2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཅང་ཤིས་དང་། བོད་ལྗོངས། ནང་སོག ཀུའེ་ཀྲོའུ་བཅས་ཀྱིས་ཕྱོགས་ཡོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

སྤེལ་དུས 2019-12-13 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
              ■ ཅང་ཤིས་ཀྱིས་ཞིང་ཆེན་ཡོངས་སུ་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྒྲོག་འགྲེལ་ཚོགས་པ་500ཙམ་སྒྲིག་འཛུགས་བྱས་པ་དེ་དག་ས་གནས་ཁག་ཏུ་སྐྱོད་དེ་སྒྲོག་འགྲེལ་ལས་ལ་གཞོལ།
              ■ བོད་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་སྒྲོག་འགྲེལ་ཐེངས་125བྱས་པ་དང་མི་ཐེངས་ཁྲི་4ཙམ་ལ་ཐད་ཀར་ཕན་པ་ཐོབ་པ།
              ■ ནང་སོག་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་མོང་དང་། གྲོང་ཁྱེར། ཐིང་ཅུས། མཐོ་སློབ། ཁེ་ལས་སོགས་ས་ཁུལ་དང་ཚན་པར་བསྐྱོད་དེ་གཅིག་སྡུད་སྒྲོག་འགྲེལ་བྱས་པ།
              ■ ཀུའེ་ཀྲོའུ་ཞིང་ཨུད་སྒྲོག་འགྲེལ་ཚོགས་པ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་ཁོངས་གཏོགས་ཁག་ཏུ་བསྐྱོད་དེ། ཉིན་17ནང་གཅིག་སྡུད་སྒྲོག་འགྲེལ་ཐེངས་43བྱས་པ་དང་། སྒྲོག་འགྲེལ་ཉན་མཁན་མི་ཁྲི་2ཟིན་པ།
              ཅང་ཤིས་དང་། བོད་ལྗོངས། ནང་སོག ཀུའེ་ཀྲོའུ་བཅས་ཀྱིས་མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ། གཅིག་སྡུད་སྒྲོག་འགྲེལ་བྱས་པ་དང་ཆབས་ཅིག་རིམ་པ་ཁག་དང་རིགས་ཁག་གི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས། གྲོང་གསེབ་དང་། ཁེ་ལས། སློབ་གྲྭ སྡེ་ཁུལ་བཅས་སུ་བསྐྱོད་དེ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མང་ཚོགས་ཁྲོད་སྒྲོག་འགྲེལ་བྱས་པར་བརྟེན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་ཡོད།
              ཅང་ཤིས། སྒྲོག་འགྲེལ་བྱེད་སྒོ་གང་སར་ཁྱབ། ཚང་འཛོམས་གྲོས་ཚོགས་དགོངས་དོན་དྲིལ་བསྒྲགས་བྱེད།
              ཟླ་12ཚེས་5ཉིན། ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་ཤང་ཏུང་ཆུས་རེ་ཤིན་སྡེ་ཁུལ་གྱི་སྒོ་ར་ཆུང་ཆུང་ཞིག་གི་ནང་། གྲོང་མི་30ལྷག་ཙམ་མཉམ་དུ་འཛོམས་ཏེ། ལ་ལ་ལངས་ནས་བསྡད་པ་དང་ལ་ལ་ས་ཐོག་ཏུ་བསྡད་ནས་མཉམ་དུ“སློབ་སྦྱོང་གི་རོགས་ཟླ”ཆུས་ཨུད་ཀྱི་ཧྲུའུ་ཅི་དབྱང་པོ་དང་དང་བླངས་པ་ཤ་ཡུན་ཅན་གྱི་སྒྲོག་འགྲེལ་བློ་རྩེ་གཅིག་སྒྲིམ་ངང་ཉན་བཞིན་ཡོད།
              འགོ་ཚུགས་གཏམ་སྟབས་བདེ་བརྗོད་རྗེས། དབྱང་པོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ཤེས་བྱའི་དྲི་ལན་བྲིས་པའི“འཁོར་ལོ་ཆེན་པོ”དེ་བསྐོར་བ་དང་། འཁོར་ལོའི་མདའ་དེ“ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་གང་ཞིག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཏོན་ཡོད་དམ”ཞེས་པའི་དྲི་བའི་སྟེང་བསྡད་སྐབས། གྲོང་མི་ཚང་མས་འཚང་ཁ་ཤིག་ཤིག་ངང་ལག་པ་བརྐྱངས།
              གྲོང་མི་ལིའུ་ཉན་ཧྭ་ཡིས“མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་རེད”ཅེས་ལན་བརྒྱབ་ནས། དགའ་སྤྲོའི་ངང་མདུན་དུ་ཤོར་ཏེ། བྱ་དགའ་ཆུང་ཆུང་ལེན་པར་བསྐྱོད་པས། དེ་གར་ཡོད་པའི་མི་རྣམས་ཁོ་མོའི་ཆོབ་ཚ་བའི་བྱེད་སྟངས་དེར་དགོད་ཤོར། ལན་རྒྱག་པའི་བྱེད་སྒོའི་ནང་། གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་ལན་བཏབ་པས། སྒྲོག་འགྲེལ་རྣམ་པ་དེ་བས་འཁྲུག་ཏུ་སོང་།
              ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། ཅང་ཤིས་ཀྱིས་ཞིང་ཆེན་ཡོངས་སུ་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྒྲོག་འགྲེལ་ཚོགས་པ་500ཙམ་སྒྲིག་འཛུགས་བྱས་པ་དེ་དག་ས་གནས་ཁག་ཏུ་སྐྱོད་དེ་སྒྲོག་འགྲེལ་ལས་ལ་གཞོལ། དེའི་ཁྲོད་ཤང་ཏུང་ཆུས་ཀྱིས“ཏང་ཡོན་ལས་བྱེད་པ་+དང་བླངས་པ”ལས་གྲུབ་པའི“སློབ་སྦྱོང་རོགས་ཟླའི”དང་བླངས་པའི་སྒྲོག་འགྲེལ་དཔུང་ཁག་བཙུགས་པ་དང་ཀན་ཀྲོའུ་གྲོང་ཁྱེར་གྱི་རྫོང་ཁག་གིས(གྲོང་ཁྱེར་དང་ཆུས)དབུལ་སྒྲོལ་འགག་སྒྲོལ་གྱི་ཡན་ལག་རུ་ཆུང་དང་དམར་དམག་གི་མི་རབས་རྗེས་མའི་ཡན་ལག་རུ་ཆུང་སོགས་སྒྲིག་འཛུགས་བྱས་ཏེ། སྒྲོག་འགྲེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་རེད།
              བོད་ལྗོངས། ས་མཐོར་གཞི་ཚུགས། ཞིང་འབྲོག་པར་སྒྲོག་འགྲེལ་བྱེད།
              ཟླ་12ཚེས་7ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞི་རིམ་རྐང་འཛིན་པའི་སྒྲོག་འགྲེལ་པ་ཕུན་ཚོགས་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་བསམ་གྲུབ་གྲོང་ཚོར་བསྐྱོད་དེ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། གྲོང་ཚོའི་ཚོགས་ཁང་ཆུང་ཆུང་ནང་། བསམ་གྲུབ་གྲོང་ཚོའི་ཞིང་འབྲོག་པ་90ལྷག་ཙམ་དེ་གར་འཛོམས་པས་ཚོགས་ཁང་ཆུང་ཆུང་སྐབས་ཤིག་རིང་འཁྲུག་ཆ་དོད་པོར་གྱུར།
              “ངས་སྒྲོག་འགྲེལ་བྱེད་སྐབས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་མང་ཚོགས་ཉེ་འགྲམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མི་སེར་ཚོས་ཉན་འདོད་པ་དང་གོ་ཐུབ་པ་བྱས་ཡོད”ཅེས་བཤད། ཕུན་ཚོགས་ཀྱིས་དྲི་བར་ལན་རྒྱག་པའི་བྱེད་ཐབས་སྤྱད་པར་བརྟེན། ཚོགས་རའི་རྣམ་པ་དེ་བས་འཁྲུག་ཏུ་ཕྱིན་པ་མ་ཟད། ཞིང་འབྲོག་མང་ཚོགས་ཚོའི་སློབ་ཚན་ཉན་པའི་སྤྲོ་སྣང་ཡང་འཕེལ།
              ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། བོད་རང་སྐྱོང་ལྗོངས་ཀྱིས་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུཌ་བྱས་ཏེ། བོད་ཡིག་ལ་བསྒྱུར་ནས་དེབ་བཟོས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འབྲེལ་ཡོད་ཡིག་ཆ། གཞི་རིམ་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ལ་སྤྲད་པ་དང་ཆབས་ཅིག་རྒྱ་བོད་ཤན་སྦྱར་གྱི་དྲིལ་བསྒྲགས་འདྲི་གཞི་པར་འགྲེམས་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲོག་འགྲེལ་པར་སྤྲད་པ་རེད།
              བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧྥན་ལེས། རང་སྐྱོང་ལྗོངས་ཀྱིས་བཙུཌ་ཟིན་པའི་རྒྱ་ཆེའི་ཞིང་འབྲོག་པའི་སྒྲོག་འགྲེལ་དཔུང་ཁག་གིས་ནུས་པ་འདོན་རྒྱུར་དོ་སྣང་ཆེན་པོ་བྱས་པ་དང་འབྲེལ་བཅའ་སྡོད་གནས་སུ་སྒྲོག་འགྲེལ་དང་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་རེད།
              ཟླ་12ཚེས་8ཉིན་བར། རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་སྒྲོག་འགྲེལ་ཐེངས་125བྱས་པར་མི་ཐེངས་ཁྲི་4ཙམ་ལ་ཕན་པ་ཐོབ་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སྒྲོག་འགྲེལ་ཚོགས་པ་དང་། རུ་ཁག ཚོགས་ཆུང་། རུ་མི་བཅས་ཀྱིས་སྒྲོག་འགྲེལ་ཐེངས་ཁྲི་1.35བྱས་པར་མང་ཚོགས་ཁྲི་104.5ལ་ཕན་པ་ཐོབ་ཡོད།
              ནང་སོག   མང་ཚོགས་ཀྱི་དོ་ཁུར་ལ་ལན་བཏབ། གླེང་མོ་བྱས་ནས་རྒྱུ་མཚན་བརྗོད།
              ཟླ་11ཚེས་20ཉིན་ནས་བཟུང་། ནང་སོག་རང་སྐྱོང་ལྗོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་སྒྲོག་འགྲེལ་ཚོགས་པ་མོང་དང་གྲོང་ཁྱེར་དང་། ཐིང་ཅུས། མཐོ་སློབ། ཁེ་ལས་སོགས་ས་ཁུལ་དང་ཚན་པར་བསྐྱོད་དེ་གཅིག་སྡུད་སྒྲོག་འགྲེལ་བྱས་པ་རེད།
              ཐེང་ཀེ་ལི་བྱེ་ཐང་དུ་གནས་པའི་ཨ་ལཱ་ཧྲན་ཙོའུ་ཆི་རུ། ནང་སོག་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རང་སྐྱོང་ལྗོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་ཀའོ་ཀྲེ་མིང་གིས་ཁྲོམ་གཞུང་སྡེ་ཁུལ་དུ་བསྐྱོད་དེ། གོ་བདེ་ཤེས་སླའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མང་ཚོགས་ཁྲོད་སྒྲོག་འགྲེལ་བྱས་པ་དང་། ཨེ་ལུའུ་ཐེ་ཁྲོམ་གཞུང་ཨན་ཏ་སྡེ་ཁུལ་དུ་ཀའོ་ཀྲེ་མིང་གིས་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣོད་བཅུད་ཤེས་དཔལ་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ནང་དོན་སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མིར་སྒྲོག་འགྲེལ་བྱས་པ་མ་ཟད། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བརྒྱབ་པ་རེད།
              “ཨོ་ལཱ་ཧྲན་གྱིས་སྣོད་བཅུད་འཛུགས་སྐྱོང་དང་སྲུང་སྐྱོང་གང་འདྲ་བྱེད་མིན”དང“ཚབས་ཇེ་ཆེར་འགྲོ་བའི་ན་རྒས་ཅན་གྱི་གནད་དོན་ལ་ཁ་གཏད་གང་འདྲ་གཅོག་དགོས་མིན”སོགས་ཀྱི་གནད་དོན་ཐད་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་དྲི་བ་བཏོན་པ་རེད། ཀའོ་ཀྲེ་མིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་དམིགས་ཏེ། བབ་ཆགས་ལ་གསོན་ཉམས་ལྡན་པའི་སྐད་ཆ་དང་དོན་ཟབ་གོ་སླའི་ཐོག་ནས་ལན་བརྒྱབ་པ་རེད།
              ཀུའེ་ཀྲོའུ། སྒྲོག་འགྲེལ་བྱེད་ཐབས་མང་། སྒྲོག་འགྲེལ་ཕན་འབྲས་ཟབ།
              ཟླ་11ཚེས་14ཉིན་ནས་ཟླ་11ཚེས་30ཉིན་བར། ཀུའེ་ཀྲོའུ་ཞིང་ཨུད་སྒྲོག་འགྲེལ་ཚོགས་པ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་ཁོངས་གཏོགས་ཁག་ཏུ་བསྐྱོད་དེ། སྙན་ཞུའི་ཚོགས་འདུ་དང་། དྲི་བ་འདོན་པ། སྤེལ་རེས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་འབྲེལ་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོལ་ཚོགས་ཐེངས་བཞི་པའི་དགོངས་དོན་མཐོ་སློབ་དང་། སྡེ་ཁུལ། གྲོང་གསེབ་སོགས་སུ་སྒྲོག་འགྲེལ་བྱས་པ་རེད། ཉིན་17ནང་གཅིག་སྡུད་སྒྲོག་འགྲེལ་ཐེངས་43བྱས་པ་དང་། སྒྲོག་འགྲེལ་ཉན་མཁན་ཁྲི་2ཟིན་ཞིང་། བརྙན་འཕྲིན་ཐད་གཏོང་དང་དྲ་བའི་ཐོག་བརྒྱུད་གཏོང་སོགས་བྱས་པར། ལྟ་མཁན་དང་ཉན་མཁན་ཁྲི་100ལྷག་ཙམ་ཟིན་ཡོད།
              སྒྲོག་འགྲེལ་བྱེད་སྐབས། ཀུའེ་ཀྲོའུ་ཞིང་ཨུད་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་ཡུལ་ས་ཁུལ་དང་མང་ཚོགས་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་རིགས་ཁོངས་གཏོགས་ཀྱི་སྒྲོག་འགྲེལ་དང་གཙོ་གནད་ཁྱབ་ཁོངས་ཀྱི་སྒྲོག་འགྲེལ་དང་ཟུང་འབྲེལ་བྱས་པ་མ་ཟད། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ། གདོང་དང་གདོང་ཐུག་པ་དང་ལན་རྒྱག་པའི་བྱེད་ཐབས་སྤྱད་དེ། སྒྲོག་འགྲེལ་ལ་བརྟག་ཞིབ་བྱས་པ་དང་འབྲེལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེར་ཚོར་དྲིལ་བསྒྲགས་ཀྱང་བྱས་པ་རེད། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ད་དུང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སོགས་ཀྱི་གཞི་རྟེན་སྤྱད་ནས་སྒྲོག་འགྲེལ་བྱས་པར་བརྟེན། སྒྲོག་འགྲེལ་གྱི་ཕན་འབྲས་ཐོན་པ་དང་འབྲེལ་སྒྲོག་འགྲེལ་གྱི་ཁྱབ་རྒྱ་ཆེ་རུ་ཕྱིན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།