ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་སུས་ཐང་རྒོད་གཡུ་གཞོང་དང་བྱེ་ཐང་ཤིང་འབྲས་ལྡུམ་རར་སྒྱུར་བ།

སྤེལ་དུས 2019-08-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              སྤྱི་ཟླ་8པའི་ཚེས་17ཉིན་གྱི་སྔ་དྲོ། མི་རིགས་ལ་བསྟོད་གླུ་འབུལ། ང་ཚོའི་གཅེས་པར་འོས་པའི་མེས་རྒྱལ་ཞེས་པའི་མུ་འབྲེལ་གནས་ཚུལ་འགོད་སྤེལ་གྱི་ཤིན་ཅང་ལམ་ཐིག་གི་གསར་འགོད་པ་རྣམས་ཐེངས་འདིའི་བཅར་འདྲིའི་ས་ཡུལ་གཉིས་པ་ཨ་ཁེ་སུ་ས་ཁུལ་ལ་བསྐྱོད་ནས། དེ་སྔའི་སྐྱ་ཐེར་ས་རྒོད་ཀྱི་ཨ་ཁེ་སུ་དེ་ད་ཆའི་མཛེས་པའི་གཡུ་གཞོང་ལྟ་བུར་ཇི་ལྟར་འཛུགས་སྐྲུན་བྱས་མིན་ཐད་བཅར་འདྲི་ཞུས་པ་ཡིན།
ཁོ་ཁོ་ཡ་གདོད་མའི་ས་ངོས་ཆགས་ཚུལ།
              བསིལ་རླུང་དང་འགྲོགས་པའི་ཞོགས་ཆར་ཁྲོད་གསར་འགོད་པ་རྣམས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གཅིག་ཙམ་བསྐྱོད་རྗེས། ཁོ་ཁོ་ཡ་གདོད་མའི་ས་ངོས་ཆགས་ཚུལ་ཞེས་ཡི་གེ་དམར་པོ་བྲིས་པའི་ས་གཤིས་ལྟ་ས་ཞིག་ཏུ་སླེབས་བྱུང་། ཨ་ཁེ་སུ་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུད་ཀྱི་ཏང་ཨུད་ཨུ་ཡོན་ཁྲེན་ཅན་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཡི་གེ་དམར་པོ་བྲིས་པའི་བྲག་རྡོའི་རྒྱབ་ཕྱོགས་ཀྱི་ས་རྒོད་གྲོག་ཤུར་ནི་སྔོ་ལྗང་ཁུལ་འཛུགས་སྐྲུན་མ་བྱས་སྔོན་གྱི་ཨ་ཁེ་སུའི་ས་གཤིས་ཆགས་ཚུལ་ཡིན་པ་དང་། ས་སེར་གྲོག་ཤུར་དེ་ད་ལྟའི་སྔོ་ལྗང་དང་བསྡུར་བ་གཏོང་ཆེད་སྲུང་སྐྱོབ་བྱས་ནས་བཞག་ པར་བཤད། དེ་ཡང་དཀྱིལ་དབུས་ཀྱི་ས་རྒོད་གྲོག་ཤུར་དང་དེའི་གཡས་གཡོན་གྱི་ཚང་ཚིང་ཤིང་ནགས་དབར་ཁྱད་པར་ཆེན་པོ་ཡོད་ཅིང་། ངོ་མཚར་ཆེ་བའི་སྔོ་ལྗང་ཁུལ་དེ་མཐོང་སྐབས་ང་ཚོ་གསར་འགོད་པ་རྣམས་ཀྱང་ཧ་ལས་པར་གྱུར་ཏེ། ས་རྒོད་གྲོག་ཤུལ་གྱི་ས་གཤིས་ཆགས་ཚུལ་འདི་གང་འདྲ་བྱས་ཏེ་བྱུང་བ་དང་། ཁོར་ཡུག་ངན་པ་འདི་ལྟ་བུའི་ཁྲོད་ཨ་ཁེ་སུ་མི་དམངས་ཀྱིས་ཤིང་འཛུགས་ནགས་སྐྱོང་ཇི་ལྟར་བྱས་མིན། དེ་ལྟར་ཡུན་རིང་མཐའ་འཁྱོངས་བྱེད་པའི་སྟོབས་ཤུགས་གང་ནས་བྱུང་མིན་སོགས་པའི་དོགས་འདྲི་རེ་རེ་བཞིན་བཏོན་པར། ཨ་ཁེ་སུ་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུད་ཀྱི་ཏང་ཨུད་ཨུ་ཡོན་ཁྲེན་ཅན་ཅུན་གྱིས་སྔ་ས་ནས་གནས་དེར་སྒུག་ནས་བཞུགས་པའི་ཨ་ཁེ་སུ་ས་ཁུལ་ཁོ་ཁོ་ཡ་ནགས་ཚལ་དོ་དམ་ས་ཚིགས་ཀྱི་ནགས་སྲུང་བ་སུང་ཅན་ཅང་ལ་ཕྱོགས་ཏེ། དེའི་ཐད་ཁོང་ལ་སྐད་ཆ་ཤོད་དབང་དེ་བས་ཆེ་བ་ཡོད། གང་ཡིན་ཟེར་ན་ཁོང་ནི་ལོ་ངོ་32གོང་ཝུན་སུ་རྫོང་ཅ་མུའུ་ནགས་ར་ནས་ཁོ་ཁོ་ཡར་ཕེབས་པ་ཞིག་དང་ལྗང་འགྱུར་ལས་གཞིའི་ནང་ཐོག་མར་ཞུགས་མཁན་གྲས་ཡིན་ཞེས་གསུངས་པར། སུང་ཅན་ཅང་ནས་འཛུམ་དམུལ་དམུལ་ངང་། ང་རང་ཨ་ཁེ་སུ་ལ་ཐོག་མར་སླེབས་དུས་གནས་འདིར་རྟག་ཏུ་ཐལ་རླུང་ལྡང་བ་དང་གང་སར་བྱེ་རྡུལ་གྱིས་ཁེངས་ཀྱི་ཡོད་པས། སྐབས་དེ་དུས་དྭངས་གཙང་གྱི་མཁའ་དབུགས་ཤིག་རྔུབ་རྒྱུ་བྱུང་ན་ཅི་མ་རུང་བསམ་གྱི་ཡོད། དེས་ན་གནས་ཚུལ་འདིར་འགྱུར་ལྡོག་གཏོང་ཆེད་ང་ཚོས་བསམ་གཞིགས་མང་པོ་བྱས་པ་དང་དཀའ་ངལ་མང་པོ་བརྒྱབ་ཡོད། ས་རྒྱུ་ཞན་ལ་འདྲེན་ཆུ་དཀོན་པའི་ས་རྒོད་དང་བྱེ་ཐང་སྟེང་ཤིང་སྡོང་རེ་རེ་བཞིན་འདེབས་འཛུགས་དང་རེ་རེ་བཞིན་སྲུང་སྐྱོང་བྱས་པས་ད་ཆའི་སྔོ་ལྗང་འདི་ལྟ་བུ་འཛུགས་སྐྲུན་ཐུབ་ཡོད། ད་ཆ་མེ་ཏོག་ལྡུམ་ར་བཞིན་མཛེས་ཤིང་ཡིད་དུ་འོང་བའི་ཨ་ཁེ་སུའི་རྣམ་པ་འདི་ལྟ་བུ་མཐོང་སྐབས་སྔར་དཀའ་སྤྱད་ཀྱི་རྔུལ་ཆུ་གཏོར་བའི་ས་དེར་ད་ཆ་རེ་བའི་འབྲས་བཟང་སྨིན་སོང་བསམ་གྱི་འདུག མ་ཟད་ཕྱིན་ཆད་རང་ཉིད་ནས་མུ་མཐུད་ལས་གནས་བརྟན་སྲུང་བྱས་ཏེ། རང་དང་ལས་རོགས་ཚོའི་རྡུལ་ཆུ་ལས་བྱུང་བའི་འགོག་སྲུང་ནགས་ཚལ་འདི་སྲུང་སྐྱོང་ཡག་པོ་བྱེད་རྩིས་ཡོད་ཅེས་གསུངས།
ཨ་ཁེ་སུ་ས་ཁུལ་ཁོ་ཁོ་ཡ་ནགས་ཚལ་དོ་དམ་ས་ཚིགས་ཀྱི་ནགས་སྲུང་བ་སུང་ཅན་ཅང་ལ་བཅར་འདྲི་ཞུ་བ།
              དེ་དུས་ཆར་པ་ད་དུང་ཆད་མེད་པས། ང་ཚོ་རླངས་འཁོར་ལ་བསྡད་ནས་ཁོ་ཁོ་ཡ་ལྗང་འགྱུར་ལས་གཞིའི་དྲན་གསོ་ཁང་དུ་ལྟ་སྐོར་དུ་སྐྱོད་པ་ཡིན། མ་གཞི་དྲན་གསོ་ཁང་འདིའི་རྒྱ་ཁྱོན་ཆེན་པོ་དེ་ཙམ་མེད་མོད། འོན་ཀྱང་འདིའི་ནང་སྤྱི་ལོ་1986ལོ་ནས་བཟུང་ཨ་ཁེ་སུ་མི་རིགས་ཁག་གི་མི་དམངས་ཀྱིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་སྐབས་རིམ་བྱུང་གི་སྣེ་ཁྲིད་འོག་བྱེ་བཅོས་ནགས་བཟོའི་རླབས་ཆེའི་བྱ་གཞག་ཐོ་འགོད་བྱས་ཡོད་དེ། ཨ་ཁེ་སུ་མི་དམངས་ཀྱིས་རང་སྟོབས་རང་སྤེལ་དང་། མཐུན་སྒྲིལ་འབད་འཐབ། དཀའ་ཚེགས་ཆེན་པོས་བྱ་གཞག་གསར་སྐྲུན་བྱེད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྙིང་སྟོབས་གང་ལེགས་མངོན་པར་བྱས་འདུག ཁོ་ཁོ་ཡ་ནི་ཀྲུང་གོའི་བྱེ་ཐང་ཆེ་ཤོས་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་ནུབ་བྱང་མཚམས་སུ་གནས་ཤིང་། ལོ་ངོ་30ལྷག་གི་སྔོན་གནས་འདི་ནི་སྔོ་ཁེབས་ཐར་ཐོར་ལས་མེད་པའི་བྱེ་ཐང་ཞིག་ཡིན། ལོ་རེའི་སྤྱི་ཟླ་བཞི་པ་ལྔ་པར། རླུང་འཚུབ་དྲག་པོའི་ཁྲོད་བྱེ་རྡུལ་ལྡང་ནས་ཨ་ཁ་སུ་གྲོང་ཁྱེར་དང་ཝུན་སུའུ་རྫོང་། དེ་བཞིན་མཐའ་འཁོར་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ངན་པ་བཟོ་ཡི་ཡོད། དུས་ཚིགས་དེ་འཆར་རེ་བཞིན་ཁྱིམ་དུད་ཚང་མས་ཉིན་མོར་ཡང་སྒེའུ་ཁུང་རྒྱག་དགོས་པ་དང་གློག་སྒྲོན་ཡང་སྤོར་དགོས་ཤིང་། བྱེ་རླུང་དེ་འདྲ་ལོ་ལྟར་ཉིན་100ཙམ་ལྡང་གྱི་ཡོད་ཅེས་ཁོ་ཁོ་ཡ་ལྗང་འགྱུར་ལས་གཞིའི་དྲན་གསོ་ཁང་གི་འགྲེལ་བཤད་པ་ལི་ཞོལ་ལུང་གིས་གསུངས།
ཁོ་ཁོ་ཡ་ལྗང་འགྱུར་ལས་གཞིའི་དྲན་གསོ་ཁང་གི་འགྲེལ་བཤད་པ་ལི་ཞོལ་ལུང་ལ་བཅར་འདྲི་ཞུ་བ།
              ཤེས་རྟོགས་བྱུང་བར་གཞིགས་ན། ཁོ་ཁོ་ཡ་ལྗང་འགྱུར་ལས་གཞི་དེ་སྤྱི་ལོ་1986ལོ་ནས་འགོ་ཚུགས་པ་ནས་སྤྱི་ལོ་2015ལོར་མཇུག་འགྲིལ་བའི་བར། འོས་འགན་ཤིང་འཛུགས་ནང་ཞུགས་མཁན་མི་ཐེངས་ས་ཡ་གསུམ་དང་བཞི་འབུམ་ཙམ་ཟིན་པ་དང་། ནགས་བཟོ་ཁྱོན་བསྡོམས་མུའུ་ས་ཡ་གཅིག་དང་ཆིག་འབུམ་ལྔ་ཁྲི་སུམ་སྟོང་བྱས་པ། རིམ་རྩིས་བྱས་ན་སྡོང་རྐང་བྱེ་བ་གཅིག་དང་ས་ཡ་གསུམ་དང་གསུམ་འབུམ་བདུན་ཁྲི་ཙམ་འདེབས་འཛུགས་བྱས་པས། སྔོན་ཆད་ཀྱི་བྱེ་རྡུལ་རླུང་འཚུབ་ཀྱི་འབྱུང་གནས་ཉིད་མིག་སྔའི་ཤིན་ཅང་ལྷོ་མའི་བྱེ་ཐང་ཐོག་གི་སྔོ་ལྗང་སྤང་ལྗོངས་སུ་གྱུར་ཡོད་པ་རེད།

དེ་སྔའི་རྣམ་པ།

ད་ལྟའི་རྣམ་པ།
              དེ་རྗེས་ང་ཚོ་སླར་ཡང་འགྲུལ་ཞུད་བྱེད་འགོ་ཚུགས། ཧ་ལམ་ཆུ་ཚོད་གཅིག་ལྷག་སོང་རྗེས། ང་ཚོ་ཨ་ཁེ་སུ་ཀུ་ཤུ་འདེབས་གསོ་སྟབས་བདེ་ཅན་གྱི་དཔེ་སྟོན་རྟེན་གཞིར་འབྱོར། ཨ་ཁེ་སུ་ས་ཁུལ་ནི་རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་ཁྱད་ལྡན་ཀུ་ཤུའི་ཐོན་ཁུལ་ཞིག་ཡིན་ཞིང་། ཐོན་རྫས་རྒྱལ་ཡོངས་ཀུན་ལ་ཁྱབ་ཅིང་། ཝུན་སུའུ་རྫོང་ནི་ཀུ་ཤུ་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན། མིག་སྔར་ཀུ་ཤུའི་རྟེན་གཞིའི་རྒྱ་ཁྱོན་ལ་མུའུ་ཆིག་འབུམ་ཆིག་ཁྲི་ཟིན་པ་དང་ཐོན་འབོར་ཏུན་ཆིག་འབུམ་ལྔ་ཁྲི་ཟིན་པ། ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར་བརྒྱད་ལྷག་ཟིན་པ། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞི་བསྒྱུར་བཅོས་སྔར་བས་གཏིང་ཟབ་བྱ་ཆེད། ཁོ་ཁོ་ཡའི་མུའུ་ཁྲི་བཅུ་ཟིན་པའི་སྐྱེ་ཁམས་གླིང་དུ་དེང་རབས་ཀུ་ཤུའི་འདེབས་གསོ་སྟབས་བདེ་ཅན་གྱི་དཔེ་སྟོན་རྟེན་གཞི་མུའུ་5000འཛུགས་སྐྲུན་དང་། ནགས་ལས་དང་ཤིང་ཏོག་ཐོན་ལས་ནས་སྟབས་བདེ་ཅན་དང་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ཁྱད་ལྡན་དང་སྤུས་ཚད། ཕན་འབྲས་བཅས་གོང་མཐོར་བཏང་ནས་དབུལ་སྒྲོལ་འགག་གཏོར་ལ་འདེགས་སྐྱོར་བྱས་ཡོད།
ཨ་ཁེ་སུ་ཀུ་ཤུ་ཚད་ཡོད་ཀུང་སིའི་སྤྱི་འདོམས་པ་ལི་ཧུང་ལ་བཅར་འདྲི་ཞུ་བ།
              དེ་རྗེས་ང་ཚོ་ཝུན་སུའུ་རྫོང་ཧའོ་ཡོན་རྒུན་འབྲུམ་ཨ་རག་འགན་འཁྲི་ཚད་ཡོད་ཀུང་སིར་བསྐྱོད། ཀུང་སི་འདི་སྤྱི་ལོ་2000ལོར་བཙུགས་པ་དང་། ཝུན་སུའུ་རྫོང་ཚོང་འགུག་མ་འདྲེན་གྱི་དཔེ་སྟོན་ནུས་པ་མངོན་གསལ་དོད་པའི་དེང་རབས་ཅན་གྱི་ཁེ་ལས་ཤིག་ཡིན་ཞིང་། རྒྱ་ཁྱོན་ལ་མུའུ་9200ལྷག་ཡོད།
              ཁེ་ལས་ཀྱིས་རྒུན་འབྲུམ་འདེབས་འཛུགས་དང་ལས་སྣོན་ཞིབ་ཚགས་གཉིས་མཉམ་འདྲེས་གཏིང་ཟབ་བྱས་ཡོད་ཅིང་། དམིགས་བསལ་གྱི་ས་ཆུ་དང་འོད་དྲོད་ཐོན་ཁུངས་དང་། སྐྱེ་ཁམས་ཤེས་དཔལ་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། རིམ་བཞིན་རྒུན་འབྲུམ་འདེབས་འཛུགས་དང་རྒུན་འབྲུམ་ཨ་རག་ལས་སྣོན་དང་། རྒུན་འབྲུམ་གྱི་ཁྱད་ལྡན་ཡུལ་སྐོར། རྒུན་འབྲུམ་ཨ་རག་གི་རིག་གནས་གྲོང་རྡལ་ཆུང་ངུ་ཞེས་པའི་ཐོན་ལས་མཉམ་འདྲེས་གོང་འཕེལ་གཏོང་བཞིན་ཡོད།

ཨ་ཁེ་སུ་ས་ཁུལ་ཝུན་སུའུ་རྫོང་ཧའོ་ཡོན་རྒུན་འབྲུམ་ཨ་རག་བཟོ་གྲྭ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཀྲང་པིན་ལ་བཅར་འདྲི་ཞུ་བ།
              མིག་སྔར་ཀུང་སིའི་དེའི་འཛུགས་བསྐྲུན་དེ་དུས་རིམ་གསུམ་ལ་དབྱེ་ནས་འཆར་འགོད་བྱེད་བཞིན་ཡོད།དེ་ཡང་གཅིག་ནས་རྨང་གཞིའི་སྒྲིག་ཆས་དང་མུའུ་ཁྲི་ཟིན་པའི་རྒུན་འབྲུམ་སྐྱེ་ལྡན་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དང་། མིག་སྔར་མ་འཇོག་སྒོར་བྱེ་བ་དྲུག་དང་ས་ཡ་བདུན་དང་བདུན་ཁྲི་བརྒྱད་སྟོང་བྱས་ཟིན་ཞིང་། གཙོ་བོ་སྐྱེ་ལྡན་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་མུའུ་6440བར་འཕེལ་རྒྱས་གཏོང་རྒྱུ་དང་། གཉིས་ནས་ཏུན་སྟོང་ཟིན་པའི་རྒུན་འབྲུམ་ཨ་རག་གི་ཐོན་སྐྱེད་འཁོར་ཁང་དང་སྐྱེ་ཁམས་གསོ་སྤེལ་ཁུལ་བསྐྲུན་རྒྱུ་དང་། སྔོན་དཔག་བྱས་ན་མ་འཇོག་སྒོར་བྱེ་བ་བདུན་དང་ས་ཡ་བདུན་ཟིན་རྒྱུ། གསུམ་ནས་རྒུན་འབྲུམ་ཨ་རག་རོ་མྱོང་བྱེད་གནས་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་ཁྲོམ་གཞུང་། རྒྱལ་སྤྱིའི་རྟ་རྒྱུགས་འགྲན་ར། དེ་བཞིན་རྒན་གསོའི་སྡེ་ཁུལ་སོགས་འཛུགས་སྐྲུན་བྱེད་པར། སྔོན་དཔག་བྱས་ན་མ་འཇོག་སྒོར་དུང་ཕྱུར་བཞི་ཙམ་ཟིན་རྒྱུ་རེད། དེ་ཡང་སྣེ་མང་ཅན་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་ཧུར་ཐག་གཏོད་པ་བརྒྱུད། སྐྱེ་ཁམས་ཉིད་ཡུལ་སྐོར་དང་སློབ་གསོ། རིག་གནས་སོགས་ཐོན་ལས་དང་མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཨ་ཁེ་སུ་ས་ཁུལ་ཝུན་སུའུ་རྫོང་ཧའོ་ཡོན་རྒུན་འབྲུམ་ཨ་རག་འགན་འཁྲི་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཀྲང་པིན་གྱིས་གསུངས།
རྒུན་འབྲུམ་ཨ་རག་བཟོ་སའི་ཐོན་སྐྱེད་འཁོར་ཁང་གི་ཟུར་ཞིག
              གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེས་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་པའི་འབོད་སྐུལ་ལ་ལན་ཆ་ཧུར་ཐག་བྱ་ཆེད། དུས་ཡུན་རིང་པོར་ས་གནས་ཞིང་དུད་ལ་གཏན་འཇགས་ཀྱི་ངལ་རྩོལ་ལས་གནས་200དང་ལས་ཀ་མང་བའི་སྐབས་སུ་གནས་སྐབས་ཀྱི་ལས་གནས་400ཙམ་མཁོ་འདོན་བྱེད་ཀྱི་ཡོད་ཅིང་། རིམ་རྩིས་བྱས་ན་ལོ་རེར་ལས་མི་མི་ཐེངས་བརྒྱད་ཁྲི་ཙམ་བཀོལ་སྤྱོད་དང་། དབུལ་ཕོངས་ཐེམ་དུད་33གྱི་ཁྱིམ་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1000ཙམ་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད།
              ཉིན་གཅིག་གི་འགྲུལ་བཞུད་དང་བཅར་འདྲི་བརྒྱུད། གསར་འགོད་པར་ཨ་ཁེ་སུ་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་ཞེས་པའི་ཚན་རིག་དང་མཐུན་པའི་བཀའ་མོལ་དེ་ལག་ལེན་དངོས་སུ་བསྟར་ནས་ཧུར་བརྩོན་ཆེན་པོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་བདེ་སྐྱིད་ཕུན་ཚོགས་ཀྱི་འཚོ་བ་སྐྲུན་བཞིན་ པ་མིག་མཐོང་ལག་ཟིན་བྱུང་ལ། དེ་བས་ཨ་ཁེ་སུ་ས་ཁུལ་གྱི་འབྱུང་འགྱུར་དེ་བས་ལྟ་ན་སྡུག་པར་འགྱུར་རྒྱུར་ཡིད་ཆེས་ཀྱིས་ཁེངས་སོ།།
རྩོམ་སྒྲིག་པ། སངས་སྐྱབས།