2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཤིན་ཅང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པ།

སྤེལ་དུས 2019-12-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཤིན་ཅང་གིས་ཐབས་མང་མཉམ་བཟུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པ་རེད།
          དམིགས་བསལ་གློག་ཆས་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཤིན་ཅང་གློག་གནོན་སྒྱུར་ཆས་བཟོ་གྲྭའི་སྤྱིའི་སྒྲིག་སྦྱོར་འཁོར་ཁང་དུ་སྐྱོད་སྐབས། དེ་གར་འཛམ་གླིང་ཐོག་ཆན་ཧྥུ་1100ཙམ་གྱི་གློག་འདྲེན་ལས་གཞིའི་གློག་ཁུངས་རྣམ་གྲངས་ཀྱི་གློག་འདོན་གློག་སྣོན་སྒྱུར་ཆས་ཐོག་མ་དེ་ཐོན་སྐྱེད་བྱས་ཡོད། ཚད་གཞི་མཐོ་བའི་ཤིན་ཅང་བཟོ་སྐྲུན་གྱིས་དམིགས་བསལ་གློག་ཆས་བཟོ་ལས་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་གློག་གནོན་མཐོ་བའི་ཁྱབ་ཁོངས་ཁྲོམ་ར་བརྟན་པོའི་ངང་བཟུང་བ་མ་ཟད། རྡོ་སྣུམ་དང་། རྡོ་སོལ། ངར་ལྕགས། མདོག་ལྡན། འཁལ་འཐག་སོགས་ཀྱིས་ཚབ་མཚོན་བྱས་པའི་ཤིན་ཅང་གི་བཟོ་ལས་ཆུང་བ་ནས་ཆེ་བ་དང་། ཉམས་ཞན་ནས་སྟོབས་ཆེན་ཕྱོགས་སུ་སྒྱུར་ཐབས་བྱས་ཡོད། ཤིན་ཅང་གི་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ཚན་རྩལ་སྤུས་ཚད་ཁྲུའུ་ཡི་འགོ་འཛིན་གཞོན་པ་ཀྲང་ཧུའེ་ཡིས། གཙོ་གནད་ཐོག་རྒྱུ་ཆ་གསར་པ་དང་། སྐྱེ་དངོས་དང་སྐྱེ་དངོས་སྨན་རྫས། ནུས་ཁུས་གསར་པ། སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན་སོགས་ཐོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་དང་། གྲངས་གཞི་ཆེན་མོ་དང་བཟོ་ལས་མཉམ་འབྲེལ་དྲ་བ། མི་བཟོས་རིག་ནུས་སོགས་སྔོན་ཐོན་ལག་རྩལ་དང་ལས་སྒོའི་གསར་གཏོད་སྟེགས་བུའི་ཐོག་བཀོལ་སྤྱོད་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་ཆེད་གདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
          སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཉིད་ཤིན་ཅང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་དོན་གཙོ་བོར་གྱུར་ཡོད། ན་ནིང་། ཤིན་ཅང་གི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2200ཟིན་པ་དང་། ད་ལོ་ཆན་ཧྥུ་750འི་གློག་དྲ་ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་བཞི་ཚང་མར་ཁྱབ་པ་དང་། ད་ལོའི་དགུན་ཁར། ཧོ་ཐན་ས་ཁུལ་ལུའོ་ཕུའུ་རྫོང་པུའུ་ཡ་ཤང་ཁན་ཐེ་ཨེ་རི་ཁེ་གྲོང་ཚོའི་གྲོང་མི་རེ་ཅེ་ཕུའུ་ལ་ཤིན་ཅང་ལྷོ་རྒྱུད་ཀྱི་རྡོ་སོལ་གློག་བསྒྱུར་གྱི་ལས་གཞིར་བརྟེན་ནས་ཁྱིམ་དུ་གློག་སྤྱད་ནས་དྲོད་ལེན་ཐུབ་ཡོད། ཁོང་གིས་ང་ཚོས་ཁ་ལག་བཟོ་བ་དང་དྲོད་ལེན་བྱེད་པ་ནི་གཙང་ལ་གྲལ་འགྲིག་པ་མ་ཟད། གློག་རིན་ཡང་མཐོ་པོ་དེ་ཙམ་མེད་ཅེས་བཤད་ཡོད་པ་རེད།
          སྤྱི་ཟླ་7པའི་ཚེས་31ཉིན། ཁ་ཧྲི་ནས་ཡེ་ཁྲེང་བར་དང་དེ་ནས་མོ་ཡུས་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། དེའི་ཐོག་ནས་ཤིན་ཅང་གི་ས་ཁུལ་དང་གྲོང་ཁྱེར་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་མཚོན་ཡོད། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་མའེ་མའེ་ཐི། ཨ་པུ་ཏུའུ་ལ•པ་ཁུར་གྱིས། ད་ཆ། ཞིང་པའི་སྔོ་ཚལ་ཐག་རིང་ས་ཁུལ་དུ་བཙོངས་ཆོག་པ་དང་། མྱུར་བགྲོད་གཞུང་ལམ་སྐྲུན་ཟིན་པས། ང་ཚོས་སྔོ་ཚལ་སྐྱེལ་འདྲེན་བྱེད་པའི་དུས་ཚོད་ཆུ་ཚོད་ཁ་ཤས་ཐུང་དུ་ཕྱིན་པ་དང་། དབྱར་དུས་སུའང་དུས་ངེས་མེད་དུ་སྔོ་ཚལ་བླུགས་ཆོག་གི་ཡོད་ཅེས་བཤད་ཡོད་པ་རེད།
          བདེ་སྐྱིད་ཚོར་སེམས་ཆེ་རུ་འགྲོ་བཞིན་པ་དང་ཐོན་ལས་རིམ་སྤར་བྱེད་བཞིན་ཡོད། ཝུའུ་ལུམ་ཆིའི་མཐོ་གསར་ཁུལ་ཚོང་འགུགས་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་ཏེ་ལི་•ཨ་པུའུ་ལི་སྨི་ཐིས། ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་ཕྱིན་པ་ནི་མཐོ་གསར་ཁུལ་གྱིས་ཐོན་ལས་གྲུབ་ཆ་ཟམ་མི་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཚན་རྩལ་ལག་རྩལ་འཕེལ་རྒྱས་གཏོང་བ། ཐོན་ལས་གསར་པ་སྐྱེད་སྲིང་བྱེད་པ་བཅས་ཀྱི་འབྲས་བུ་ལས་བྱུང་བ་ཞིག་རེད། ང་ཚོས་གཙོ་བོ་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་ལ་དམིགས་པ་དང་། དེའི་ནང་མི་བཟོས་རིག་ནུས་དང་དེང་རབས་ཞབས་ཞུའི་ལས་རིགས། སྐྱེ་དངོས་སྨན་རྫས་བདེ་ཐང་ཆེ་མོ། རྒྱུ་ཆ་གསར་པ་སོགས་ཕྱོགས་བཞིའི་ཐད་ནས་ཚོང་འགུགས་བྱེད་ཀྱི་ཡོད་པས། ཁོང་ཚོར་ཞབས་ཞུ་སྔར་ལས་ལྷག་པ་སྐྲུན་ཐུབ་ཅེས་བསྟན་ཡོད་པ་རེད།