2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

བློ་མཐུན་ཀྲང་ཞའོ་ཅོན་ལ“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་བཟང”མཚན་སྙན་རྗེས་སྤྲོད་བྱས་པ།

སྤེལ་དུས 2019-12-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཚེས་11ཉིན་གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་མི་སྤྱི་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་བློ་མཐུན་ཀྲང་ཞའོ་ཅོན་ལ“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་བཟང”མཚན་སྙན་རྗེས་སྤྲོད་བྱས་པ་རེད།
          བློ་མཐུན་ཀྲང་ཞའོ་ཅོན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡིན་པ་དང་ཚེ་ལས་མ་འདས་གོང་ཀན་སུའུ་ཞིང་ཆེན་འབྲུག་ཆུ་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་རེད། 2019ལོའི་ཟླ་10ཚེས་7ཉིན་གྱི་དགོང་མོར། ཀྲང་ཞའོ་ཅོན་གཞི་རིམ་དུ་དབུལ་སྐྱོར་ལས་དོན་སྤེལ་མཇུག་འགྲིལ་ནས་རྫོང་གྲོང་དུ་ཕྱིར་ལོག་བྱེད་པའི་ལམ་བར་དུ་སྟབས་མ་ལེགས་པར་འཁོར་འཛོལ་བྱུང་ནས་ལས་ཀའི་དོན་དུ་རང་སྲོག་ཤོར་བ་དང་སྐབས་དེར་ཁོང་དགུང་ལོ་34ལས་སླེབས་ཀྱི་མེད།
          སྡེ་ཚན་གཉིས་ཀྱིས་གཏན་འབེབས་བྱས་པའི་ནང་། ཀྲང་ཞའོ་ཅོན་2007ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཐོན་པ་དང་། 2008ལོའི་ཟླ་6པར་པེ་ཅིང་དུ་ལས་ཀར་ཞུགས་རྒྱུའི་གོ་སྐབས་རང་འགུལ་ངང་དོར་ནས་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་ཡིན་པའི་རང་ཉིད་ཀྱི་ཕ་ཡུལ་དུ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕྱིར་ལོག་བྱས་པ། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་། ཤང་ཀྲང་གཞོན་པ། ཤང་སྒྲིག་ཨུད་ཀྱི་ཧྲུའུ་ཅི། རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་སྔ་རྗེས་སུ་འཁུར་བ། འབྲུག་ཆུར་འདམ་རྡོའི་ཆུ་རུད་བྱུང་བའི་ཉེན་སེལ་རྒུད་སྐྱོབ་བྱ་ཡུལ་དངོས་སུ་ཏང་ནང་ཞུགས་ཡོད། ཁོང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནན་ཏན་ངང་སློབ་སྦྱོང་བྱས་པའི་ཁར། དབུལ་སྐྱོར་འགག་སྒྲོལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། རྫོང་དེ་ཡོངས་ཀྱི་གྲོང་ཚོ་208དང་གྲོང་ཚོ་དབུལ་པོ་87གྱི་དུད་ཚང་དབུལ་པོ་ཚང་མར་འདྲི་རྟོགས་བྱེད་པར་བསྐྱོད་ནས་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་བྱས་པ་དང་མང་ཚོགས་ཀྱི་དཀའ་ངལ་བསལ་བར་བརྟེན། ལས་བྱེད་པ་དང་མང་ཚོགས་ཀྱིས་ཁོང་ལ“བོད་ཡུལ་གྱི་བུ་མོ་བཟང་པོ”དང“མང་ཚོགས་ཀྱི་སྙིང་ཉེ་བ”ཞེས་འབོད་ཀྱི་ཡོད། དེ་བཞིན་དབུལ་སྐྱོར་སྲིད་ཇུས་ཁོང་དུ་བརྟན་པོར་ཆུད་པའི་ཁོང་ལ་ལས་བྱེད་པ་དང་མང་ཚོགས་ཀྱིས“སྒུལ་བདེའི་གྲངས་གཞིའི་མཛོད”དང“ཚིག་མཛོད་གསོན་པ”ཞེས་ཀྱང་འབོད་ཀྱི་ཡོད། རབ་བཏགས་རི་མོ་དང་དེ་བཞིན་སྐད་འཕྲིན་བརྒྱུད་སྤེལ་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་དེ་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ཡོད། ཁོང་གིས་དུས་ཚོད་དང་སེམས་ནུས་ཚང་མ་དབུལ་སྒྲོལ་འགག་སྒྲོལ་བྱ་གཞག་ལ་ཕུལ་ཡོད་ཅེས་བསྟན་ཡོད་པ་རེད།
          མི་སྤྱི་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་དབུལ་སྐྱོར་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་། མང་ཚོགས། གཞོན་ནུ་བཅས་ལ་བློ་མཐུན་ཀྲང་ཞའོ་ཅོན་ལ་སློབ་སྦྱོང་བྱས་ཏེ། དམིགས་ཚད་ལ་དམ་པོར་དམིགས་པ་དང་། ངར་ཤུགས་གཅིག་ཏུ་སྒྲིམ་པ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མཁར་རྫོང་མཐའ་གཅིག་ཏུ་གཏོར་བ། མི་འབོར་དབུལ་པོའི་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་། འཐུང་ཆུ་བཅས་ཀྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།