2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཅང་སུའུ་ཡིས་འགྱུར་མང་རྒྱལ་སྤྱིའི་ཉོ་ཚོང་གནས་བབ་ལ་ཁ་གཏད་བཅག་པ།

སྤེལ་དུས 2019-12-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག་དུས་རབས་གསར་པ་དང་། བྱས་རྗེས་གསར་པ། ལེའུ་གསར་པ་སྟེ་ཅང་སུའུ་ཡིས་ཕྱི་ཕྱོགས་ཉོ་ཚོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་བཏང་སྟེ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་ཉོ་ཚོང་དུས་བབ་ལ་ཁ་གཏད་བཅག་པ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་གོང་འཕེལ་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་འཕྲད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་སྲོལ་རྒྱུན་བཟང་ཆ་རྒྱུན་འཛིན་གང་འདྲ་བྱེད་མིན་དང་། འགྲན་རྩོད་ཀྱི་བཟང་ཆ་གསར་པ་མགྱོགས་མྱུར་གསོ་སྤེལ་གང་འདྲ་བྱེད་མིན་དེ་ནི། རང་རྒྱལ་གྱི་གོང་འཕེལ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད། རང་རྒྱལ་གྱི་དཔལ་འབྱོར་ཞིང་ཆེན་ཆེན་པོ་དང་ཕྱི་ཕྱོགས་ཉོ་ཚོང་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ངོས་ནས། ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར། ཕྱི་ཕྱོགས་ཉོ་ཚོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་བཏང་སྟེ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་ཉོ་ཚོང་དུས་བབ་ལ་ཁ་གཏད་བཅག་པས། ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་སྤུས་ཚད་གོང་མཐོར་འགྲོ་རྒྱུར་མངོན་གྱུར་ཐུབ་ཡོད། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། ཅང་སུའུ་ཡི་ཕྱིར་གཏོང་ནང་འདྲེན་གྱིས་དུས་མཚུངས་པའི་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་གྱི་བརྒྱ་ཆ་14བཟུང་བ་དང་། ཕྱིར་གཏོང་བྱེད་ཚད་བརྒྱ་ཆ་4དང་གྲངས་ཆུང་3འཕར་ཡོད།
          ཅང་སུའུ་ཞིང་ཆེན་ཀྲང་ཅ་ཀང་གྲོང་ཁྱེར་གྱི་ལྕགས་ལམ་སྒྲིག་ཆས་ཀུང་སི་ཞིག་གི་སྨི་ངོས་གྲུ་2ཁྲི་9སྟོང་ཟིན་པའི་འཁོར་ཁང་ཆེན་པོ་ཞིག་གི་ནང་། སྤྱི་ཁྱབ་ལས་འཛིན་ཝེན་ཧྲེང་གིས་སྤོབས་སེམས་ཆེན་པོའི་སྒོ་ནས་ཐོན་རྫས་ཕྱིར་གཏོང་བྱེད་པའི་སྐོར་ངོ་སྤྲོད་གནང་བཞིན་ཡོད། ཁོང་གིས། ཀུང་སིའི་ཐོན་རྫས་བརྒྱ་ཆ་70ཡན་ཕྱིར་གཏོང་བྱེད་ཀྱི་ཡོད་པ་དང་། ཛ་དྲག་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་གི་མདུན་དུ། སྲིད་ཇུས་གནད་ལ་འཁེལ་བ་བྱ་རྒྱུ་ནི་འབོར་ཚད་ཉུང་ཞིང་སྣ་ཁ་ཕུམ་སུམ་ཚོགས་པའི་ཚོང་ཟོག་གི་ཞབས་ཞུའི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐབས་བསྟུན་སྒོ་ནས་རྒྱལ་སྤྱིའི་ཁྲོམ་ར་གསར་སྤེལ་གང་ལེགས་བྱེད་པ། ལྷག་པར་དུ་རྒྱལ་ཁབ་ཆུང་འབྲིང་གི་ལྕགས་ལམ་ཞབས་ཞུ་ལེགས་པོ་སྒྲུབ་པ་བཅས་བྱེད་དགོས། སྔོན་དཔག་བྱས་ན་ད་ལོ་དང་སང་ལོའི་ཕྱིར་གཏོང་བྱེད་ཚད་བརྒྱ་ཆ་10ཡན་འཕར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          དེ་ནི་ཏག་ཏག་ཅང་སུའུ་དམངས་གཉེར་ཁེ་ལས་ཀྱི་ཕྱི་ཕྱོགས་ཉོ་ཚོང་མགྱོགས་མྱུར་གོང་འཕེལ་འགྲོ་བའི་བསྡུས་རིས་ཤིག་རེད། འདས་པའི་དུས་ཚོད་ནང་། ཅང་སུའུ་རུ་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་མང་པོ་ཡོད་པས་ཕྱི་ཕྱོགས་ཉོ་ཚོང་ཁྲོད་ཀྱི་བསྡུར་ཚད་ཆེན་པོ་བཟུང་ཡོད། ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཡི་དམངས་གཉེར་ཁེ་ལས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གསོན་ཤུགས་ཇེ་ཆེར་ཕྱིན་ནས། ཅང་སུའུ་ཡི་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་སྒོ་ནས་འཁོར་སྐྱོད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། ཅང་སུའུ་ཡི་ཕྱི་ཕྱོགས་ཉོ་ཚོང་དང་ལྷག་པར་དུ་ཕྱིར་གཏོང་འཕར་སྣོན་འགྲོ་རྒྱུར་སྣེ་ཁྲིད་ཐུབ་ཡོད། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྒྱ་ཆ་9.9འཕར་བ་དང་། དེའི་ཁྲོད་ཕྱིར་གཏོང་སྒོར་དུང་ཕྱུར་8319དང་བྱེ་བ་4ཟིན་ནས། བརྒྱ་ཆ་15.7འཕར་བ་དང་། འཕར་ཚད་དེ་ཞིང་ཆེན་ཧྲིལ་པོའི་ཕྱིར་གཏོང་འཕར་ཚད་ལས་བརྒྱ་ཆའི་གནས་11གིས་མཐོ་བ་ཡོད།
          ཅང་སུའུ་ཞིང་ཆེན་ཚོང་དོན་ཐིང་ཕྱི་ཕྱོགས་ཉོ་ཚོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲེན་ལི་ཕིང་གིས། ཅང་སུའུ་ཡི་དམངས་གཉེར་ཁེ་ལས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གསོན་ཤུགས་ཧ་ཅང་ཆེན་པོ་ཡོད་པ་དང་། དེ་ཡང་དམངས་གཉེར་ཁེ་ལས་ཀྱི་གཞི་ཁྱོན་སྤུས་ཚད་གོང་མཐོར་ཕྱིན་པ་ལས་བྱུང་བ་ཞིག་རེད་ལ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ཞིབ་ཕྲ་བྱས་པ་ལས་ཀྱང་བྱུང་བ་ཞིག་རེད་ཅེས་ངོ་སྤྲོད་གནང་ཡོད།
          ཅང་སུའུ་ཡིས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་ཚན་རྩལ་གསར་གཏོད་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་བས། ཅང་སུའུ་ཡི་ཁེ་ལས་ཕྱི་ཕྱོགས་སུ་བསྐྱོད་པའི་སྒུལ་ཤུགས་དང་འཇོན་ནུས་སྔར་བས་ཆེ་རུ་ཕྱིན་ཡོད། ཅང་སུའུ་ཡི་རྫས་འགྱུར་ཚི་སྣའི་ཚོགས་པ་ཆེ་གྲས་ཤིག་གི་འཁོར་ཁང་ནང་། ཐོན་སྐྱེད་བྱས་མ་ཐག་པའི་སླར་སྐྱེས་ཚི་སྣ་ཛ་དྲག་ངང་ཐུམ་སྒྲིལ་བརྒྱབ་ནས་དབྱི་ཊ་ལིར་འདྲེན་རྩིས་བྱེད་བཞིན་ཡོད། ཁེ་ལས་དེས་སྔ་ཕྱིར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5བཏང་ནས། སླར་སྐྱེས་ཚི་སྣ་ཐོན་སྐྱེད་བྱེད་པའི་དཀའ་གནད་རབ་དང་རིམ་པ་ཁྱད་བསད་ཐུབ་པ་མ་ཟད་ཐོན་སྐྱེད་སྒྲིག་ཆས་ཁྱོན་ཡོངས་ནས་བརྗེ་བསྒྱུར་རིམ་སྤོར་བྱས་པས། ཕྱི་རྒྱལ་གྱི་ཚོང་པས་སླར་སྐྱེས་ཚི་སྣ་ཉོ་སྒྲུབ་བྱེད་པའི་རྩིས་ཐོ་མང་དུ་འབོར་ཆེན་ཕྱིན་ཡོད། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། ཚོགས་པ་དེས་ཕྱིར་གཏོང་བྱེད་ཚད་བརྒྱ་ཆ་20འཕར་བ་དང་། ཨ་ཤེ་ཡ་ཤར་ལྷོ་དང་། ཨ་མེ་རི་ཁ་གླིང་། ཡོ་རོབ་སོགས་ཀྱི་ཁྲོམ་རའི་གནས་བབ་སྔར་བས་སྲ་བརྟན་གཏོང་ཐུབ་པ་བྱུང་ཡོད།
          ད་ལོ་ཤར་ཚུན། ཅང་སུའུ་ཡིས་རྒྱུད་གཅིག་ལམ་གཅིག་གི་སྦྲེལ་མཐུད་ས་ཚིགས་གཞི་འཛིན་སར་བྱས་ཏེ། ཕྱོགས་ཡོངས་ཀྱི་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ་དང་། སྔོན་ལ་ནང་འདྲེན་དང་སྔོན་ལ་ཕྱིར་གཏོང་བྱ་རྒྱུ་སྔོན་ཚུད་ནས་གཏན་འཁེལ་བྱེད་པའི་རྒྱལ་སྤྱིའི་ཉོ་ཚོང་གནས་སྟངས་བསྐྲུན་པ། ཕྱི་ཕྱོགས་ཉོ་ཚོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བའི་དམིགས་འབེན་ཐབས་ལམ་ཁ་གསལ་བཟོ་བ་བཅས་བྱས་ཡོད། ཅང་སུའུ་ཞིང་ཆེན་གྱིས་དར་གོས་ལམ་བུའི་ཉོ་ཚོང་ལ་སྐུལ་འདེད་ཀྱིས་འཆར་གཞིའི་ཆེད་དོན་བྱ་སྤྱོད་ལ་སྐུལ་སྤེལ་གཏོང་རྒྱུའི་ཇུས་གཞི་ཞེས་པ་ལག་ལེན་བསྟར་ནས། ཁེ་ལས་ཀྱིས་སྲོལ་རྒྱུན་ཁྲོམ་ར་སྲ་བརྟན་དུ་གཏོང་བ་དང་། གསར་དར་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། ཞིང་ཆེན་ཡོངས་ཀྱིས་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་རྒྱལ་ཁབ་ཏུ་ཕྱིར་གཏོང་བྱེད་ཚད་བརྒྱ་ཆ་9.5འཕར་བ་དང་། ཅང་སུའུ་ཡིས་ད་དུང་ཕྱི་རྒྱལ་དུ་ཞིང་ཆེན་རིམ་པའི་སྤྱི་པའི་ཕྱི་རྒྱལ་མཛོད་ཁང་14གསོ་སྤེལ་བྱས་པ། ཕྱི་ཕྱོགས་ཉོ་ཚོང་གི་ལས་རྣམ་གསར་པ་མགྱོགས་མྱུར་རྒྱ་སྐྱེད་བཏང་བས། ཞིང་ཆེན་ཡོངས་སུ་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་ཁོངས་སུ་ཚུད་པའི་ས་ཁོངས་ལས་བརྒལ་བའི་དྲ་ཐོག་སིལ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལྡབ་5.3འཕར་བ་དང་། དེའི་ཁྲོད་ཕྱིར་ཚོང་ལྡབ་6.7འཕར་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།