དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2020-01-22 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་སོགས་ས་ཆ་མང་པོར་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་ཞིང་། ཟླ་1ཚེས་20ཉིན་གྱི་ཆུ་ཚོད་18བར་ས་ཁོངས་ནང་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་དཔེ་224སྙན་ཞུ་བྱས་པའི་ནང་ནད་དཔེ་217(ཝུའུ་ཧན་གྲོང་ཁྱེར་གྱི་ནད་དཔེ་198དང་། པེ་ཅིང་གྲོང་ཁྱེར་གྱི་ནད་དཔེ་5 ཀོང་ཏུང་ཞིང་ཆེན་གྱི་ནད་དཔེ་14བཅས)གཏན་འཁེལ་བྱས་པ་དང་། དོགས་པ་ཡོད་པའི་ནད་དཔེ་7 (སི་ཁྲོན་ཞིང་ཆེན་གྱི་ནད་དཔེ་2 ཡུན་ནན་ཞིང་ཆེན་གྱི་ནད་དཔེ་1 ཧྲང་ཧའེ་གྲོང་ཁྱེར་གྱི་ནད་དཔེ་2 ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ནད་དཔེ་1 ཧྲན་ཏུང་ཞིང་ཆེན་གྱི་ནད་དཔེ་1)བཅས་ཡོད། རི་པིན་གྱིས་གཏན་འཁེལ་བྱས་པའི་ནད་དཔེ་1བརྡ་ཁྱབ་བཏང་བ་དང་། ཐེ་ལན་གྱིས་གཏན་འཁེལ་བྱས་པའི་ནད་དཔེ་2བརྡ་ཁྱབ་བཏང་བ། ཧན་གོས་གཏན་འཁེལ་བྱས་པའི་ནད་དཔེ་1བརྡ་ཁྱབ་བཏང་བ་བཅས་རེད།
           རིམས་ནད་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཉེ་ཆར་ཧུའུ་པེའི་ཝུའུ་ཧན་གྲོང་ཁྱེར་སོགས་སུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་གཅིག་རྗེས་གཉིས་མཐུད་ངང་ཐོན་པར་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། མིག་སྔར་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བར་བརྟེན་མི་འབོར་ཁྱབ་རྒྱ་ཆེ་བའི་ངང་འགྲོ་སྐྱོད་བྱེད་བཞིན་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་ཇུས་གཞི་ཞིབ་ཚགས་བཟོ་བ་དང་ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་པ་དང་བྱེད་ཐབས་ནུས་ལྡན་ཏན་ཏིག་སྤྱད་དེ་རིམས་ནད་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ནད་པར་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱས་ཏེ་ནད་དུག་འགོས་པ་དང་མཆེད་པའི་རྒྱུ་རྐྱེན་གང་མགྱོགས་རྩད་གཅོད་བྱས་ནས་ནད་དཔེའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་ཐག་གཅོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་དགོས། རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་ཀྱི་དྲིལ་བསྒྲགས་དང་གསལ་འགྲེལ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་དུས་བདེ་ལྷིང་འཇགས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་དོན། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་གིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཁ་གཏད་གཅོག་པའི་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་ཞུ་འབུལ་བ། སྔ་ཙམ་ལོགས་དབྱེ། སྔ་ཙམ་སྨན་བཅོས། གཅིག་སྡུད་སྐྱོབ་བཅོས་བཅས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས། ནད་དུག་གི་འབྱུང་རྩ་དང་། ནད་སློང་། ཁྱབ་སྤེལ་སོགས་ཀྱི་རྐྱེན་རྩ་མགྱོགས་མྱུར་རྩད་གཅོད་བྱས་ཏེ་རིམས་ནད་དང་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཆ་འཕྲིན་དུས་ཐོག་ཏུ་དོན་དངོས་དང་མཐུན་པའི་ངང་ཁྱབ་བསྒྲགས་བྱས་ཏེ་རིམས་ནད་འགོག་སྲུང་གི་ཤེས་བྱ་ཚན་རིག་དང་མཐུན་པའི་སྒོ་ནས་དྲིལ་བསྒྲགས་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། འབྲེལ་ཡོད་རྒྱལ་ཁབ། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་དང་འབྲེལ་གཏུག་མཐུན་སྦྱོར་ཡག་པོ་བྱས་ཏེ་མཉམ་ལས་དམ་ཟབ་བྱས་ནས་མཉམ་ཤུགས་ཆགས་པ་དང་རིམས་ནད་གང་སར་མཆེད་པར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།
           ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་1ཚེས་20ཉིན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་མཉམ་འགོག་མཉམ་འདོམས་ལམ་སྲོལ་ལག་ལེན་བསྟར་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ས་གནས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་པ་རེད། ཧུའུ་པེ་ཞིང་ཆེན་སོགས་འབྲེལ་ཡོད་ས་གནས་ཀྱིས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཏེ་བྱ་ཐབས་ནུས་ལྡན་དང་ཏན་ཏིག་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།