དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་གནང་བར་ལས་བྱེད་པ་དང་མང་ཚོགས་ཁྲོད་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས 2020-01-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས རྩོམ་པ་པོ།
        སྤྱི་ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་སྙན་སེང་ཞུས་པ་གསན་གནང་བ་དང་། ནད་ཡམས་ཚོད་འཛིན་སྔོན་འགོག་དང་ལྷག་པར་དུ་ནད་ཡམས་འགོས་པའི་ནད་པར་སྨན་བཅོས་བྱེད་པའི་ཐད་ཞིབ་འཇུག་བསྐྱར་མ་དང་། བཀོད་སྒྲིག་བསྐྱར་མ། སྐུལ་སློང་བསྐྱར་མ་བཅས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་གྲོས་ཚོགས་ཐོག་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་ཏང་ཡོན་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་ཆོད་སེམས་བརྟན་པོ་དང་ཕྱར་བ་གྲུ་འདེགས་བྱས་ཏེ་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ངེས་པར་དུ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
        ཧུའུ་པེ་ཞིང་ཨུད་ཀྱིས། ཏང་ཀྲུང་དབྱང་གིས་ཧུའུ་པེ་རུ་མཛུབ་ཁྲིད་ཚོགས་ཆུང་མངགས་གཏོང་གནང་བའི་གྲོས་ཆོད་གལ་ཆེན་ལ་བརྩི་བཀུར་རྣམ་དག་ཞུ་རྒྱུ་དང་། ནད་ཡམས་གནས་ཚུལ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་དོན་དག་གལ་ཆེན་ཞིག་ཏུ་བརྩིས་ནས་རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དང་། ཞིང་ཨུད་ཀྱི་རྒྱུན་ཨུད་དང་ཞིང་ཆེན་གཞོན་པ་རིམ་པའི་ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པ་གྲོང་ཁྱེར་དང་ཁུལ་དུ་བསྐྱོད་དེ་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཟབ་ཞུགས་ཀྱིས་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
        རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས། ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་མཚམས་འདིར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ནད་ཡམས་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོ་ཆུང་བཙུགས་གནང་བ་དེས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་དང་། བྱ་སྤྱོད་གཅིག་གྱུར། ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་བཅས་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།
        པེ་ཅིང་གྲོང་ཨུད་ཀྱིས། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། དོ་ནན་པའི་རྣམ་འགྱུར་དང་བྱ་སྤྱོད་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
        ཐན་ཅིན་གྲོང་ཨུད་ཀྱིས། འགོ་ཁྲིད་ལས་བྱེད་པ་གཙོ་བོས་ངེས་པར་དུ་ལས་གནས་བརྟན་སྲུང་དང་། འཐབ་ས་མདུན་མར་བཀོད་འདོམས་བྱས་ཏེ་རིམ་པ་མཐོ་ཤོས་དང་དོ་ནན་ཤོས་ཀྱི་བྱ་ཐབས་བཟུང་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་། ལུས་ཁམས་བདེ་ཐང་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
        སྤྱི་བདེ་པུས། གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགན་སེམས་དང་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་གང་ལེགས་མངོན་ཡོད་པས། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་ལ་རྒྱལ་ཁ་ཐོབ་རྒྱུར་རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད།
        ཚོང་དོན་པུས། འགན་འཁུར་བློ་མཐུན་གཙོ་བོས་ཙུའུ་ཀྲང་གནང་བའི་ནད་ཡམས་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དེས་འབྲེལ་ཡོད་ལས་དོན་ལ་ཤུགས་སྣོན་དང་། ལྷག་པར་དུ་སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན། ས་གནས་ཁག་གི་ཚོང་དོན་གཙོ་འགན་སྡེ་ཁག་གིས་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་གང་ལེགས་གནང་ཡོད་ཅེས་བསྟན་ཡོད།
        སྤྱི་ཚེས་25ཉིན་གྱི་དགོང་མོ། ཝུའུ་ཧན་གྱི་ནད་དུག་འགོས་པའི་ནད་པ་སྐྱོབ་བཅོས་བྱེད་ས་སྟེ། ཅིན་ཡིན་ཐན་སྨན་ཁང་དུ་རོགས་སྐྱོར་དུ་ཕེབས་པའི་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་འབྱིན་རྔུབ་དང་ནད་ཚབས་ལྕི་བའི་ཚན་ཁག་གི་སྨན་པའི་ཚོ་ཆུང་གི་ཙུའུ་ཀྲང་ཀྲའུ་ཤིན་གྱིས། རུ་མི་136གི་འགོག་སྲུང་ལས་དོན་དོན་ཐོག་ཏུ་འཁྱོལ་བ་གཏན་འཁེལ་གནང་ཡོད། ཁོང་གིས། གྲོས་ཚོགས་སྐོར་གྱི་གསར་འགྱུར་ངས་ཐེངས་ཁ་ཤས་བལྟས་པ་ཡིན། ཀྲུང་དབྱང་གིས་རྒྱ་ཆེའི་སྨན་བཅོས་འཕྲོད་བསྟེན་མི་སྣར་ཐུགས་ཁུར་དང་སྲུང་སྐྱོང་ཡག་པོ། འགོག་སྲུང་སྒྲིག་ཆས་ཆ་སྦྱོར་ཡག་པོ། འགོག་སྲུང་བྱ་ཐབས་དོན་འཁྱོལ་བཅས་བྱེད་དགོས་ཞེས་བཏོན་གནང་བར་ང་རང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། ང་ཚོས་མངགས་བཅོལ་ནན་པོ་ཆུད་ཟོས་སུ་མི་གཏོང་བར་ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།