དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ལྷ་སར་འཚོགས་པ།

སྤེལ་དུས 2020-01-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་། རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ། 2019ལོའི་རྩིས་བཤེར་ལས་དོན་གྱི་སྙན་ཞུ་ཉན་པ། འདི་ལོའི་རྩིས་བཤེར་རྣམ་གྲངས་ཀྱི་འཆར་གཞིར་གྲོས་ཞིབ་བྱས་པ། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད།
           ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་རྩིས་བཤེར་ཧྲུའུ་ཡི་ལས་དོན་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་རྡོ་ཐོགས་ཚོགས་འདུར་ཕེབས་པ་རེད།
           ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་། མཛུབ་སྟོན་གལ་ཆེན་གནང་བ། རྩིས་བཤེར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ཚུགས་གནས་མཐོ་བ་དང་། དགོངས་པ་གཏིང་ཟབ་པ། བླང་བྱ་ཁ་གསལ་བ་བཅས་ཡོད་པས། ང་ཚོས་དུས་རབས་གསར་པའི་རྩིས་བཤེར་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཙུང་ལི་ལི་ཁེ་ཆང་གིས་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད། རྒྱལ་ཡོངས་རྩིས་བཤེར་ལས་དོན་ཚོགས་འདུའི་ཐོག་འདི་ལོའི་རྩིས་བཤེར་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ཤིང་། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། སྔ་བར་ཕྱི་གསུམ་དུ་རྩིས་བཤེར་ལས་དོན་གྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། རྩིས་བཤེར་ལས་དོན་གྱི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ། རྩིས་བཤེར་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཁྲིམས་ལྟར་རྩིས་བཤེར་ལས་དོན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་སྒྲུབ་པ། རྩིས་བཤེར་ལྟ་སྐུལ་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
           ཝུའུ་དབྱིང་ཅེས་གཙོ་གནད་མངོན་གསལ་དོད་པ་དང་། རྩིས་བཤེར་གྱི་འཇུག་གཞི་ཡང་དག་འཚོལ་བ། རྩིས་བཤེར་གྱི་ཤུགས་རྒྱག་སར་སྟངས་འཛིན་ཡག་པོ་བཅས་བྱས་ནས། མ་དངུལ་འཇོག་པའི་རྣམ་གྲངས་གལ་ཆེན་དོན་འཁྱོལ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“ཞན་ཆ”གསབ་པ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས། མཐའ་མཚམས་འཛུགས་སྐྲུན་ལ་ཤུགས་སྣོན་སོགས་གཙོ་གནད་ལས་དོན་ལ་དོ་ཁུར་ཟབ་མོ་བཅས་བྱས་ནས། གལ་ཆེ་བ་དང་། མ་དངུལ་གྱི་གྲངས་འབོར་མང་བ། ཁྱབ་རྒྱ་ཆེ་བ། དོན་འཁྱོལ་དཀའ་བ་བཅས་ཀྱི་གཙོ་གནད་གནད་དོན་ལ་དམིགས་ཏེ། རྩིས་བཤེར་ལས་དོན་གྱི་འགན་འཁྲི་སྒྲུབ་དགོས་པ་དང་། གནད་སྨིན་རྩིས་བཤེར་བྱས་ཏེ་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། སྲིད་ཇུས་ཀྱི་རྗེས་སྙེག་དང་། ནོར་སྲིད། དཔལ་འབྱོར་གྱི་འགན་འཁྲི་སོགས་རྩིས་བཤེར་གྱི་ལས་འགན་ཁག་ལ་སྤྱི་འདོམས་འཆར་འགོད་བྱེད་པ། རྩིས་བཤེར་བསྐྱར་ཟློས་མི་ཐོན་པ་བཅས་ཀྱིས་རྩིས་བཤེར་གྱི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་དགོས། བཟའ་མཁས་འཐུང་མཁས་ཀྱི་དགོངས་པ་དོན་འཁྱོལ་བྱས་ནས་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་ལ་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ་དང་འགྲོ་གྲོན་གང་བྱུང་དུ་གཏོང་བ་དང་། གང་བྱུང་དུ་རྩིས་ཞུ་བྱེད་པ། བག་མེད་ལོངས་སྤྱོད་མི་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་དངུལ་སྐར་ལི་གཅིག་ཀྱང་དགོས་མཁོ་ཆེ་ས་དང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཐད་བཏང་ནས་ཏང་དང་སྲིད་གཞུང་གི་གཟུགས་བརྙན་ལེགས་སུ་གཏོང་བ་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས། རྩིས་བཤེར་གྱི་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་རྩིས་བཤེར་གྱི་ལྟ་སྐུལ་དང་ལྟ་སྐུལ་གཞན་ཟུང་འབྲེལ་བྱས་ཏེ་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱས་ནས་རྩིས་བཤེར་གྱི་དག་དེར་དོན་འཁྱོལ་ལ་ཇི་མ་ཇི་བཞིན་སྐུལ་འདེད་གཏོང་དགོས། དོན་དངོས་ལ་གཞི་ཚུགས་པ་དང“གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད”ཀྱི་རྩ་དོན་གཞིར་བཟུང་། དབྱེ་ཞིབ་དང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་གནས་ཚུལ་ལ་གཞིགས་ནས་སྲིད་ཇུས་ལག་ལེན་བསྟར་དགོས། དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་རྩིས་བཤེར་གྱི་དྲིལ་བསྒྲགས་ལས་དོན་ལ་ཇུས་འགོད་ནན་ཏན་དང་སྐུལ་འདེད་ཏན་ཏིག་བཏང་སྟེ་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དད་སེམས་བརྟན་པོ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་དངོས་སྒྲུབ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་ཅིག་སྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།