དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2020-02-28 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་བ་དང“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་དེ་བས་ལེགས་པར་བསལ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ཀྱི་དམིཌ་ཚད་ལས་འགན་མངོན་འགྱུར་ཡོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།
         ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས། ཉེན་ཁ་དང་འགྲན་སློང་ཇི་ཙམ་འཕྲད་སྐབས་དེ་ཙམ་གྱིས་ཞིང་ལས་བརྟན་པོ་ཡོང་བ་བྱེད་དགོས་པ་དང་། དེ་ཙམ་གྱིས་འབྲུ་རིགས་དང་ཞོར་ཟས་གལ་ཆེན་གྱི་བདེ་འཇགས་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས“ཞིང་གསུམ”གྱི་ལས་དོན་གལ་ཆེའི་ནང་གི་འགངས་ཆེར་བཟུང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་གཙོ་གནད་ལས་འགན་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་བ་དང“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་དེ་བས་ལེགས་པར་བསལ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། ཁུལ་དབྱེ་རིམ་དབྱེ་ཁྱད་པར་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་ཆབས་ཅིག དཔྱིད་འདེབས་ཐོན་སྐྱེད་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱས་ནས་ཞིང་ལས་འཐུས་ཤོར་མི་འགྲོ་བ་དང་དབྱར་འབྲུའི་ལོ་ལེགས་འགན་སྲུང་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། འབྲུ་རིགས་འདེབས་པའི་གཞི་རྩའི་ཁེ་ཕན་འགན་སྲུང་དང་། འབྲུ་རིགས་ཀྱི་འདེབས་ཁྱོན་དང་ཐོན་འབབ་བརྟན་པོ་རྒྱུན་འཁྱོངས། ཐོན་ཁུལ་གཙོ་བོས་ལེགས་ཆ་གང་ལེགས་འདོན་པ། ཐོན་ཚོང་དོ་སྙོམས་ཁུལ་དང་བྲིན་ཚོང་ཁུལ་གཙོ་བོས་དགོས་ངེས་ཀྱི་རང་མཁོ་རང་སྤྲོད་བྱེད་ཚད་རྒྱུན་འཁྱོངས་བཅས་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་མཉམ་དུ་འཁུར་དགོས། ཚད་གཞི་མཐོ་བའི་ས་ཞིང་དང་། ཞིང་ནང་དང་ཆུ་བེད། ཞིང་ལས་འཕྲུལ་ཆས་ཅན་སོགས་དེང་རབས་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་མ་ཟད། ཁྱབ་གདལ་བེད་སྤྱོད་མགྱོགས་པོ་བྱས་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་དགོས། ནད་འབུའི་གནོད་འཚེ་ཚབས་ཆེན་དང་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཞིང་ལས་བདེ་འཇགས་འགན་སྲུང་བྱེད་དགོས། ཕག་པ་གསོ་འཕེལ་བྱེད་མགྱོགས་སུ་བཏང་ནས། མིག་སྔར་འཕྲད་པའི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་པ་དང་། ཐོན་སྐྱེད་སླར་གསོའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་སྟེ་དཔྱིད་ཀ་ཤར་མཚམས་སུ་ཞིང་དུས་ལ་དམ་འཛིན་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་དགོས། དཔྱིད་རྨོད་རྨོད་གྲབས་དང་དགུན་གྲོལ་ལོ་ཏོག་གི་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་སྤྱོད་དངོས་ཟོག་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་ནས་ཞིང་སྤྱོད་དངོས་ཟོག་མཁོ་སྤྲོད་དང་། འཕྲུལ་ཆས་ལ་བརྟེན་ནས་ཞིང་ལས་བྱེད་པ། ཞིང་པ་ཞིང་ནང་དུ་སྐྱོད་པ་སོགས་ཐུབ་པར་བྱེད་དགོས། འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་དུ་གཏོང་བ། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་དུས་ཚིགས་གཉིས་ཀར་ལོ་ཏོག་འདེབས་པ་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་པོར་འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། སྔོ་ཚལ་དང་ཕྱུགས་བྱ་སོགས་ཀྱི་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་དང་། ཞིང་ལས་ཐོན་རྫས་སོས་པ་སྐྱེལ་འདྲེན་བྱེད་པའི་ཐོགས་མེད་བགྲོད་ལམ་ཤར་གཏོང་ཐུབ་པ། ཕག་པ་བཤའ་ཚད་མང་དུ་གཏོང་བ་བཅས་བྱས་ནས་གསོ་ཚགས་ར་བ་དང་དུད་ཚང་ལ་སྲིད་ཇུས་དོན་འཁྱོལ་ལ་རོགས་སྐྱོར་ཤུགས་ཆེན་བྱེད་དགོས། སྲོག་ཆགས་ཀྱི་ནད་ཡམས་ཚབས་ཆེན་དང་གནོད་འབུ་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས། དབུལ་སྒྲོལ་འགག་སྒྲོལ་དང་། ཞིང་པའི་ལས་ཞུགས་འབབ་འཕར། ཞིང་ནང་ཆུ་བེད་འཛུགས་སྐྲུན་སོགས་ལས་དོན་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་བརྟན་པོ་འགན་ལེན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཚེས་25ཉིན་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།