནས་ཧྲེང་བི་ཏེ་པའོ་བར་དུ། ཕུ་ཅིང་གིས་ཞི་ཅིན་ཕིང་ལ་ཕེབས་རོགས་ཞུས་ནས་བྱེད་སྒོ་༡༠ལྷག་སྤེལ་ཡོད་པ་རེད།
             གཙོ་བདག་དབར་མཛའ་གྲོགས་ཟབ་མོ་ལྡན་པ་བདེན་དཔང་བྱེད་པའི་ནང་། ད་དུང་ཅི་འར་ཅི་སི་སི་ཐན་དང་ཐ་ཅི་ཁེ་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་ཀྱི་བྱ་དགའ་མཐོ་ཤོས་ཀྱི་གཟེངས་རྟགས་ཚུད་ཡོད། མཉམ་འབྲེལ་གསལ་བསྒྲགས་གཉིས་སྤེལ་བའི་ནང་། ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་པའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་། དེ་བས་རྒྱ་ཆེ་ལ་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ཡོད་ཅེས་བསྟན་ཡོད།
             བྱང་ཁོ་རེ་ཡར་ཅིན་ཀྲེང་ཨེན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ཞུགས་པའི་འཚམས་འདྲིའི་བྱེད་སྒོ་ཆ་ཚང་ནང་ཞུགས་པ་མ་ཟད། ད་རེས་ཀྱི་འཚམས་འདྲིའི་སྐབས་སུ་ཐེངས་དང་པོ་མང་པོ་ཞིག་གསར་དུ་བཏོད་ཡོད་པ་སྟེ། ཅིན་ཤིའུ་ཧྲན་ཉི་མའི་ཕོ་བྲང་གི་ཐང་ཆེན་ཐོག་གུས་འདུད་ཞུས་པ་དང་ལེན་ཐེངས་དང་པོ་གནང་བ་དང་། རོལ་ཆ་རུ་ཁག་ཆེ་བ་གསུམ་གྱིས་དུས་མཉམ་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་པ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་རེས་ཀྱི་འཚམས་འདྲིར་དམིགས་ནས་ཆེད་མངགས་འཁྲབ་གཞུང་གསར་རྩོམ་དང་ནང་སྦྱོང་བྱས་པའི་ཚོགས་པའི་ལུས་སྦྱོང་དང་རིག་རྩལ་འཁྲབ་སྟོན་ཆེ་གྲས་བྱས་པ་བཅས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་རྡོ་རིང་ལ་གུས་མཇལ་གནང་བ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་གྲོགས་དེ་དུས་རབས་གསར་པའི་ནང་གི་གོང་འཕེལ་ཁ་ཕྱོགས་དེ་བས་གསལ་པོར་གྱུར་ཡོད།
             ལམ་ཆེན་ཐོག་ཏུ་ཁེར་རྐྱང་མིན། སྤྱོད་ལྡན་རྣམས་ལ་ཁྱིམ་མཚེས་ལྡན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་ཀྱི་བློ་གྲོས་དང་འགན་འཁྲིའི་བསམ་བློར་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བརྩི་འཇོག་དང་ཡིད་ཆེས་ཐོབ་ཡོད་ལ། ཁྱིམ་མཚེས་དབར་གྱི་མཛའ་གྲོགས་དང་ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ཡོད།
             ཁྱིམ་མཚེས་ཡག་པོ་ཞིག་དགོས་པ་མ་ཟད་གྲོགས་པོ་བཟང་པོ་ཞིག་སྒྲིག་ནས་ལམ་ཐག་རིང་པོར་བསྐྱོད་དགོས་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཡངས་དང་འདུ་ཤེས་ལ་ནུབ་ཕྱོགས་རྒྱལ་ཁབ་ནས་ཀྱང་གཅིག་མཚུངས་སུ་བརྩི་བཀུར་དང་བསྔགས་བརྗོད་ཐོབ་ཡོད། ད་ལོ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བར་ཕེབས་ས་དང་པོ་དེ་ཡོ་རོབ་གླིང་བདམས་གནང་བ་དང་ཉིན་མོ་དྲུག་དང་མཚན་མོ་ལྔའི་རིང་རྒྱལ་ཁབ་གསུམ་དང་གྲོང་ཁྱེར་ལྔ་ལ་འཚམས་འདྲི་གནང་བ་དང་། ཕྱོགས་གཉིས་དང་ཕྱོགས་མང་བྱེད་སྒོ་ཁག་༤༠ལྷག་ཙམ་ལ་ཞུགས་གནང་ཞིང་དེ་དག་ཚང་མ་སྤྲོ་བ་རབ་ཏུ་འཕེལ་བ་དང་སྦ་གསང་མེད་པའི་རྣམ་པའི་ཁྲོད་གནང་ཡོད། ཤེས་དཔལ་ལྡན་པའི་གནའ་བོའི་གྲོང་ཁྱེར་རོ་མར་དབྱི་ཐ་ལིས་ཉེ་ལམ་ལོ་བཅུ་ཙམ་རིང་ཕྱི་རྒྱལ་གྱི་གཙོ་བདག་ལ་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་ཆིབས་རགས་ཀྱི་བསུ་བ་ཞུ་རྒྱུ་ཐེངས་དང་པོ་བཀོད་སྒྲིག་བྱས་པ། དར་སྲོལ་གྲོང་ཁྱེར་ཕ་རི་སིས་དམིགས་བསལ་གྱི་གུས་ལུགས་མངོན་པ་བྱེད་ཆེད་ཙུང་ཐུང་མ་ཁེ་ལུང་གིས་རྒྱལ་ཁའི་སྒོ་མོ་ཆེར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་རྒྱུ་བཀོད་སྒྲིག་གནང་ཡོད་པ་རེད།
             ཆེད་མངགས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གནའ་རྫས་ཀྱིས་བརྒྱན་པའི་མོ་ན་ཀོའི་རྒྱལ་པོའི་ཕོ་བྲང་དུ་རྒྱལ་རྒྱུད་ཨ་འར་པེ་སྐུ་ཐོག་གཉིས་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྐུ་ཉིད་ནི་མོ་ན་ཀོའི་གུས་པར་འོས་པའི་གྲོགས་པོ་ཡིན་ལ་ང་ཚོའི་ཁྱིམ་གྱི་གུས་པར་འོས་པའི་གྲོགས་པོ་ཡང་ཡིན་ཞེས་གསུངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། རྒྱལ་ཁབ་གཅིག་ལ་གདེང་འཇོག་བྱེད་པར་རྒྱ་ཁྱོན་ཁོ་ནར་བལྟ་རྒྱུ་མེད་པར་རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་དང་མིའི་རིགས་ཀྱི་ཤེས་དཔལ་གོང་འཕེལ་ལ་སྐུལ་འདེད་གཏོང་ཤུགས་ལྡན་ཡོད་མེད་ལ་བལྟ་དགོས་ཀྱི་ཡོད། ཀྲུང་གོ་དང་ཏི་ཀྲུང་རྒྱ་མཚོའི་མུ་ཏིག་ཅེས་འབོད་པའི་རྒྱལ་ཁབ་མོ་ན་ཀོ་གཉིས་ནས་རྒྱལ་ཁབ་ཆེ་ཆུང་གཉིས་བར་མཛའ་གྲོགས་འགྲོ་འོང་བྱེད་པའི་ལམ་བུའི་ཐོག་བསྐྱོད་ཡོད་ཅེས་གསུངས་ཡོད།
             དེ་ནི་ཤར་ནུབ་ཤེས་དཔལ་ལས་བརྒལ་བའི་འཚམས་འདྲི་ཞིག་ཡིན། ཡོ་རོབ་གླིང་ལ་འཚམས་འདྲི་གནང་བ་དེ་རིག་གནས་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ། རྒྱལ་ཁབ་ཆེ་ཆུང་མི་འདྲ་བ། གོང་འཕེལ་དུས་རིམ་མི་འདྲ་བའི་རྒྱལ་ཁབ་བར་གྱི་མཛའ་གྲོགས་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད།
             སྔར་བས་རྒྱ་ཆེ་བའི་རྒྱལ་སྤྱིའི་ཕྱོགས་མང་སྟེགས་བུའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་གཟིགས་སྟངས་རྒྱུན་འཁྱོངས་གནང་བ་དང་། གཞན་ལེགས་པར་མཐོང་བ་དང་ལེགས་པ་མཉམ་འཛོམས་རྒྱུན་འཁྱོངས་གནང་བ། སྒོ་དབྱེ་ཁོག་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས། དུས་བསྟུན་མཉམ་སྐྱོད་དང་གསར་གཏོད་གོང་འཕེལ་རྒྱུན་འཁྱོངས་བཅས་ལ་མཐོང་ཆེན་གནང་གི་ཡོད། ལྗར་པན་དུ་འཚོགས་པའི་རྒྱལ་ཁབ་༢༠ཚོགས་པའི་དབུ་ཚོགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བར་ལྗར་པན་ནས་ཚད་མཐོའི་མཐོང་ཆེན་ཞུས་པ་དང་། ཕྱོགས་གཉིས་པོའི་བར་གནད་དོན་བཅུའི་ཐད་ཐུན་མོང་ངོས་འཛིན་བྱུང་ནས། ཀྲུང་ལྗར་རྒྱལ་ཁབ་གཉིས་པོ་ཕན་ཚུན་མཉམ་ལས་རོགས་པ་དང་། ཕན་ཚུན་ཉེན་ཁ་མི་བཟོ་བ། ཐུན་མོང་ཐོག་དུས་རབས་གསར་པའི་གོང་འཕེལ་བླང་བྱ་དང་འཚམ་པའི་ཀྲུང་ལྗར་འབྲེལ་བ་གཏོད་རྒྱུ་ཡིན་པ་ཁ་གསལ་བྱུང་ཡོད།
             ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕྱི་འབྲེལ་མཛད་བྲེལ་ཆེན་པོ་ཡོད་པ་དེའི་ཐོག་ནས། ཀྲུང་གོ་དང་འཛམ་གླིང་སྤེལ་རེས་བྱེད་པའི་མཐོ་ཚད་གསར་པ་མངོན་པ་དང་། ཀྲུང་གོའི་བཞེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་རྒྱ་ཁྱབ་ངང་ཁས་ལེན་དང་བརྩི་བཀུར་ཞུ་བ་མཚོན་ཐུབ། འཚམས་འདྲིར་ཕེབས་ཐེངས་རེ་རེ་ནི། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་བསམ་གཞིག་གཏིང་ཟབ་གནང་བ་ཞིག་ཡིན་པ་དང་། ཁོང་ནས་ཀྲུང་གོས་འཛམ་གླིང་གི་ཤེས་དཔལ་ལ་འཛིན་པའི་ལྟ་བ་ལག་བསྟར་གང་ལེགས་གནང་བ་ཞིག་ཡིན།
             ཀྲུའུ་ཞི་ཞི་ཅིན་ཕིང་གིས། དེང་དུས་ཀྱི་ཀྲུང་གོ་ནི། ཀྲུང་གོའི་ཀྲུང་གོ་ཙམ་མ་ཡིན་པར། དེ་ནི་ཨེ་ཤ་ཡའི་ཀྲུང་གོ་དང་འཛམ་གླིང་གི་ཀྲུང་གོ་ཡིན། འབྱུང་འགྱུར་ཀྲུང་གོས་སྔར་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་འཛམ་གླིང་ལ་བསུ་བ་ཞུ་རྒྱུ་དང་། སྔར་བས་གསོན་ཤུགས་ལྡན་པའི་ཤེས་དཔལ་གྱི་གྲུབ་འབྲས་འཛམ་གླིང་ལ་ལེགས་སྐྱེས་སུ་འབུལ་རྒྱུ་རེད་ཅེས་བསྟན་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།