ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཅང་ཞི་ཀན་ཀྲོའུ་ཡིས་གསར་བརྗེའི་རྟེན་གཞི་རྙིང་ཁུལ་གྱི་སྤུས་མཐོའི་གོང་འཕེལ་དོན་གཉེར་བྱེད་པ།

སྤེལ་དུས 2019-10-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག དུས་རབས་གསར་པ་དང་། བྱ་སྤྱོད་གསར་པ། ལེའུ་གསར་པ་སྟེ། ཅང་ཞི་ཀན་ཀྲོའུ་ཡིས་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དཔེ་སྟོན་ཁུལ་བསྐྲུན་པ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འདི་ལོའི་སྤྱི་ཟླ་ལྔ་པའི་ཚེས་20ཉིན་ནས་ཚེས་22ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུའི་ཐད་དཔེ་སྟོན་བྱེད་པ་དང་། དབུས་རྒྱུད་ས་ཁུལ་དར་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་སྔོན་ལ་འགྲོ་ཕོད་པ་བྱས་ནས། དུས་རབས་གསར་པའི་ཅང་ཞི་ཡི་བསྒྱུར་བཅོས་གོང་འཕེལ་གྱི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད། རྒྱལ་ཡོངས་ཀྱི་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྲགས་ཅན་ཅང་ཞི་ཀན་ཀྲོའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། འབད་འཐབ་ལྷོད་མེད་ཀྱིས་འགག་གྲོལ་ཡོང་བ་བྱས་ཐོག གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དཔེ་སྟོན་ཁུལ་ཧུར་ཐག་གཏོད་ཡོད་པ་རེད།
              སྤྱི་ཁྱབ་ཧྲུའུ་ཅིས་འདི་ལོ་རྟོག་ཞིབ་དང་བརྟག་ཞིབ་གནང་མྱོང་བའི་ཡུས་ཏུའུ་རྫོང་ཙི་ཧྲན་སེ་ཕྱུག་སྔོ་ཚལ་ཐོན་ལས་གླིང་དུ། ལག་རྩལ་པ་ཡང་ལུང་མིང་གིས་ཉེ་འགྲམ་གྱི་གྲོང་མིར་སེ་ཕྱུག་སྔོ་ཚལ་འདེབས་འཛུགས་ཐད་ལག་ཁྲིད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་འཚོ་བ་ཡག་པོ་ཡོང་བ་བྱེད་དགོས་ཞེས་མངགས་བཅོལ་གནང་བ་བློ་ལ་བརྟན་པོར་ངེས་ནས། ས་གནས་དེ་གའི་སྲིད་གཞུང་དང་སྔོ་ཚལ་འདེབས་འཛུགས་ཁེ་ལས་ཀྱིས་འཆར་འགོད་ཧུར་ཐག་བྱས་ཏེ། སེ་ཕྱུག་སྔོ་ཚལ་གྱི་ཚོང་རྟགས་རེ་ཞུ་བྱེད་པ་དང་། ཐོན་ལས་གོང་འཕེལ་གྱི་ཚ་རླབས་ཤིག་འཕྱུར་བ་བྱས་ནས། མཐའ་འཁོར་གྱི་ཞིང་དུད་2800ལྷག་གིས་སྔོ་ཚལ་འདེབས་འཛུགས་བྱས་པ་བརྒྱུད་དུད་ཁྱིམ་རེ་རེར་ཆ་སྙོམས་ཐོག་ཡོང་འབབ་འཕར་མ་སྒོར་ཆིག་ཁྲི་ལྔ་སྟོང་བྱུང་ཡོད་པ་རེད།
              ལག་རྩལ་པ་ཡང་ལུང་མིང་གིས། ང་ཚོས་ས་བོན་འདེམས་པ་ནས་འདེབས་གསོ་བྱེད་པའི་བར་དང་དེ་ནས་ཁྲོམ་རའི་ཐོག་ཁོར་རྒྱུག་བྱེད་པའི་བར་རྗེས་འདེད་བྱས་ནས། སྤུས་ཚད་ཐད་ཚད་གཞི་ནན་པོ་བཟོ་བ་དང་སྤུས་ཚད་ལེགས་པོ་ཡོང་བ་བྱ་རྒྱུའི་ཐད་འབད་བརྩོན་བྱས་ཏེ་ཚོང་རྟགས་འདི་ཡག་པོ་གཏོད་བཞིན་ཡོད། ང་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་མངགས་བཅོལ་གནང་བ་དེ་དོན་དངོས་ཀྱི་གྲུབ་འབྲས་ཐོབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
              ཙི་ཧྲན་སེ་ཕྱུག་སྔོ་ཚལ་ཐོན་ལས་གླིང་དང་བར་ཐག་སྤྱི་ལེ་བརྒྱ་ཡོད་པའི་ཀན་ཀྲོའུ་ཀང་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་མེ་འཁོར་སྡེ་པས་མི་རྣམས་ལ་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་གོང་འཕེལ་གྱི་ཚ་རླབས་མྱོང་ཚོར་དེ་བས་ཆེ་བ་ཡོང་བཞིན་ཡོད། སྤྱི་ལོ་2016ལོར་བསྐྲུན་པའི་ཀན་ཀྲོའུ་ཀང་ནི་རྒྱལ་ཡོངས་ཀྱི་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་ཕྱི་ཕྱོགས་སྒོ་དབྱེ་བྱེད་པའི་ནང་ལོགས་སྐམ་སའི་ འགག་སྒོ་ཉག་ཅིག་དེ་ཡིན། ཀན་ཀྲོའུ་ཀང་ནས་ཤར་གཏོང་བྱེད་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་མེ་འཁོར་སྡེ་པར་བརྟེན་ནས་ཀན་ཀྲོའུ་ཡི་ཁྱིམ་ཆས་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ལ་བྲིན་ཚོང་བྱེད་ཀྱི་ཡོད། འདི་ལོའི་ལོ་སྟོད་ཁོ་ནར། ཀན་ཀྲོའུ་ཀང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་མེ་འཁོར་སྡེ་པ་186ཤར་གཏོང་བྱས་ཡོད་པ་དང་། དེ་སྔའི་ལོ་གཉིས་ཀྱི་བསྡོམས་འབོར་ལས་མང་བ་བྱུང་ཡོད།
              ནན་ཁང་ཁུལ་ཁྱིམ་ཆས་ཁེ་ལས་ཀྱི་འགན་འཁུར་བ་ཚའེ་ཆི་ཁང་གིས། ཕ་ཡུལ་གྱི་འགྱུར་ལྡོག་ཐད་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་ཡོད་ཅེས་བཤད་ཆོག དེ་སྔོན་སྤྱིའི་ཆ་ནས་ཕྱི་རྒྱལ་གྱི་ཚོང་པ་མེད། ཀན་ཀྲོའུ་ཀང་བསྐྲུན་ཚར་རྗེས། འཛམ་གླིང་ས་གནས་ཁག་གི་ཚོང་པ་མང་པོ་ཞིག་འདི་གར་ཉོ་སྒྲུབ་བྱེད་པར་ཡོང་གི་ཡོད་ཅེས་བཤད་ཡོད།
              ནང་ལོགས་སྐམ་སའི་འགག་སྒོས་ཀན་ཀྲོའུ་ལ་གོང་འཕེལ་གྱི་སྒེའུ་ཁུང་ཞིག་ཕྱེ་ཡོད་པ་དང་། ཀན་ཀྲོའུ་དེ་ཉིད་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་དམིགས་བསལ་ཁུལ་དུ་གྱུར་ཡོད་ཅིང་། མ་འཇོག་གོང་འཕེལ་གྱི་གཤིན་ས་ཞིག་ཏུ་གྱུར་ཡོད། ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་འབོར་ཆེན་ཞིག་ཀན་ཀྲོའུ་རུ་གཅིག་བསྡུས་བྱས་ཡོད་པ་དང་། ཁྱིམ་ཆས་དང་། གློག་རྡུལ་ཆ་འཕྲིན། གྱོན་ཆས་ཞྭ་ལྷམ། ཞི་ཐུའུ་ཨུ་རྒྱུ་ལས་སྣོན་གཏིང་ཟབ་སོགས་ཀྱི་ཐོན་ལས་ཚོགས་པ་ཅན་ཡང་ཉིན་རེ་བཞིན་མངོན་ཡོད་པ་རེད།
              ཅང་ཞི་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཐུའུ་མ་རྒྱུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། མིག་སྔར། ཀན་ཀྲོའུ་ཡིས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཞི་ཅིན་མ་རྒྱུའི་ཡུལ་ཞེས་པ་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་གྱེས་རྡུལ་རྣམ་པའི་ཞི་ཐུའུ་མ་རྒྱུའི་ཐོན་ཁུངས་ནུས་པ་མཐོ་བའི་ངང་གསར་སྤེལ་བེད་སྤྱོད་བྱེད་པའི་ལག་རྩལ་ཞིབ་འཇུག་ལྟེ་གནས་སོགས་གསར་གཏོད་སྟེགས་བུ་བསྐྲུན་པ་བརྒྱུད། རིམ་པ་མཐོ་བའི་བཀོལ་སྤྱོད་བྱ་རྒྱུས་ཁྲིད་ཕྱོགས་བྱེད་པའི་སྲིད་ཐོན་སློབ་ཞིབ་བཀོལ་བཅས་ལྔ་ཡི་ཞི་ཐུའུ་མ་རྒྱུའི་གསར་བསྐྲུན་མ་ལག་མགྱོགས་མྱུར་གྲུབ་བཞིན་ཡོད་པ་རེད།
              ཅང་ཞི་ཅིན་ལི་ཡུང་ཚི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ལག་རྩལ་པུའུ་ཡི་སྤྱི་ཁྱབ་ལྟ་ཞིབ་པ་ལིའུ་ལུའུ་ཅུན་གྱིས། མཐོ་རིམ་སློབ་གྲྭའི་ཚན་ཞིབ་སློབ་གླིང་བར་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་བ་དང་། ང་ཚོ་རང་ཉིད་ཀྱི་ཚན་རྩལ་དཔུང་ཁག་གསོ་སྐྱོང་བྱེད་པ། རང་རྟེན་ཞིབ་བཟོའི་ནུས་པ་གོང་མཐོར་གཏོང་བ་བཅས་བྱས་ཏེ་ང་ཚོ་རང་ཉིད་ཀྱི་རང་བདག་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱ་དགོས་ཞེས་བསྟན་ཡོད།
              སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་གསར་གཏོད་ཀྱི་སྒུལ་ཤུགས་དང་ཁ་བྲལ་ཐབས་མེད། དེ་དང་དུས་མཚུངས་སུ་ངེས་པར་དུ་སྦགས་མེད་གོང་འཕེལ་དང་རྒྱུན་མཐུད་གོང་འཕེལ་ཡོང་བ་བྱེད་དགོས། ཀྲུང་གོའི་གསར་བརྗེ་དང་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་ཆེད། ཀན་ནན་གྱིས་ཝུའུ་ཧྲ་གཏེར་ཁ་དང་ཞི་ཐུའུ་མ་རྒྱུ་འབོར་ཆེན་ལེགས་སྐྱེས་ཕུལ་བས། སྐྱེ་ཁམས་ཁོར་ཡུག་ཉམས་གསོའི་ལས་འགན་ལྗིད་པོ་ཡོད། རང་རྒྱལ་ལྷོ་ཕྱོགས་ས་ཁུལ་གྱི་གལ་ཆེའི་སྐྱེ་ཁམས་སྲུང་རའི་འཐབ་ཇུས་གནས་བབ་ལ་དམིགས་ཏེ། ཀན་ཀྲོའུ་ཡིས་སྐྱེ་ཁམས་ཁོར་ཡུག་ཉམས་གསོའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔའི་བར་སླེབས་དུས། བེད་མེད་དུ་བཞག་པའི་ཞི་ཐུའུ་མ་རྒྱུའི་གཏེར་རི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་91.27བཅོས་སྒྲིག་ལེགས་འགྲུབ་ཟིན་པ་དང་ས་ཆུ་ཤོར་བའི་གཞི་ཁྱོན་མུའུ་བདུན་འབུམ་ཆིག་ཁྲི་བཅོས་སྐྱོང་ལེགས་འགྲུབ་བྱས་ཡོད། རི་དང་ཆུ་བོ། ནགས་ཚལ། ཞིང་ས། མཚེའུ། མཚོ། རྩྭ་ཐང་བཅས་ཀྱི་ལས་གཞི་ལག་བསྟར་བྱེད་པ་བརྒྱུད། ལྗང་མདོག་སྐྱེ་ཁམས་འདི་ཉིད་ཀན་ནན་གྱི་བཟང་ཆ་ཆེ་ཤོས་དང་རྒྱུ་ནོར་ལ་གྱུར་ཡོད།
              ཀན་ཀྲོའུ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཡེ་པའོ་ཅིའུ་ཡིས། ལྗང་མདོག་སྐྱེ་ཁམས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་1དང་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤང་གྲོང་11 རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གྲོང་ཚོ་1བཅས་གསར་འཛུགས་བྱས་ནས། དཔལ་འབྱོར་གོང་འཕེལ་དང་སྐྱེ་ཁམས་ཤེས་དཔལ་ཆུ་ཚད་གཉིས་གཅིག་ཕན་གཅིག་གྲོགས་དང་ཆར་པ་ཆུ་གྲོགས་ལྟར་གྱི་ལམ་བུ་ཞིག་བརྒྱུད་ཡོད།
              ད་ཆའི་ཀན་ནན་ལ་གང་སར་དར་རྒྱས་གོང་འཕེལ་གྱི་ཚ་རླབས་ཤིག་འཕྱུར་བཞིན་ཡོད། མིག་སྔར། ཀན་ཀྲོའུ་གྲོང་ཁྱེར་གྱི་རྫོང་དང་གྲོང་ཁྱེར། ཆུས་བཅས་བདུན་གྱི་དབུལ་ཞྭ་ཕུད་ཟིན་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་དང་ནོར་སྲིད་སྤྱིའི་ཡོང་བབ། གྲོང་རྡལ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་གཏོང་ཆོག་པའི་ཡོང་བབ་སོགས་དམིགས་འབེན་ཁག་མང་པོའི་འཕར་ཚད་ཅང་ཞི་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། ཀན་ཀྲོའུ་འདི་ཉིད་མི་རྣམས་ནས་ཡིད་སྨོན་བྱེད་པའི་སྲིད་ཇུས་ཀྱི་མཐོ་ས་དང་ལས་ལ་དང་དོད་བྱེད་པའི་ཡུལ་གྲུ་ཞིག་ལ་འགྱུར་བཞིན་ཡོད་པ་དང་། དར་རྒྱས་གོང་འཕེལ་མགྱོགས་སུ་གཏོང་བ་དང་གོམ་པ་གཅིག་མཚུངས་སུ་ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་མཛེས་སྡུག་ལྡན་པའི་རྣམ་པ་བཟང་པོ་ཞིག་མངོན་འགྱུར་ཡོང་བཞིན་ཡོད་པ་རེད།
              ཅང་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཀན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་བིང་ཅུན་གྱིས། སྔ་ཕྱི་བར་གསུམ་དུ་འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་དང་། ཐོག་མའི་བསམ་འདུན་མི་བརྗེད་པ། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། དཀའ་སྤྱད་འབད་འཐབ་བྱེད་པ། གསར་གཏོད་བྱེད་ཕོད་པ་བཅས་བྱས་ཏེ། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དཔེ་སྟོན་ཁུལ་སྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།