དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཕན་ཚུན་ཐུག་རེག་བྱས་ཀྱང་ནད་ཡམས་འགོ་བཞིན་ཡོད་པས་གཟབ་རོགས།

སྤེལ་དུས 2020-01-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

        ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་བཞི་པ)པར་འགྲེམ་བྱས་ཤིང་། པར་གཞི་གསར་པའི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞིའི་ནང་ཏོག་དབྱིབས་ནད་དུག་གསར་པ་དེ་ཕན་ཚུན་ཐུག་རེག་བྱས་པ་བརྒྱུད་འགོ་ཐུབ་པ་བརྗོད་ཡོད།
        རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ནད་བརྟག་སྨན་བཅོས་ཇུས་གཞིར་བཟོ་བཅོས་བརྒྱབ་ཅིང་།《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་བཞི་པ)》ཞེས་པ་གྲུབ་ཡོད་ཅིང་། དེ་ལས་འབྲེལ་ཡོད་སྨན་བཅོས་སྒྲིག་གཞི་ཁག་གིས་སྨན་བཅོས་སྲོག་སྐྱོབ་ལས་དོན་སྒྲུབ་པའི་ཁྲོད་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ་དང་། ཀྲུང་ལུགས་དང་ཕྱི་ལུགས་ཀྱི་གསོ་རིག་ཟུང་འབྲེལ་ཐད་ཤུགས་སྣོན་རྒྱག་པ། དེ་བཞིན་ཀྲུང་ལུགས་དང་ཕྱི་ལུགས་ཀྱི་གསོ་རིག་མཉམ་འབྲེལ་གྱིས་ནད་དཔྱད་ལམ་ལུགས་འཛུགས་པ་བཅས་བརྒྱུད་ནས་སྨན་བཅོས་སྲོག་སྐྱོབ་ལ་སྐུལ་འདེད་གཏོང་བར་ཕན་འབྲས་བཟང་པོ་ཐོན་དགོས་པའི་བླང་བྱ་བཏོན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།