ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲུང་གོའི་བོད་རིག་པ་གླེང་སྟེགས་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཟུར་བྲིས།

སྤེལ་དུས 2019-11-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
འདི་ནི་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རེད།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་2ཉིན་ཀྲུང་གོའི་བོད་རིག་པ་གླེང་སྟེགས་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཉིན་དེའི་སྔ་དྲོར་ཆེད་མཁས་དག་གིས་རང་རང་སོ་སོའི་ཞིབ་འཇུག་བྱ་གཞི་ཁག་ལ་བྱེ་བྲག་ཏུ་སྙན་ཞུ་གནང་བ་རེད།
             པར་འདི་ནི་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཞིབ་འཇུག་པ་ཁྲེན་ཅིང་ཨན་ཡིན་ལ། ཁོང་གི་སྙན་ཞུའི་བརྗོད་གཞི་གཙོ་བོ་ནི《བོད་རིགས་ས་ཁུལ་བཅོས་སྐྱོང་སྣང་ཚུལ་གྱི་ནུས་ལྡན་རང་བཞིན་དང“ལྟེ་གནས་—མཐའ་མཚམས”རིགས་དབྱེ་བཅོས་སྐྱོང་གི་ཟུར་ཚད་གསུམ》ཅེས་པ་དེ་རེད། ཁྲེན་ཅིང་ཨན་གྱིས་གྲངས་ཚད་དཔེ་དབྱིབས་ལ་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་ཐོན་ལས་དང་སྲིད་འཛིན། རིག་གནས་བཅས་ཕྱོགས་གསུམ་ནས་བོད་རིགས་ས་ཁུལ་གྱི་བཅོས་སྐྱོང་རྣམ་པའི་ཁྱད་པར་རང་བཞིན་ལ་གྲོས་བསྡུར་བྱས་ཡོད་པ་རེད།
             པར་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་སའོ་ཀྲང་དང་ཞིབ་འཇུག་པ་བཀྲ་ལོ་ཡིན་ལ། ཁོང་གི་སྙན་ཞུའི་བརྗོད་གཞི་གཙོ་བོ་ནི《དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་དྲུག་ཅུའི་རིང་གི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས》ཞེས་པ་དེ་རེད། གྲངས་གཞི་འབོར་ཆེན་དང་། དཔེ་རིས་དང་རེའུ་མིག་བེད་སྤྱད་དེ་སྤྱི་ཁོག་དཔལ་འབྱོར་གྱི་ངོས་ནས་བོད་དུ་དམངས་གཙོའི་བཅོས་སྒྱུར་བཏང་པ་ནས་བཟུང་དཔལ་འབྱོར་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོར་དབྱེ་ཞིབ་བྱས་ཡོད་པ་རེད། བཀྲ་ལོས་ལམ་ལུགས་སྒྱུར་བཅོས་ཀྱིས་སྔར་ཡོད་ཀྱི་བཀག་རྒྱ་གཏོར་བ་དེ་ནི་བོད་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་པོ་དེ་ཡིན་པར་ངོས་འཛིན་གྱི་ཡོད་པ་རེད།
             པར་འདི་ནི་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཞུས་ཆེན་ལོ་ཙྰ་བ་པད་མ་ལྷུན་གྲུབ་ཡིན་ལ། ཁོང་གི་སྙན་ཞུའི་བརྗོད་གཞི་གཙོ་བོ་ནི《བོད་རིགས་ས་ཁུལ་གྱི་རྫོང་གྲོང་བཅོས་སྐྱོང་གི“པདྨའི་ཉམས་མྱོང”གི་རྒྱབ་ལྗོངས་དང་གྲུབ་ཚུལ》ཞེས་པ་དེ་རེད། པད་མ་ལྷུན་གྲུབ་ཀྱིས་གཞི་རིམ་གྱིས་གསོན་ཉམས་ལྡན་པའི་དངོས་དཔེའི་ཐོག་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་ཉམས་མྱོང་ངོ་སྤྲོད་གནང་ཡོད།
             པར་འདི་ནི་ཀན་སུའུ་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་སའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་དབང་བྷ་ཡིན་ལ། ཁོང་གི་སྙན་ཞུའི་བརྗོད་གཞི་གཙོ་བོ་ནི《ཀན་སུའུ་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་འཕེལ་རྒྱས》ཞེས་པ་དེ་ཡིན་ཞིང་། དབང་བྷས་སྐད་བརྡ་རྩོམ་རིག་དང་རིག་གནས་བསྟན་བཅོས། འཇིམ་བརྐོས་རི་མོ། ཨར་སྐྲུན་དང་གྱོན་ཆས། གླུ་གར་ཟློས་གར་སོགས་ཕྱོགས་དྲུག་ནས་ངོ་སྤྲོད་རགས་བསྡུས་གནང་པ་རེད།
             པར་འདི་ནི་ཡུན་ནན་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སློབ་གླིང་གི་གླིང་གཙོ་གཞོན་པ་དང་དགེ་རྒན་ཆེན་མོ་བ་ལི་ཀྲི་ནུང་ཡིན་ལ། ཁོང་གི་སྙན་ཞུའི་བརྗོད་གཞི་གཙོ་བོ་ནི《ཨེ་ཤེ་ཡ་ལྷོ་མའི་ཀྲུང་གོའི་ཕྱིར་སྡོད་བོད་མི་དང་ཡོ་རོབ་ཀྱི་ཀྲུང་གོའི་ཕྱིར་སྡོད་བོད་མི་གཤིབ་བསྡུར་ཞིབ་འཇུག》ཅེས་པ་དེ་རེད། ལི་ཀྲི་ནུང་དང་ཁོང་གི་ཚོགས་པས་ས་ཆ་དེ་གཉིས་སུ་འཚོ་བ་སྐྱེལ་བཞིན་པའི་ཕྱིར་སྡོད་བོད་རིགས་སྤུན་ཟླའི་སྡོད་གནས་ཀྱི་རྣམ་པ་དང་ཆོས་ལུགས་དད་མོས། སྤྱི་ཚོགས་མཉམ་འདྲེས་སོགས་ཐད་ཀྱི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་དང་དབྱེ་ཞིབ་ཞིབ་འཇུག་གནང་ཡོད་པ་རེད།
             པར་འདི་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བ་ཧུའུ་ཡན་ཡིན་ལ། ཁོང་གི་སྙན་ཞུའི་བརྗོད་གཞི་གཙོ་བོ་ནི《ཨ་རི་བའི་མིག་ནང་གི་བོད་རྙིང་པ》ཞེས་པ་དེ་རེད། ཧུའུ་ཡན་གྱིས་པར་རིས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཟུང་འབྲེལ་གྱིས་རོའུ་ཁེ་དབྱི་དང་མའེ་ཀེ་ཝུན། ཁ་ཐིང་སོགས་བོད་རྙིང་པར་འབྲེལ་བ་ཡོད་པའི་ཨ་རི་བ་མང་པོ་དང་དེ་བཞིན་སྐབས་དེ་དུས་ཀྱི་ཁོང་ཚོའི་བྱེད་སྤྱོད་ངོ་སྤྲོད་གནང་འདུག
             པར་འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་དང་དགེ་རྒན་ཆེན་མོ་བ་སུའུ་ཧྥ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་བཞིན་པ་རེད།
             ད་ཐེངས་ཀྱི་གླེང་སྟེགས་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་དང་ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་བོད་ལྗོངས་ཇུས་འདོན་ཚོགས་པ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་རྒྱལ་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་50ལྷག་མཉམ་ཞུགས་གནང་ཡོད་པ་རེད།
             དུས་ཡུན་ཉིན་གཅིག་གི་གླེང་སྟེགས་ཐོག་ཚོགས་ཞུགས་ཆེད་མཁས་པ་དག་གིས་རིག་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ཐོག བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་རིག་གཞུང་གི་གྲོས་གཞིར་གཏིང་ཟབ་ལ་གོ་བདེ་བའི་ངང་མཉམ་སྤྱོད་དང་སྤེལ་རེས། གྲོས་བསྡུར་བཅས་བྱས་ཡོད་པ་རེད། གྲངས་གཞི་ཞིབ་ཅིང་ཕྲ་ལ་ནང་དོན་ཕུན་སུམ་ཚོགས་པ། གཏམ་བཤད་ངོ་མཚར་ལྡན་པ་བཅས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་ཚོའི་སྤྱི་ཚོགས་ཀྱི་འགན་འཁྲི་དང་རིག་གཞུང་གི་འགན་འཁྲི་གང་ལེགས་མཚོན་ཡོད་པ་རེད།