དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

པཎ་ཆེན་རིན་པོ་ཆེས་དཀར་མཛེས་ཁུལ་ལ་སྒོར་ས་ཡ་1གི་དངོས་རྫས་གནང་བ།

སྤེལ་དུས 2020-02-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

         རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་རིགས་ལ་མི་དམངས་ཤོག་སྒོར་ས་ཡ་1གི་ཏོག་གསར་གློ་ཚད་འགོག་བཅོས་ལ་མཁོ་བའི་རིམས་འགོག་དངོས་རྫས་ཞལ་འདེབས་གནང་ཡོད་ཅིང་།  སྤྱི་ཟླ་2ཚེས་25ཉིན་ཁག་དང་པོའི་འགོག་བཅོས་ལ་མཁོ་བའི་ཁ་རས་འབུམ་1བདེ་བླག་ངང་དར་རྩེ་མདོ་གྲོང་ཁྱེར་དུ་འབྱོར་ནས་རྩིས་སྤྲོད་རྩིས་ལེན་གྱི་འགྲོ་ལུགས་གཉེར་རྗེས། རིམས་འགོག་དངོས་རྫས་དེ་དག་དཀར་མཛེས་ཁུལ་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་གཅིག་རྗེས་གཉིས་མཐུད་ངང་སྐྱེལ་བཞིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་ནས་ཧུའུ་པེ་ཝུའུ་ཧན་དང་བོད་རང་སྐྱོང་ལྗོངས་སྨན་བཅོས་སྡེ་ཚན་ཁག་ལ་རིམས་འགོག་དངོས་རྫས་ཞལ་འདེབས་གནང་བ་དང་། ད་ཐེངས་ཡང་སྨན་སྤྱོད་ཁ་རས་འབུམ་2ཉོས་ནས་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་རིགས་ཁག་ལ་ཞལ་འདེབས་གནང་བ་རེད། ཁག་དང་པོར་ལག་འབྱོར་བྱུང་བའི་སྨན་སྤྱོད་ཁ་རས་འབུམ་1ཕུད་པའི་སྨན་བཅོས་ཁ་རས་གཞན་འབུམ་1དེ་ཉིན་ཤས་རྗེས་ནས་དཀར་མཛེས་ཁུལ་དུ་དབོར་རྒྱུ་ཡིན་པ་རེད།

         སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། ཞིང་ཨུད་བོད་རིགས་ས་ཁུལ་གཞུང་ལས་ཁང་གི་ཀྲུའུ་རེན་ཧྲེན་དབྱང་ཞལ་འདེབས་གནང་བའི་མཛད་སྒོར་ཞུགས་ནས་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་རིགས་ཁག་གི་འཐུས་མི་ཚོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཚམས་འདྲི་བརྒྱུད་ཞུ་བྱས་པ་མ་ཟད། དཀར་མཛེས་ཁུལ་ཆོས་ལུགས་ལས་རིགས་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀར་ཁས་ལེན་གནང་བ་དང་། དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་རིགས་ཁག་གིས“རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན”གྱི་སྲོལ་རྒྱུན་དར་སྤེལ་བཏང་ནས་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་ཁྲོད་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

         དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཏེ་ཆིང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་འཁྱག་དུས་གོས་དང་ལྟོགས་དུས་ཟས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ།  དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པས་པཎ་ཆེན་རིན་པོ་ཆེས་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་རིགས་ཁག་ལ་བྱམས་སེམས་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱ་ཆེའི་ཆོས་ལུགས་ལས་དོན་མི་སྣར་སློབ་གསོ་དང་ཁྲིད་སྟོན་ཧུར་ཐག་བྱས་ཏེ་རིམས་ནད་སྔོན་འགོག་ལས་ཀའི་ཁྲོད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་འདུག
རྩོམ་སྒྲིག་པ། སངས་སྐྱབས།