གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་གིས“དཔའ་མཛངས་རྟུལ་ཕོད་ཀྱི་ལན་ཤོག་དྲུག་པའི”དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ།

སྤེལ་དུས 2020-01-21 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་1ཚེས་18ཉིན་འབུམ་ཤོག་ཆེ་མོ་74པའི་ལུའེ་ཤོག་ཅིག་གི“དཔའ་མཛངས་རྟུལ་ཕོད་ཀྱི་ལན་ཤོག་དྲུག་པའི”དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་གནང་ནས། ཁོང་ཚོར་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། རྣམ་པར་རྒྱལ་བའི་འཇོན་ཐང་སྦྱོང་བ་བཅས་བྱས་ཏེ། “དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལན་ཤོག་སྔར་བས་སྲ་ཞིང་བརྟན་པ་འཛུགས་སྐྲུན་བྱེད་དགོས་པའི་ལྕག་སྐུལ་གནང་བ་དང་སྦྲགས། དཔོན་དམག་དང་ཁོང་ཚོའི་ནང་མིར་དཔྱིད་གསར་གྱི་སྨོན་འདུན་ཡང་ཞུས་གནང་བ་རེད། འཕྲིན་ལན་ཆ་ཚང་གཤམ་གསལ་ཏེ།
           “དཔའ་མཛངས་རྟུལ་ཕོད་ཀྱི་ལན་ཤོག་དྲུག་པའི”དཔོན་དམག་ཡོངས་ལ།
           ཁམས་བཟང་། ཁྱེད་ཚོའི་འཕྲིན་ཡིག་ལག་འབྱོར་བྱུང་། 2004ལོར་ངས་ཆེད་མངགས་ལན་ཤོག་ཏུ་ཁྱེད་ཚོར་བལྟ་བར་ཡོང་བ་ཡིན། ཁྱེད་ཚོས་སྒར་ས་སྤོས་རྗེས་གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་བར། གྲུབ་འབྲས་དང་ཡར་རྒྱས་གསར་པ་ཐོབ་པ་ཤེས་རྟོགས་བྱུང་བས་ང་རང་དགའ་སྤྲོ་ཤིན་ཏུ་ཆེ།
           གཞི་རིམ་ནི་དཔུང་སྡེའི་ལས་དོན་ཡོངས་དང་དམག་འཐབ་ནུས་པའི་རྨང་གཞི་རེད། ཁྱེད་ཚོས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། རྣམ་པར་རྒྱལ་བའི་འཇོན་ཐང་སྦྱོང་བ་བཅས་བྱས་ཏེ། “དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལན་ཤོག་སྔར་བས་སྲ་ཞིང་བརྟན་པ་འཛུགས་སྐྲུན་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད།
           དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་འདིར་ངས་ཁྱེད་ཚོ་དང་ཁྱེད་ཚོའི་ནང་མིར་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་།
2020ལོའི་ཟླ་1ཚེས་18ཉིན།
           “དཔའ་མཛངས་རྟུལ་ཕོད་ཀྱི་ལན་ཤོག་དྲུག་པ”ནི་གཟི་བརྗིད་ཀྱི་སྲོལ་རྒྱུན་ལྡན་པའི་དཔའ་བོའི་ལན་ཤོག་ཅིག་རེད། 1964ལོར་རྒྱལ་སྲུང་པུས་ལན་ཤོག་དེར“དཔའ་མཛངས་རྟུལ་ཕོད་ཀྱི་ལན་ཤོག་དྲུག་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད། ཞི་ཅིན་ཕིང་གིས་གཞི་རིམ་དང་དཔོན་དམག་ལ་བརྩེ་བ་བཅངས་གནང་ནས“དཔའ་མཛངས་རྟུལ་ཕོད་ཀྱི་ལན་ཤོག་དྲུག་པར”ཐོག་མཐའ་བར་གསུམ་དུ་ཐུགས་འཁུར་ཆེན་པོ་གནང་གི་ཡོད། 2004ལོར་ཞི་ཅིན་ཕིང་ཆེད་མངགས་ལན་ཤོག་ལ་མཚན་སྙན་སྤྲད་ནས་ལོ་ངོ་40འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཕེབས་ཏེ། བྱམས་བརྩེའི་ངང་ལན་ཤོག་ལ་གཟིགས་པ་རེད། 2014ལོར་ཀུའུ་ཐན་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་ཐོག ཞི་ཅིན་ཕིང་གིས་སྐབས་དེའི་ལན་ཤོག་གི་སློབ་སྟོན་པར་མཇལ་འཕྲད་གནང་བ་དང་། ལན་ཤོག་ཡོངས་ཀྱི་དཔོན་དམག་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཉེ་ཆར། “དཔའ་མཛངས་རྟུལ་ཕོད་ཀྱི་ལན་ཤོག་དྲུག་པའི”དཔོན་དམག་ཡོངས་ཀྱིས་བརྩེ་བ་ཟབ་མོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས། སྒར་ས་སྤོས་རྗེས་ཀྱི་ཁོང་ཚོའི་ལས་སློབ་གང་ཅིའི་ཐད་ཀྱི་གནས་ཚུལ་སྙན་སེང་ཞུས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ། དམག་དཔུང་སྟོབས་ཆེར་གཏོང་བ་དང་རྣམ་པར་རྒྱལ་བ་བཅས་ཀྱི་ཆོད་སེམས་བརྟན་པོ་མཚོན་པར་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།