ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

2019ལོའི་ཐེན་ཅིན་དང་ཆབ་མདོའི་རིག་གནས་སྤེལ་རེས་ཟླ་བའི་བྱེད་སྒོ་ཚང་མ་སྤེལ་འགོ་ཚུགས་པ།

སྤེལ་དུས 2019-09-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་གྱི་སྔ་དྲོར་ཆབ་མདོའི་ཁྱད་ལྡན་རིག་གནས་ཐོན་རྫས་འགྲེམས་སྟོན་ཐེན་ཅིན་དུ་འགོ་ཚུགས་པ་དང་བསྟུན་ནས་དུས་ཡུན་ཉིན་15ཡི་རིང་གི་ཐེན་ཅིན་དང་ཆབ་མདོའི་རིག་གནས་སྤེལ་རེས་ཟླ་བའི་བྱེད་སྒོ་ཚང་མ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་རིག་གནས་སྤེལ་རེས་ཟླ་བར“ཅིན་ཆབ་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་ཆབ་མདོའི་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ”བརྗོད་དོན་གཙོ་བོར་བྱས་ཡོད་ཅིང་། དེར“2019ལོའི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་རིག་གནས་ཡུལ་སྐོར་འགྲེམས་སྟོན་འོས་སྦྱོར”དང་“གངས་ལྗོངས་ཀྱི་གཟི་འོད་དེ་བོད་ལྗོངས་ཆབ་མདོའི་ཐང་ག་རྩེ་གྲ་བརྒྱའི་ཆེད་དོན་འགྲེམས་སྟོན”“ཆབ་མདོའི་ཁྱད་ལྡན་རིག་གནས་ཐོན་རྫས་འགྲེམས་སྟོན”བཅས་བྱེད་སྒོ་ཁག་གསུམ་ཚུད་ཡོད་པ་རེད། 
              ངོ་སྤྲོད་བྱས་པར་གཞིགས་ན། ཐེན་ཅིན་དང་ཆབ་མདོའི་རིག་གནས་སྤེལ་རེས་ཟླ་བའི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཐེན་ཅིན་གྱི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་ཆབ་མདོའི་ཐོན་ལས་ཀྱི་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་དྲིལ་སྒྲོག་བྱེད་པ་དང་། ཐེན་ཅིན་དང་ཆབ་མདོའི་རིག་གནས་སྤེལ་རེས་དང་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་བ། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་ཚོམས་དང་ཐ་ན་ཀྲུང་གོ་དང་ཉི་ཧོང་། ལྷོ་ཁོར་བཅས་ཀྱི་ཚོང་དོན་རྒྱུད། མཚོ་ཐོག་དར་གོས་ལམ་བུ་བཅས་སུ་བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་གནས་ཁེ་ལས་ཆབ་མདོར་མ་འཇོག་མཉམ་ལས་སུ་ནང་འདྲེན་བྱ་རྒྱུ་མ་ཟད། ཐེན་ཅིན་གྱི་རིག་གནས་དང་ཡུལ་སྐོར། དངུལ་རྩ། ཚན་རྩལ་སོགས་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་ཏེ་ཆབ་མདོའི་རིག་གནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཆབ་མདོའི་རིག་གནས་ཁེ་ལས་ཕྱིར་སྐྱོད་རྒྱུར་སྐུལ་འདེད་གཏོང་བ། དེ་དང་ཆབས་ཅིག་ཆབ་མདོའི་རིག་གནས་ཁེ་ལས་ཕྱི་ཕྱོགས་ལ་དྲིལ་སྒྲོག་དང་འགྲེམས་སྟོན། འོས་སྦྱོར། སྤེལ་རེས་བཅས་ཀྱི་ལས་སྟེགས་སྤུས་ལེགས་རྒྱ་ཁྱབ་ངང་མཁོ་འདོན་བྱས་ནས་ཁྲོམ་རའི་དགོས་མཁོ་སྔར་བས་ཤེས་རྟོགས་ཐུབ་པ་དང་། ཚོང་ལས་མཉམ་ལས་འཚོལ་བ། བྲིན་ཁ་རྒྱུག་པའི་ཐོན་རྫས་གསར་སྤེལ་བྱེད་པ། འཛད་སྤྱོད་ཁྲོམ་ར་རྒྱ་ཆེར་གཏོང་བ།ཐོན་ལས་ཀྱི་ཐོན་རྫས་རིན་ཐང་ཆེ་རུ་བཏང་སྟེ་ཆབ་མདོར་དགེ་མཚན་ཆེ་ཙམ་ལྡན་པའི་རིག་གནས་ཐོན་ལས་མགྱོགས་མྱུར་ངང་རྒྱ་བསྐྱེད་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་ནས། རིག་གནས་ཐོན་ལས་ཀྱིས་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི“རང་ཉིད་དབུལ་སྒྲོལ་ཐུབ་པའི”ནུས་པ་ཆེ་རུ་བཏང་སྟེ་ཆབ་མདོའི་ཐོན་ལས་གནད་སྨིན་དབུལ་སྒྲོལ་ཐུབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་རེད། 
              ཤེས་རྟོགས་བྱུང་བར་གཞིགས་ན། “ཆབ་མདོའི་ཁྱད་ལྡན་རིག་གནས་ཐོན་རྫས་འགྲེམས་སྟོན”དེ་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་ནན་ཁའེ་ཆུས་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་གནང་པ་དང་། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་གནས་ཅུས)ཐེན་ཅིན་གྲོང་ཁྱེར་ནན་ཁའེ་ཆུས་གནའ་བོའི་རིག་གནས་ཁྲོམ་གཞུང་དོ་དམ་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་ཏེ། ཡུལ་དངོས་མཛེས་ལྗོངས་ཁུལ་གྱི་མི་སེར་དང་དེ་བཞིན་ཕྱི་ནས་ཡོང་བའི་ཡུལ་སྐོར་བར་ཆབ་མདོའི་ཁྱད་ལྡན་རིག་གནས་དབུལ་སྐྱོར་ཁེ་ལས་17ནས་ཡོང་བའི་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཟངས་སྐུ་དང་ལྕགས་རིགས་སྣ་ཚོགས་ཀྱི་ལག་ཤེས་རྒྱན་ཆ། བོད་སྤོས། རྫ་དཀར། བ་སོ། ཤིང་བརྐོས། ཤིང་བཟོས་ཐོན་རྫས། མི་རིགས་ཀྱི་སྒམ་ཆུང་། ཕྲེང་བ། དབུལ་སྐྱོར་ཐང་ཐང་གའི་བརྩམས་ཆོས་སོགས་མི་རིགས་ཀྱི་ལག་ཤེས་ཐོན་རྫས་དང་དེ་བཞིན་རིག་གནས་ཡུལ་གསར་གཏོད་ཐོན་རྫས་100ལྷག་ཙམ་འགྲེམས་ཚོང་གནང་ཡོད་ཅིང་། གཞན་ཡང་2019ལོའི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་རིག་གནས་ཡུལ་སྐོར་འགྲེམས་སྟོན་དྲིལ་སྒྲོག་བྱེད་སྒོ་དེ་ཟླ་9ཚེས་8ཉིན་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ་ཆབ་མདོའི་གྲོང་ཁྱེར་གྱི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པ་མ་ཟད། ཆབ་མདོའི་ཕུན་སུམ་ཚོགས་པའི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཐོན་རྫས་ཀྱི་དབུལ་སྐྱོར་གྲུབ་འབྲས་དྲིལ་སྒྲོག་ནུས་ལྡན་བྱས་ཏེ་ཡུལ་དངོས་སུ་རིམ་རྩིས་བརྒྱབ་ན་ཕྱིར་ཚོང་བྱེད་འབོར་སྒོར་ཁྲི་4ལྷག་ཙམ་ཟིན་ཡོད་པ་རེད། 
              ཕྱི་ཕྱོགས་སྤེལ་རེས་འགྲེམས་སྟོན་དྲིལ་སྒྲོག་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ཀྱིས་ཆབ་མདོའི་རིག་གནས་ཐོན་ལས་ཕྱིར་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་ཆབ་མདོའི་ཐང་ག་དང་ལྕགས་རིགས་བཙོ་སྦྱོང་།བོད་སྨན། ཤིང་བརྐོས། བོད་ཀྱི་གཡང་ཊིའི་དཀར་ཆས་སོགས་ལེགས་ལྡན་པའི་རིག་གནས་ཐོན་ལས་རྒྱ་བསྐྱེད་སྟོབས་ཆེར་གཏོང་བའི་བྱ་ཐབས་གལ་ཆེན་ཤིག་རེད། ཉེ་བའི་ལོ་ཤས་རིང་བྱེད་སྒོ་ཆེ་གྲས་དང་ཆེད་ལས་འགྲེམས་སྟོན་སོགས་ཀྱི་ཐབས་ལམ་བརྒྱུད་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ཀྱིས་ཆབ་མདོའི་ལེགས་ལྡན་རིག་གནས་ཁེ་ལས་དང་ལྷག་པར་དུ་རིག་གནས་དབུལ་སྐྱོར་ཁེ་ལས་ཕྱིར་བསྐྱོད་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད། རགས་རྩིས་བྱས་པར་གཞིགས་ན། 2018ལོ་དང་2019ལོའི་ལོ་སྟོད་གཅིག་པུར་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱད་ལྡན་རིག་གནས་དབུལ་སྐྱོར་ཁེ་ལས་50ལྷག་ཙམ་སྒྲིག་འཛུགས་བྱས་ཏེ“ཇ་རྟའི་སྒྱུ་རྩལ་དུས་ཆེན་འགྲེམས་ཚོང་འདུ་ཚོགས”དང་“རིག་གནས་གསར་གཏོད་ཐོན་རྫས་འགྲེམས་ཚོང་འདུ་ཚོགས”“བོད་ལྗོངས་འགྲེམས་ཚོགས”“ཞ་མིང་འགྲེམས་ཚོགས”“ཐེན་ཅིང་འགྲེམས་ཚོགས”“ནུབ་ཕྱོགས་ངོ་འཕྲད་འགྲེམས་ཚོགས”“ནུབ་ཕྱོགས་ཡུལ་སྐོར་འགྲེམས་ཚོགས”སོགས་ལྗོངས་ཕྱི་ནང་གི་འགྲེམས་ཚོང་བྱེད་སྒོ་གལ་ཆེན་ནང་ཞུགས་པ་དང་། ཡུལ་དངོས་སུ་རིམ་རྩིས་བྱས་ན་ཚོང་འགྲིག་ཚད་སྒོར་ཁྲི་1000ལས་བརྒལ་ནས་ཆབ་མདོའི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། 
              ཕྱིས་འབྱུང་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(རང་སྐྱོང་ལྗོངས་རིག་དངོས)ཀྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གནད་སྨིན་དབུལ་སྐྱོར་འཐབ་ཇུས་མུ་མཐུད་གཞིར་བཟུང་། ཐེན་ཅིན་དང་ཧྥུའུ་ཅན། ཁྲུང་ཆིང་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་དང་། ལས་སྟེགས་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རིག་གནས་དང་ཡུལ་སྐོར། ཚན་རྩལ། དངུལ་རྩ། དྲ་སྦྲེལ་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དམ་འཛིན་བྱས་ཏེ་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་སྦྲེལ་ཐག་གཏོད་པ། ཆབ་མདོའི་ཐང་ག་དང་ལྕགས་རིགས་རྡུང་བཟོ་སོགས་ལེགས་ཆ་ཆེ་ཙམ་ལྡན་པའི་རིག་གནས་ཐོན་ལས་སྟོབས་ཆེར་བཏང་ནས་ཞིང་འབྲོག་པ་དབུལ་པོ་དེ་བས་མང་པོ་ལས་ཞུགས་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཏེ་རིག་གནས་དང་ཡུལ་སྐོར་གྱི་རྒྱགས་ཕྱེ་ལོངས་སུ་སྤྱོད་རྒྱུ་རེད།