2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ནང་སོག་ནས་པེ་ཅིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ས་བཀྲ་ལྟར་འཁོར་རྒྱུག་ཚོད་ལྟའི་དུས་མཚམས་སུ་སླེབས་པ།

སྤེལ་དུས 2019-12-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           ཟླ་12ཚེས་11ཉིན་ གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཧུའུ་ཧོ་ཧའོ་ཐེ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་11ཉིན་གྱི་ཆུ་ཚོད་10པ་དང་སྐར་མ་36ལ། པེ་ཅིང་བྱང་ཚུགས་ནས་རྡོག་ཐོན་བྱས་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཨང་གྲངས་G2405བརྟན་པོའི་ངང་ཧུའུ་ཧོ་ཧའོ་ཐེ་ཤར་ཚུགས་སུ་འབྱོར་ནས་ལམ་ཐིག་ཧྲིལ་པོ་ཐོག་མར་ས་བཀྲ་ལྟར་འཁོར་རྒྱུག་ཚོད་ལྟའི་ལས་དོན་ཡོངས་སུ་གྲུབ་པ་དེ་ཐོག་ནས་ནང་སོག་ནས་པེ་ཅིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཤར་གཏོང་དང་སྤྱོད་འགོ་ཚུགས་གྲབས་ཡོད་པ་མཚོན་གྱི་ཡོད།
           ནང་སོག་ནས་པེ་ཅིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེར་ད་ཐེངས་ས་བཀྲ་ལྟར་འཁོར་རྒྱུག་ཚོད་ལྟ་བྱས་པ་ནི་ཤར་གཏོང་གི་ཆ་རྐྱེན་ལྡན་ཡོད་མེད་མཉམ་འབྲེལ་སྙོམ་སྒྲིག་ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་དངོས་སུ་ཤར་གཏོང་བྱེད་པའི་སྣང་ཚུལ་ལ་ལད་མོ་བྱས་ཏེ་པེ་ཅིང་བྱང་ཚུགས་ནས་ཧུའུ་ཧོ་ཧའོ་ཐེ་ཤར་ཚུགས་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་འདྲེན་སྒྲིག་འཛུགས་དང་། མེ་འཁོར་མཐུད་གཏོང་། མེ་འཁོར་གཏོང་མང་ཉུང་། སྒྲིག་ཆས་ཀྱི་གནས་ཚུལ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ཏེ་ལམ་ཐིག་ཧྲིལ་པོ་ཤར་གཏོང་དང་གཉེར་སྐྱོང་ལ་རྨང་གཞི་བཏིང་བ་ཞིག་རེད།
           ནང་སོག་ནས་པེ་ཅིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ནི་པེ་ཅིང་ནས་ཀྲང་ཅ་ཁའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ཀྲང་ཅ་ཁའུ་ནས་ཧུའུ་ཧོ་ཧའོ་ཐེ་བར་གྱི་མྱུར་བགྲོད་ལྕགས་ལམ་གཉིས་ལས་གྲུབ་ཅིང་། ཤར་གཏོང་དང་སྤྱོད་འགོ་ཚུགས་རྗེས་ནང་སོག་གི་དབུས་ནུབ་རྒྱུད་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དབར་གྱི་བར་ཐག་ཧ་ཅང་ཉེ་རུ་སོང་སྟེ་ལམ་རྒྱུད་ས་ཁུལ་གྱི་མང་ཚོགས་ཕྱིར་བསྐྱོད་རྒྱུར་སྟབས་བདེ་ཡོང་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།