དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་ནས་མཛུབ་སྟོན་གལ་ཆེན་འདི་འདྲ་ཞིག་གནང་འདུག

སྤེལ་དུས 2020-01-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  སྤྱི་ཚེས་27ཉིན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དང་།  མིག་སྔའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཛ་དྲག་འཐབ་རྩོད་ཁྲོད་དུ་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ངེས་པར་དུ་མི་དམངས་ཀྱི་ཁེ་ཕན་གང་ཞིག་ལས་ཀྱང་ལྷག་པའི་འདུ་ཤེས་བློ་ལ་བརྟན་པོ་ངེས་པ་དང་།  ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོ་ངེས་ཐོག་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།  སྒོ་ཀུན་ནས་ཆོད་སེམས་བརྟན་པོ་དང་ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས།  གནད་འཕིགས་ཇུས་འདོན་བཅས་ཀྱི་བླང་བྱ་ལག་ལེན་བསྟར་ནས་ཏང་དར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཐབ་ས་དང་པོར་ལྷབ་ལྷབ་ཏུ་གཡོ་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
          ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་ལ་དབྱེ་ཞིབ་དང་།  རིམས་ནད་གནས་ཚུལ་ཁོང་དུ་ཆུད་པ།  གཅིག་གྱུར་འགོ་ཁྲིད་དང་།  གཅིག་གྱུར་བཀོད་འདོམས།  གཅིག་གྱུར་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས།  རིམ་ཁག་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་མཉམ་སྡེབ་དང་འགོ་ཁྲིད་ལས་བྱེད་པ།  ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་ལས་གནས་བརྟན་སྲུང་དང་མདུན་གྲལ་དུ་བཀོད་འདོམས་བྱས་ནས། ས་ཆ་སྲུང་བར་འགན་འཁྲི་ཡོད་པ་དང་།  ས་ཆ་སྲུང་བའི་འགན་འཁྲི་འཁུར་བ།  ས་ཆ་སྲུང་སྟེ་འགན་དཀྲི་སྒྲུབ་པ་བཅས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་དམག་འཐབ་བཙན་རྫོང་གི་ནུས་པ་དང་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གྱིས་མང་ཚོགས་ལ་སྐུལ་སློང་དང་མང་ཚོགས་སྒྲིག་འཛུགས།  མང་ཚོགས་གཅིག་སྡུད་བཅས་བྱས་ཏེ་སྒོ་ཀུན་ནས་མཉམ་འགོག་མཉམ་འཛིན་གྱི་བྱ་ཐབས་ལག་བསྟར་དང་།  མཉམ་འགོག་མཉམ་བཅོས་བྱེད་པའི་འགོག་སྲུང་མཚམས་ཐིག་འགྲུབ་པ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཛ་དྲག་པའི་འཐབ་རྩོད་འདིའི་ལག་ལེན་ཁྲོད་ལས་བྱེད་པར་རྟོག་ཞིབ་བྱེད་དགོས་པ་དང་།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དཀའ་བའི་དུས་སུ་མདུན་དུ་ཤོར་བ་དང་།  དཔའ་ངར་ཆེན་པོས་འབད་འཐབ་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱ་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱས་ཏེ་མི་དམངས་མང་ཚོགས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགོག་སྲུང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།