དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

སྤེལ་དུས 2020-03-27 ཡོང་ཁུངས། རྩོམ་པ་པོ།

          ཚེས་25ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པའི་དུས་འགོར་ཁྱེད་ཀྱིས་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་གནང་བ་མ་ཟད། འཇར་མན་སྲིད་གཞུང་དང་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་གནང་བ་དེ་ཀྲུང་གོ་མི་དམངས་ཀྱི་བློ་ལ་བརྟན་པོར་ངེས་ཡོད། མིག་སྔར་འཇར་མན་ལ་རིམས་ནད་ཀྱི་འགྲན་སློང་ཛ་དྲག་པོ་འཕྲད་བཞིན་ཡོད་པར་ཀྲུང་གོ་མི་དམངས་ལ་མྱོང་ཚོར་ཟབ་མོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་ལ་རིམས་ནད་ལ་འགོག་རྒོལ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་མུ་མཐུད་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་པོའི་རིགས་གཅིག་མཁས་ཅན་དབར་བརྙན་ལམ་ཐོག་ནས་སྤེལ་རེས་བྱས་ཡོད་ལ་འཇར་མན་གྱི་རིགས་གཅིག་མཁས་ཅན་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་མཉམ་དུ་ཀྲུང་གོར་རྟོག་ཞིབ་ཏུ་ཡོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། ཁྱེད་ཀྱིས་འཇར་མན་མི་དམངས་ཀྱི་སྣེ་འཁྲིད་དེ་སྔ་ཙམ་རིམས་ནད་ལས་ཐར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་པས་དེ་ནི་མིའི་རིགས་ཡོངས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། རྒྱལ་ཁབ་གང་ཞིག་ཀྱང་ལོགས་སུ་སྡོད་པ་དང་རང་མགོ་རང་ཐོན་བྱེད་མི་ཐུབ། རིམས་ནད་ལ་འགོག་རྒོལ་བྱེད་རིང་ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་དབར་མཐུན་སྒྲིལ་མཉམ་ལས་ཀྱི་སྟོབས་ཤུགས་ཤིག་མངོན་ནས་དྲང་ནུས་འདོན་སྤེལ་གང་ལེགས་བྱུང་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་མི་རིང་བར་འཚོག་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཚུད་པའི་ཕྱོགས་ཁག་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རིམས་འགོག་གི་འབོད་སྐུལ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་འདོད་ཡོད། མིག་སྔ་དང་ཕུགས་ལ་དམིགས་ནས་རྒྱལ་ནང་གི་ཕན་འབྲས་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལ་སྤྱི་འདོམས་བྱེད་པ་དང་། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་བརྟན་པོ་དང་། འཕར་རྒྱུ་འགན་ལེན། ལས་ཞུགས་བརྟན་པོ། དམངས་འཚོ་འགན་ལེན་བཅས་ཡོང་བ་བྱེད་པ་དང་དུས་མཚུངས་ཁྲོམ་རའི་སྒོ་མོ་འབྱེད་རྒྱུར་སྐུལ་མ་བཏང་ནས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་སྒོ་དབྱེ་དང་། བརྟན་པོ། བདེ་འཇགས་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་པོས་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་འཆར་འགོད་མུ་མཐུད་ཡག་པོ་བྱས་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་རྒྱུན་བསྲིང་སྐུལ་མ་བཏང་སྟེ་ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཐོན་ལས་འཁོར་སྦྲེལ། མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་བཅས་ཡོང་བའི་འགན་ལེན་བྱས་ཐོག་གསར་དར་ཐོན་ལས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          མོ་ཁེར་གྱིས། མིག་སྔར་ཡོ་རོབ་ཀྱི་རིམས་ནད་གནས་ཚུལ་ཛ་དྲག་པོ་ཡོད་པ་དང་། འཇར་མན་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་འཕྲལ་ཐག་ཆོད་པོ་སྤྱོད་བཞིན་ཡོད། འཇར་མན་ཕྱོགས་ནས་ཀྲུང་གོས་དུས་ཐོག་ཏུ་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་མཉམ་ལས་བྱས་ནས་རིམས་ནད་འགོག་བཅོས་བྱེད་པའི་མཐུན་སྒྲིལ་གྱི་མིག་དཔེ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། འཇར་མན་ཕྱོགས་ཀྱིས་དོན་དངོས་ལ་གཞིགས་ནས་དངོས་ཡོད་གཞུང་དྲང་གི་ལངས་ཕྱོགས་འཛིན་ནས་རྒྱལ་སྤྱི་དང་མཉམ་ལས་བྱས་ཏེ་རིམས་ནད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་འདོད་ཚུལ་འཛིན་བཞིན་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་མིག་སྔའི་ཉམས་ཉེན་ཁྱད་བསད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་ཡོང་ཆེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། འཇར་མན་ཕྱོགས་ཀྱིས་རིམས་ནད་ཀྱི་གནས་ཚུལ་མཇུག་འགྲིལ་རྗེས་ཀྲུང་གོ་ཕྱོགས་དང་མུ་མཐུད་འཇར་མན་དང་ཀྲུང་གོའི་དབར་དང་། ཡོ་རོབ་དང་ཀྲུང་གོའི་དབར་གྱི་འགྲོ་འོང་མཉམ་ལས་གལ་ཆེན་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།