ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཨ་རིས་ཨ་སྒོར་དུང་ཕྱུར་3000རིན་པའི་ཀྲུང་གོའི་ཚོང་ཟོག་གི་སྒོ་ཁྲལ་བརྒྱ་ཆ་10སྤོར་རྒྱུའི་ཁྱབ་བསྒྲགས་བྱས་པར་ཀྲུང་གོས་འདི་ལྟར་ལན་བསློགས་འདུག

སྤེལ་དུས 2019-08-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མིག་དམར་རྒྱལ་པོ།
               རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུད་ཀྱིས་ཉིན་ཤས་གོང་གཞི་གྲངས་ཤིག་སྤེལ་བའི་ནང་། སྤྱི་ལོ2019ལོའི་ཟླ7པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར31037ཟིན་པ་དང་། དེ་ལོ་སྟོད་ལས་ཨ་སྒོར་དུང་ཕྱུར310འཕར་ཡོད་པ་དང་། འཕར་ཚད་བརྒྱ་ཆ1ཟིན་ཞིང་། རྒྱུན་མཐུད་ངང་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད།
               འདས་པའི་ལོ་བཅུ་ཕྲག་ནང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཐོག་ཕྱི་དངུལ་གྲབས་གསོག་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་དང་། སྤྱི་ལོ2018ལོའི་ལོ་མཇུག་ཏུ་སླེབས་སྐབས། རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་གྱིས་གོ་ལ་ཧྲིལ་པོའི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་གྱི་བརྒྱ་ཆ་སུམ་ཅུ་ཟིན་ཞིང་། རྒྱལ་ཁབ་གཞན་པ་ལས་ཆེས་ཆེར་མཐོ་བ་ཡོད་པ་རེད།
               སྤྱི་ལོ2014ལོ་ནས་བཟུང་། རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་ཀྱིས་ཨ་སྒོར་དུང་ཕྱུར3ཁྲི་ལྷག་ཙམ་གྱི་ཆུ་ཚད་རྒྱུན་འཁྱོངས་བྱས་པ་མ་ཟད། སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད་པ། གཉེར་སྐྱོང་དོ་དམ་ཁྲོད། རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གིས་ཐོག་མཐའ་བར་གསུམ་དུ་སྣེ་མང་ཅན་དང་། ཁ་ཐོར་ཅན་གྱི་མ་འཇོག་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། ཁྲོམ་རའི་གནས་ཚུལ་ལ་གཞིགས་ནས་སྟབས་བསྟུན་ལེགས་སྒྲིག་བྱེད་པ་དང་། དངུལ་ལོར་དང་མ་རྩའི་གྲུབ་གཞི་རྒྱུན་མཐུད་ངང་ལེགས་སྒྲིག་བྱས་པས། སྤྱི་ཡོངས་ཀྱི་མ་འཇོག་ཉེན་ཁ་ཚོད་འཛིན་དང་། ཕྱི་དངུལ་གྲབས་གསོག་གི་རིན་སྲུང་རིན་འཕར་ལ་འགན་སྲུང་བྱས་ཡོད་པ་རེད།
               རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུད་ཀྱི་འགོ་འཛིན་ཧྥེན་ཅིན་ཧྲེང་གིས་སྤྱི་ལོ2019ལོའི་སྐབས་བཅུ་གཅིག་པའི་ལུའུ་ཅ་ཙུད་གླེང་སྟེགས་ཐོག ཀྲུང་གོའི་ཕྱི་དངུལ་གྲབས་གསོག་ནི་འཛམ་གླིང་ཧྲིལ་པོའི་དངུལ་རྩའི་ཁྲོམ་རའི་མ་འཇོག་པ་གལ་ཆེན་ཞིག་དང་། འགན་འཁུར་མཁན་གྱི་མ་འཇོག་པ་ཞིག་ཡིན་། ང་ཚོས་ཁྲོམ་ར་ཅན་གྱི་རྩ་དོན་ལྟར་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་འཁོར་སྐྱོད་ལ་གཞིགས་པ་དང་། རྒྱལ་སྤྱིའི་ཁྲོམ་རའི་སྒྲིག་སྲོལ་དང་ལས་རིགས་ལམ་སྲོལ་ལ་བརྩི་བཀུར་ཞུས་ནས། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་བརྟན་ལྷིང་དང་གོང་འཕེལ་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བསྟན་འདུག
               ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ལས་སྒོ་སྣེ་ཁ་འཛོམས་པ་དང་། ཐོན་ལས་མ་ལག་ཅུང་འཐུས་སྒོ་ཚང་བ། ཕྱིར་གཏོང་སྡེ་ཁག་གི་འགྲན་ནུས་ཆེ་བ། ནང་འདྲེན་ལ་བརྟེན་ཚད་འཚམས་པོ་ཡོད། མ་གཞི་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཐོན་པའི་རྒྱལ་སྤྱིའི་ཁོར་ཡུག་འོག ཕྱི་ཕྱོགས་ཀྱི་ངེས་མེད་རང་བཞིན་མང་དུ་འགྲོ་བཞིན་ཡོད་ཀྱང་། འདི་ལྟ་བུའི་གཞི་རྩའི་གནས་སྟངས་འོག རང་རྒྱལ་གྱི་རྒྱལ་ཁོངས་ལས་བརྒལ་བའི་མ་རྩ་འཁོར་སྐྱོད་དེ་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུར་ཆ་རྐྱེན་འདང་ངེས་ཡོད་ཅེས་གསུངས་འདུག
               རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུད་ཀྱི་གསར་འགྱུར་མགྲིན་ཚབ་པ་ཝང་ཁྲུན་དབྱིང་གིས། རྒྱལ་སྤྱིའི་དངུལ་ལོར་ཁོར་ཡུག་ལྟོས་བཅས་ཀྱིས་ལྷུག་ཡངས་ཡིན་པ་དེས་ཀྲུང་གོའི་ཕྱི་དངུལ་ཁྲོམ་ར་བརྟན་པོ་ཡོང་བ་བྱ་རྒྱུར་དེ་བས་ལེགས་པའི་མཐུན་རྐྱེན་སྐྲུན་ཡོད། རྒྱལ་ནང་གི་དངུལ་རྩའི་ཁྲོམ་རའི་སྒོ་དབྱེའི་ཚད་སྔར་བས་མཐོ་རུ་འགྲོ་བ་དང་། ཀྲུང་གོའི་བུན་འཛིན་ཁྲོམ་ར་དང་མ་རྐང་ཁྲོམ་ར་དེ་བས་རྒྱ་ཆེ་བའི་སྒོ་ནས་རྒྱལ་སྤྱིའི་གཙོ་རྒྱུག་སྟོན་གྲངས་ནང་འཇུག་པ་དང་། ང་ཚོའི་རྒྱལ་ཁོངས་ལས་བརྒལ་བའི་མ་དངུལ་འཁོར་རྒྱུག་གི་དོ་དམ་སྒྲོམ་གཞི་ཡང་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། རྒྱལ་ཁོངས་ལས་བརྒལ་བའི་མ་དངུལ་འཁོར་རྒྱུག་བརྟན་པོ་ཡིན་པས། ང་ཚོར་ཕྱི་ནང་གི་མཐུན་རྐྱེན་འདང་ངེས་ཡོད་ཅེས་གསུངས་འདུག 
               ཨ་རིས་ཨ་སྒོར་དུང་ཕྱུར་3000རི་བའི་ཀྲུང་གོ་ནས་ནང་འདྲེན་བྱེད་པའི་ཚོང་ཟོག་གི་སྒོ་ཁྲལ་བརྒྱ་ཆ་10སྤོར་རྒྱུའི་ཁྱབ་བསྒྲགས་བྱས་པའི་ཐད། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས། ཨ་རིའི་བྱེད་སྟངས་དེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཨ་ཀེན་ཐིང་དུ་ཐུག་འཕྲད་གནང་བ་དང་ཏ་པན་དུ་ཐུག་འཕྲད་གནང་སྐབས་བྱུང་བའི་གྲོས་མཐུན་ལ་རྒྱབ་ཀྱིས་ཕྱོགས་པ་དང་། གྲོས་བསྡུར་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུ་ལས་རྒྱབ་ཀྱིས་ཕྱོགས་པ་ཞིག་ཡིན་པས། ཀྲུང་གོས་དགོས་ངེས་ཀྱི་རྒོལ་ལན་མ་སློག་ཐབས་མེད་བཟོས་ཡོད་ཅེས་གསུངས་འདུག
རྩོམ་སྒྲིག་པ། སངས་སྐྱབས།