ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་གིས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ལེགས་གྲུབ་ལྡན་པའི་ངང་གཉེར་བར་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2019-11-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། རྩོམ་པ་པོ།
          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་སྐབས་བདུན་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་བར་མཛུབ་སྟོན་གལ་ཆེན་གནང་ནས། སྐབས་བདུན་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་བ་དེའི་ཐོག་ནས་ཀྲུང་གོའི་ཉམས་འགྱུར་དང་དམག་མིའི་ཁྱད་ཆོས་མངོན་ཡོད་པ་དང་། འགྲན་བསྡུར་གཉེར་བའི་ཆུ་ཚད་རྩེ་གྲ་དང་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་རྩེ་གྲའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་སྐབས་འདིར། ད་ཐེངས་ཀྱི་རྒྱལ་སྤྱིའི་དམག་དོན་ལུས་རྩལ་རྒྱས་འཛོམས་ལེགས་གྲུབ་ལྡན་པའི་ངང་གཉེར་བ་དེས་འཛམ་གླིང་ལ་དུས་རབས་གསར་པའི་ཀྲུང་གོའི་གཟུགས་བརྙན་མངོན་པར་བྱས་ཡོད་པ་དང་། ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཀྱི་འདོད་ཚུལ་ཁྱབ་བསྒྲགས་བྱས་ཡོད། འདི་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་འོག སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཐོག་ནས་སྒྲིག་འཛུགས་ཞིབ་ཚགས་དང་ཡག་ཐོག་ཡག་བརྩེགས་ཡོང་བ་བྱས་པ་དང་། རྒྱ་ཆེའི་གྲོང་མི་ཚོས་བདག་པོའི་རྣམ་པའི་ཐོག་ནས་སྤྲོ་སེམས་ཆེན་པོས་ཐེ་ཞུགས་བྱས་པ་དང་ལེགས་སྐྱེས་ཧུར་ཐག་ཕུལ་ནས། དམག་དཔུང་ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། འབྲེལ་ཡོད་ཕྱོགས་ཁག་གིས་ཕྱོགས་སྡོམ་དང་གཟེངས་བསྟོད་ལས་དོན་ཡག་པོ་བསྒྲུབས་ནས། གྲུབ་འབྲས་དར་སྤེལ་དང་སེམས་ནུས་གཅིག་སྒྲིལ་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ནས་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་སྐུལ་མ་གཏོང་དགོས་ཞེས་བསྟན་གནང་ཡོད།
          སྤྱི་ཟླ་10པའི་ཚེས་18ཉིན་ནས་ཚེས་27ཉིན་བར། སྐབས་བདུན་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་འཚོགས་པ་དང་། རྒྱལ་ཁབ་109ནས་ཡོང་བའི་དམག་མིའི་ལུས་རྩལ་པ་9300ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད། ལུས་རྩལ་འགྲན་ཚོགས་ཐོག་རྣམ་གྲངས་ཆེ་གྲས་27དང་རྣམ་གྲངས་ཆུང་གྲས་329བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་ཁག་གི་དམག་མིའི་ལུས་རྩལ་པས་སྙིང་རུས་ཆེན་པོས་མཐར་སོན་འགྲན་རྩོད་དང་མཐོ་གསར་བརྩོན་ལེན་བྱས་ཏེ། ཁྱོན་འཛམ་གླིང་གི་ཟིན་ཐོ་7དང་རྒྱལ་སྤྱིའི་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་85གསར་དུ་གཏོད་ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལུས་རྩལ་འཐུས་མི་ཚོགས་པར་ཁྱོན་གསེར་གྱི་རྟགས་མ་133དང་། དངུལ་གྱི་རྟགས་མ་64 ཟངས་ཀྱི་རྟགས་མ་42བཅས་ཐོབ་པ་དང་། གསེར་གྱི་རྟགས་མ་དང་བྱ་དགའ་རྟགས་མ་ཐོབ་གྲངས་ཨང་དང་པོའི་ཐོག་ནས། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་ཐོབ་པའི་གྲུབ་འབྲས་དེ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།