2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ན་གཞོན་བོད་རིག་པའི་ལྷན་ཚོགས་ཀྱིས་སྐབས་གསུམ་པའི་ན་གཞོན་རིག་གཞུང་གླེང་སྟེགས་སྤེལ་བ།

སྤེལ་དུས 2019-12-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12པའི་ཟླ་10ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ན་གཞོན་བོད་རིག་པའི་ལྷན་ཚོགས་ཀྱིས་གཙོ་སྒྲུབ་མཛད་པའི་“སྐབས་གསུམ་པའི་ན་གཞོན་རིག་གཞུང་གླེང་སྟེགས”ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ། ཐེངས་འདིའི་རིག་གཞུང་གླེང་སྟེགས་སུ་ན་གཞོན་མཁས་པའི་རིག་གཞུང་གྲུབ་འབྲས་གསར་ཤོས་འོས་སྦྱོར་བྱེད་པ་དང་། “ཆོས་ལུགས་དང་བོད་ཀྱི་སྤྱི་ཚོགས”ཀྱི་ཆེད་དོན་གླེང་མོལ། རིག་གཞུང་གཏམ་བཤད་བྱེད་སྒོ་བཅས་ཁག་གསུམ་དུ་དབྱེ་ཡོད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཛིན་དང་ན་གཞོན་མཁས་པ། མཛའ་འབྲེལ་ལས་ཁུངས་ཀྱི་འཐུས་ཚབ་བཅས་མི་60ལྷག་རིག་གཞུང་གླེང་སྟེགས་ཀྱི་བྱེད་སྒོར་ཞུགས་ཡོད། 
ན་གཞོན་རིག་གཞུང་གླེང་སྟེགས་ཀྱི་ཡུལ་དངོས།
         ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ན་གཞོན་བོད་རིག་པའི་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་ལི་ཝུན་གྱིས་2019ལོར་རིག་གཞུང་ལྷན་ཚོགས་ཀྱིས་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་བོད་རིག་པའི་ལྷན་ཚོགས་བཙུགས་པ་ནས་བཟུང་འཚོགས་པའི་དཔྱད་གླེང་ཚོགས་འདུ་དང་། རིག་གཞུང་གླེང་སྟེགས། དཔེ་ཀློག་ཚོགས་འདུ། འཆད་ཁྲིད། གློག་བརྙན་གཟིགས་འབུལ། རིག་གཞུང་རྟོག་ཞིབ་སོགས་རྣམ་པ་སྣ་ཚོགས་ཀྱི་རིག་གཞུང་བྱེད་སྒོ་སྤེལ་བར་ཕྱིར་དྲན་བྱས་པ་རེད། 
         རིག་གཞུང་གྲུབ་འབྲས་འོས་སྦྱོར་གྱི་ཚན་པའི་སྐབས་སུ་ལེའང་ཅུན་ཡན་དང་། ཝེ་ཝུན། ལྷ་རྒྱལ་དོན་གྲུབ། ཚེ་དབང་རྣམ་རྒྱལ། ཀྲང་ཙེ་ལིན་བཅས་ན་གཞོན་མཁས་པ་ལྔ་ཡིས་རང་ཉིད་ཀྱི་རིག་གཞུང་གྲུབ་འབྲས་གསར་ཤོས་ངོ་སྤྲོད་བྱས་པ་མ་ཟད་རང་གི་རིག་གཞུང་ཞིབ་འཇུག་གི་མྱོང་ཚོར་ཀྱང་གླེང་། ཞའོ་ཅེ་དང་། ལི་ཅན། མཁའ་འགྲོ་འབུམ་སོགས་རིག་གཞུང་ཞིབ་འཇུག་ཚན་ཁག་གི་ན་གཞོན་མཁས་པ་17གྱིས་ཆེད་དོན་དཔྱད་གླེང་གི་ཚན་པ་དང་རིག་གཞུང་གཏམ་བཤད་ཀྱི་ཚན་པའི་སྐབས་སུ་གཏམ་བཤད་སྤེལ་བ་རེད། 
         གཞན་ཡང་ན་གཞོན་མཁས་པ་ཚོས་ད་དུང་རིག་གཞུང་ཞིབ་འཇུག་གི་བསམ་བློའི་ལམ་བུ་གླེང་བ་སྟེ། བོད་རིག་པའི་ཞིབ་འཇུག་པ་ངེས་པར་དུ་ཚད་མཐོ་སར་འཛེགས་ཚེ་ད་གཟོད་རྒྱང་ལྟ་བྱེད་ཐུབ། བོད་རིག་པར་ཞིབ་འཇུག་བྱེད་པ་ལ་དགའ་ཞེན་དང་སྤྲོ་སྣང་ཡོད་དགོས་པ་ལས་གཞན་ད་དུང་བློ་རྩེ་གཅིག་སྒྲིམ་དང་སློབ་སྦྱོང་གི་སྙིང་སྟོབས་ལྡན་དགོས། ལྷག་པར་དུ་དབྱེ་ཞིབ་རང་བཞིན་དང་རང་ཚུགས་ཀྱི་བསམ་གཞིག་གི་ནུས་པ་ལྡན་དགོས་ལ། རང་ཉིད་ཀྱི་མཐོང་རྒྱ་ཆེ་རུ་བཏང་ནས། བོད་རིག་པ་འདི་ཉིད་གུ་ཡངས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཆེན་པོ་ཞིག་གི་ཁྲོད་ནས་མ་ལག་ལྡན་པའི་ངང་ཞིབ་འཇུག་བྱེད་དགོས་ཞེས་བསྟན། 
         ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་བོད་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལྷ་བྱམས་རྒྱལ་གྱིས་ཕྱོགས་སྡོམ་གཏམ་བཤད་གནང་སྐབས་བརྗོད་དོན། “ན་གཞོན་བོད་རིག་པའི་ལྷན་ཚོགས་ཀྱི་དམིགས་ཡུལ་ནི་ན་གཞོན་མཁས་པ་དབར་གྱི་འབྲེལ་བར་ཤུགས་སྣོན་པ་དང་ན་གཞོན་མཁས་པའི་རིག་གཞུང་བགྲོ་གླེང་དང་མཉམ་ལས་ལ་སྐུལ་མ་བཏང་སྟེ། ན་གཞོན་མཁས་པའི་ཞིབ་འཇུག་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད། ཉེ་བའི་ལོ་ཤས་རིང་ན་གཞོན་མཁས་པ་ཚོས་རྒན་རབས་པའི་ཞིབ་འཇུག་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་མཐོང་རྒྱ་ཆེ་རུ་བཏང་ནས་བརྟག་དཔྱད་གཏིང་ཟབ་བྱས་ལ། ལག་ལེན་ཁྲོད་ནས་འཇོན་ཐང་རྒྱས་པ་དང་རིག་གཞུང་བགྲོ་གླེང་གི་ཁྲོད་ནས་གཟེངས་སུ་ཐོན་ཏེ། ཕུལ་དུ་བྱུང་བའི་རིག་གཞུང་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། མ་འོངས་པར་ན་གཞོན་མཁས་པ་ཚོས་བོད་རིག་པའི་ཞིབ་འཇུག་ཁྲོད་མུ་མཐུད་ནས་གོ་སྐབས་དམ་འཛིན་སྒོས་སྔར་ལས་ཀྱང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་པར་འབད་བརྩོན་བྱ་ངེས་ཡིན།”ཞེས་བསྟན། 
ན་གཞོན་རིག་གཞུང་གླེང་སྟེགས་ཀྱི་ཡུལ་དངོས།
         ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་བོད་རིག་པའི་ལྷན་ཚོགས་ནི་2017ལོའི་ཟླ་11པའི་ཚེས་23ཉིན་དངོས་སུ་བཙུགས་པ་དང་། ཉེ་བའི་ལོ་ཤས་རིང་རིག་གཞུང་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་བོད་རིག་པའི་ན་གཞོན་མཁས་པའི་དབར་གྱི་བགྲོ་གླེང་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། སྐབས་དང་པོའི་རྒྱལ་ཡོངས་ན་གཞོན་རིག་གཞུང་གླེང་སྟེགས་དང་ན་གཞོན་རིག་གཞུང་གླེང་སྟེགས་སྐབས་གཉིས་བདེ་བླག་ངང་སྤེལ་ཏེ། རྒྱལ་ཡོངས་ཀྱི་བོད་རིག་པའི་ན་གཞོན་ཞིབ་འཇུག་པ་དབར་གྱི་བགྲོ་གླེང་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།