ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལི་ཁོ་ཆང་གིས་སོ་སོར་འཇར་པན་གྱི་དབུ་བཞུགས་བློན་ཆེན་དང་ནེའུ་ཙི་ལན་གྱི་ཙུང་ལི། ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་བྱ་བའི་ལག་རོགས་པ་བཅས་ལ་མཇལ་འཕྲད་གནང་།

སྤེལ་དུས 2019-11-07 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁོ་ཆང་གིས་ཚེས་བཞི་ཉིན་མན་ཀུའུ་ནས་སོ་སོར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨིན། ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་བྱ་བའི་ལག་རོགས་པ་ཨོ་པུའུ་ལའེ་ཨིན་བཅས་ལ་མཇལ་འཕྲད་གནང་།
            ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་སྐབས། ལི་ཁོ་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གཉིས་ཀ་ཁྱིམ་མཚེས་དང་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་གཙོ་བོ་ཡིན། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བའི་རྒྱབ་ལྗོངས་འོག ཕྱོགས་གཉིས་ཀས་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པའི་རེ་འདུན་བཅངས་ཡོད་པས། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞི་བརྩི་སྲུང་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་ལ་བརྩི་མཐོང་བྱེད་པ། སྔར་ལས་བདེ་ཐང་གཏན་འཇགས་དང་ཡུན་རིང་གི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་བཙུགས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་གཏན་འཇགས་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་སྣོན་དགོས་ཟེར།
            ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨིན་ལ་མཇལ་འཕྲད་གནང་སྐབས། ལི་ཁོ་ཆང་གིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱི་བར་ཐག་རིང་ན་ཡང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཧ་ཅང་དམ་ཟབ་ཡིན། ཀྲུང་གོ་དང་ནེའུ་ཙི་ལན་གྱི་རང་དབང་ཉོ་ཚོང་གྲོས་མཐུན་གྱི་རིམ་སྤོར་གྲོས་མོལ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། དེས་ཕྱི་ཕྱོགས་ལ་ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱིས་འགུལ་སྐྱོད་དངོས་ཀྱི་སྟེང་ནས་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པའི་བརྡ་རྟགས་བཏང་། ང་ཚོས་ནེའུ་ཙི་ལན་བར་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སེལ་ཐབས་བྱེད་པའི་རྨང་གཞིའི་སྟེང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་ལ་བརྩི་མཐོང་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་སྐྱེད་དེ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་མུ་མཐུད་དུ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
            ཨོ་པུའུ་ལའེ་ཨིན་ལ་མཇལ་འཕྲད་གནང་སྐབས། ལི་ཁོ་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨ་མེ་རུ་ཀའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན། ལོ་ངོ་བཞི་བཅུའི་རིང་། ཕྱོགས་གཉིས་ཀྱི་འགྲོ་འོང་དང་མཉམ་ལས་ཀྱིས་ཕྱོགས་གཉིས་ལ་ཁེ་ཕན་དངོས་བསྐྲུན་པ་མ་ཟད་འཛམ་གླིང་ལ་ཡང་ཁེ་ཕན་བསྐྲུན། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་དེ་རིང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལྟར། མཐུན་སྦྱོར་དང་མཉམ་ལས། གཏན་འཇགས་རྨང་གཞི་རུ་བྱས་པའི་ཀྲུང་གོ་དང་ཨ་མེ་རུ་ཀའི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་བརྩི་འཇོག་བྱེད་པ། འདྲ་མཉམ་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་འགལ་རྩོད་ལ་ཚོད་འཛིན་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་མཉམ་ལས་རྒྱ་སྐྱེད་དེ། ཀྲུང་གོ་དང་ཨ་མེ་རུ་ཀའི་འབྲེལ་བ་ལམ་བུ་ཡང་དག་བརྒྱུད་དེ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
            ཞའོ་ཅེ་གོང་གི་བྱ་འགུལ་དག་ལ་ཞུགས། །
རྩོམ་སྒྲིག་པ། བདེ་སྒྲོལ།