ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་དགེ་རྒན་བཟང་པོ་ཞིག་བྱེད་ཅེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགེ་རྒན་ལ་ཐུགས་ཁུར་དང་ཐུགས་རེ་གནང་བ།

སྤེལ་དུས 2019-09-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
               ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། དགེ་རྒན་དུས་ཆེན་གྱི་སྐབས་སུ་དགེ་རྒན་ལ་བྱམས་བརྩེའི་ཐུགས་ཁུར་དང་ཐུགས་རེ་ཆེན་པོ་ཐེངས་མང་གནང་མྱོང་ཡོད། སྤྱི་ཟླ་9པའི་ཚེས་10ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་ཐེངས་སུམ་ཅུ་སོ་ལྔ་པ་དེ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་ངག་བསྐྱར་དྲན་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་བའི་བཤེས་གཉེན་དང་སློབ་གསོའི་ལས་དོན་པར་གུས་འདུད་ཞུ་རྒྱུ་ཡིན།
               སྤྱི་ལོ་2013ལོའི་ཟླ་9པའི་ཚེས་9ཉིན། ཨུ་ཙེ་པེ་ཁེ་སི་ཐན་དུ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ལ་འཚམས་འདྲིའི་ཕྱག་ཡིག་བསྐུར་གནང་བ་དང་། རྒྱ་ཆེའི་དགེ་རྒན་རྣམས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད། ཁོང་གིས། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས། དགེ་རྒན་གྱི་ལས་རིགས་དེ་སྤྱི་ཚོགས་ཀྱི་བརྩི་བཀུར་ཆེ་ཤོས་ཐོབ་སའི་ལས་རིགས་ལ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
               སྤྱི་ལོ་2014ལོའི་དགེ་རྒན་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དགེ་འོས་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཁོང་གིས། དགེ་རྒན་ནི་གལ་འགངས་ཆེན་པོ་ཡིན་པ་དེ་དགེ་རྒན་གྱི་ལས་ཀ་ནི་བླ་སྲོག་བསྐྲུན་པ་དང་ཚེ་སྲོག་བསྐྲུན་པ། མི་གསོ་སྐྱོང་བཅས་ཀྱི་ལས་ཀ་ཞིག་ཡིན་པས་ཡིན། མི་ཞིག་ལ་དགེ་རྒན་ཡག་པོ་ཞིག་འཕྲད་པ་ནི་མི་ཚེའི་བསོད་ནམས་ཡིན་པ་དང་། སློབ་གྲྭ་ཞིག་ལ་དགེ་རྒན་ཡག་པོ་ཞིག་ཡོད་པ་ནི་སློབ་གྲྭ་དེའི་གཟི་བརྗིད་ཡིན་པ། མི་རིགས་ཤིག་ལ་དགེ་རྒན་ཡག་པོ་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་ནི་མི་རིགས་དེའི་རེ་བ་ཡིན་ཞེས་ནན་སྟོན་གནང་ཡོད།
               ཞི་ཅིན་ཕིང་གིས། དགེ་རྒན་ཡག་པོ་ཞིག་བྱེད་པར་ཀུན་སྤྱོད་བཟང་པོ་ལྡན་དགོས། དགེ་རྒན་ནི་སློབ་མའི་ཀུན་སྤྱོད་བྱང་ཚད་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན། དགེ་རྒན་ཡག་པོ་ཞིག་ཡིན་ཚེ་ཤེས་ཡོན་མཆོག་ཏུ་གྱུར་བ་དང་སྤྱོད་ཡོན་གཉིས་ལྡན་ཡིན་དགོས་པས། ཀུན་སྤྱོད་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། གཤིས་རྒྱུད་བཟང་པོ་ལྡན་པ་ཞིག་དགོས་པ་མ་ཟད། ཡང་དག་པའི་ཀུན་སྤྱོད་ཀྱི་ལྟ་བ་སློབ་མར་རྒྱུད་སྤེལ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
               སྤྱི་ལོ་2015ལོའི་ཟླ་9པའི་ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ་2014ལོའི་རྒྱལ་ཁབ་ཀྱི་གསོ་སྐྱོང་འཆར་གཞི་ཞེས་པ་སྟེ། པེ་ཅིང་དགེ་འོས་སློབ་ཆེན་གྱི་ཀུའེ་ཀྲའུ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སྦྱོང་བརྡར་ནང་ཞུགས་མཁན་གྱི་དགེ་རྒན་ཡོངས་ལ་འཕྲིན་ལན་བསྐུར་གནང་ནས། ཁོང་ཚོར་རེ་བ་ཆེན་པོ་བཏོན་གནང་ཡོད་པ་མ་ཟད་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་གནང་ཡོད་པ་རེད།
               སྤྱི་ལོ་2016ལོའི་ཟླ་བ་9པའི་ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོང་གི་མ་ཡུམ་སློབ་གྲྭ་སྟེ། པེ་ཅིན་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭར་དགེ་སློབ་ཚོར་གཟིགས་པར་ཕེབས་ཡོད། དེ་སྔའི་དགེ་རྒན་རྒན་གྲས་དག་མཇལ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ཁོང་རྣམ་པ་དང་རེ་རེ་བཞིན་ཕྱག་གནང་སྟེ། སྔར་སོང་ལ་རྗེས་དྲན་དང་དགེ་རྒན་རྣམ་པས་དེ་སྔ་བཀའ་སློབ་བསྩལ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཁོང་རྣམ་པ་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།
               ཞི་ཅིན་ཕིང་གིས། དེ་སྔ་རྒན་ལགས་རྣམས་ནས་ང་ཚོར་རེ་བ་ནན་པོ་བཏོན་གནང་བ་དེ་ཚོ་ད་ལྟ་ཕྱིར་དྲན་བྱེད་སྐབས་ཚེ་གང་ལ་ཕན་ཐོགས་ཡོད་པ་ཞིག་ཡིན། རྒན་ལགས་རྣམ་པ་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། རྒན་ལགས་རྣམས་སྐུ་གཟུགས་གསལ་ཐང་ཡིན་པ་མཐོང་སྐབས་ང་རང་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ཞེས་གསུངས་ཡོད།
               དགེ་སློབ་ཀྱི་འཐུས་མི་དང་བཞུགས་མོལ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས། རྨང་གཞིའི་སློབ་གསོ་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་བྱ་གཞག་ཅིག་ཡིན་པས། དར་ཆ་གསལ་སྟོན་སྒོ་ནས་བསམ་བློ་ཆབ་སྲིད་སློབ་གསོ་དང་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་རྒྱག་པ། སློབ་མ་ཚོས་རང་གཅེས་དང་རང་ལ་ཡིད་ཆེས། རང་ཚུགས། རང་བརྩོན་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
               ཞི་ཅིན་ཕིང་ནས། རྨང་གཞིའི་སློབ་གསོས་གཞོན་ནུ་ལོ་ཆུང་འཚར་ལོངས་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས། རྨང་གཞིའི་ཞབས་ཞུ་བརྟན་དུ་གཏོང་ཆེད། ལྗང་བུ་ལག་འཐེན་ལྟ་བུ་བྱ་རྒྱུ་མེད་པར། སློབ་གྲྭས་དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་གསོ་གཉེར་རྒྱུར་སྐུལ་ལྕག་གཏོང་བ་དང་། དགེ་རྒན་གྱིས་ཁྱད་ཆོས་ལྡན་པའི་སློབ་ཁྲིད་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་ཞེས་གསུངས་གནང་ཡོད།
               སྤྱི་ལོ་2018ལོའི་ཟླ་བ་9པའི་ཚེས་10ཉིན། རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་པེ་ཅིན་དུ་སྐོང་འཚོགས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཐད་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་ལ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཐད་བླང་བྱ་དེ་བས་མཐོ་བ་བཏོན་གནང་ཡོད།
               ཞི་ཅིན་ཕིང་ནས། མི་དམངས་ཀྱི་དགེ་རྒན་ནི་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན་པས། དགེ་རྒན་མི་རེ་ངོ་རེ་ཚང་མས་གཟི་བརྗིད་འདིར་གཅེས་འཛིན་དང་ལས་རིགས་འདིར་གཅེས་འཛིན་བྱས་ཏེ། རང་ཉིད་ལ་བླང་བྱ་ནན་པོ་བཏོན་པ་དང་། རང་ཉིད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། དགེ་རྒན་ཞིག་བྱེད་པར་དཔེ་ཁྲིད་མི་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོར་དགའ་ཞེན་ཡོད་པའི་གཏིང་ཤུགས་དང་ཁེ་གྲགས་མི་གཉེར་བ་བརྟན་སྲུང་བྱེད་དགོས། སློབ་གཉེར་ཆ་རྐྱེན་ཟམ་མི་ཆད་པར་ལེགས་བཅོས་བྱུང་བ་དང་བསྟུན། སློབ་གསོའི་ཐད་མ་འཇོག་གཏོང་ཤུགས་དེ་དགེ་རྒན་ལ་ཕྱོགས་ལྷུང་སྔར་ལས་ལྷག་པ་བྱེད་པ་དང་། དགེ་རྒན་གྱི་ཐོབ་ཐང་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ། རྒྱ་ཆེའི་དགེ་རྒན་རྣམས་ནས་བློ་རྩེ་གཅིག་སྒྲིམ་ངང་སློབ་གཉེར་བྱེད་པ་དང་སྤྲོ་སེམས་འཁོལ་པོས་སློབ་གཉེར་ནང་ཞུགས་ཐུབ་པ་བྱེད་དགོས་ཞེས་གསུངས་གནང་ཡོད།
               ལོ་བརྒྱའི་ཇུས་ཆེན་སློབ་གསོ་རྩ་བར་འཛིན་པ་དང་། སློབ་གསོའི་ཇུས་ཆེན་དགེ་རྒན་རྩ་བར་འཛིན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ཁབ་དར་རྒྱས་དང་། མི་རིགས་དར་རྒྱས། སློབ་གསོ་གོང་འཕེལ་བཅས་ཡོང་བར་ང་ཚོས་དགེ་རྒན་གྱི་སྤྱོད་ཚུལ་ལེགས་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་གཞི་ལུགས་མཐུན། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་ཅིག་སྐྱེད་སྲིང་ཡག་པོ་བྱས་ཏེ། དགེ་རྒན་བཟང་པོ་ཁག་ཅིག་ཐོན་པ་བྱེད་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམ་པས་ཕུགས་བསམ་གྱི་དད་སེམས་ལྡན་པ་དང་། ཀུན་སྤྱོད་ཀྱི་དགོངས་ཚུལ་ལྡན་པ། ཤེས་ཡོན་ལྡན་པ། བྱམས་བརྩེ་ལྡན་པ་བཅས་ཀྱི་དགེ་རྒན་བཟང་པོ་ཞིག་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་གི་ཆུ་ཚད་ལ་སླེབས་པའི་དེང་རབས་སློབ་གསོ་གོང་འཕེལ་གཏོང་ཆེད། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་གནང་ཡོད།
               ཞི་ཅིན་ཕིང་གིས། ད་ལྟའི་སློབ་མ་རྣམས་ནི་འབྱུང་འགྱུར་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་གཙོ་ཤུགས་དམག་ཡིན་པ་དང་། རྒྱ་ཆེའི་དགེ་རྒན་རྣམས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་བསམ་རུ་ཁག་གཏོད་མཁན་ཞིག་ཡིན། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམ་པས་སེམས་ནུས་ཡོད་རྒུ་དང་བརྩེ་བ་ཟབ་མོ་སློབ་གསོའི་བྱ་གཞག་ལ་བཅངས་ནས་དཔེ་ཁྲིད་དང་མི་སྣ་སྐྱོང་བའི་ལས་དོན་ཁྲོད་ལས་སྒོ་གསར་པ་ཟམ་མི་ཆད་གཏོད་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།