དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཚོང་ཟོག་འཁོར་རྒྱུག་སླར་གསོ་བྱུང་ནས་ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

སྤེལ་དུས 2020-03-30 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཚོང་ཟོག་འཁོར་རྒྱུག་དང་ཚོང་ལས་སྒྲིག་ལམ་སླར་གསོ་བྱེད་པའི་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཚོང་དོན་པུའུ་འཛད་སྤྱོད་སྐུལ་སྤེལ་སིའི་འགན་འཁུར་བ་ཝང་པིན་གྱིས་ངོ་སྤྲོད་བྱས་པར། ཟླ་3ཚེས་27ཉིན་བར། རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཀྱི་སྡེབ་ཚོང་ཁྲོམ་ར་ལས་འགོ་བསྐྱར་འཛུགས་བྱེད་ཚད་99.4%ཟིན་པ་དང་ཉོ་ཚོང་བྱེད་འབོར་ཟླ་2པའི་ཟླ་འགོ་ལས་50%ཡན་མང་དུ་ཕྱིན་པ་དང་། མུ་འབྲེལ་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་སྤུས་རྟགས་སྟབས་བདེའི་ཚོང་ཁང་ལས་འགོ་བསྐྱར་འཛུགས་བྱེད་ཚད་99.5%དང་95.4%སོ་སོར་ཟིན་ནས་ཕྱིར་ཚོང་བྱེད་ཚད་ན་ནིང་གི་དུས་མཚུངས་ཀྱི་ཆུ་ཚད་ལས་བརྒལ་བ། དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ཚང་མ་ལས་གཉེར་བྱེད་འགོ་ཚུགས་ནས་ཚོང་དུད་ལས་འགོ་བསྐྱར་འཛུགས་བྱེད་ཚད་84.5%ཟིན་པ། བརྒྱ་ཟོག་ཚོང་ར་འགོ་བསྐྱར་འཛུགས་བྱེད་ཚད་95.8%ཟིན་ནས་ཕྱིར་ཚོང་བྱེད་འབོར་ན་ནིང་དུས་མཚུངས་ཀྱི་50%ཙམ་བར་སླར་གསོ་བྱུང་བ། བཟའ་བཏུང་དང་། མགྲོན་ཁང་། ཁྱིམ་ལས་སོགས་ཀྱི་ཁེ་ལས་ལས་འགོ་བསྐྱར་འཛུགས་བྱེད་ཚད་80%དང་། 60% 40%བཅས་སོ་སོར་ཟིན་ནས་ཕྱིར་ཚོང་བྱེད་འབོར་ན་ནིང་དུས་མཚུངས་ཀྱི་35%ཙམ་བར་སླར་གསོ་བྱུང་ཡོད།
          རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་གཞོན་པ་ཝང་ཧྲི་ཡུས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲལ་རིན་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་བཞི་བཀོད་སྒྲིག་བྱས་ནས་བཏོན་པའི་ནང་མང་ཆེ་བ་ནི་ཚོང་ཁང་ཆུང་ངུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ཤ་སྟག་རེད། དཔེར་ན་བཟའ་བཏུང་དང་། མགྲོན་ཁང་། བྱད་བཞིན་མཛེས་བཟོ་བཅས་ཚང་མ་འཚོ་བའི་ཞབས་ཞུའི་ལས་རིགས་ཀྱི་ཁོངས་སུ་གཏོགས་པས། འཚོ་བའི་ཞབས་ཞུའི་ལས་རིགས་ལ་དུས་མཚམས་ངེས་ཅན་ཞིག་ནང་ཐོབ་པའི་ཡོང་འབབ་ལ་གནས་ཐང་འཕར་ཁྲལ་བསྡུ་ཡི་མེད་པ་དང་། དཔེར་ན། བཟའ་བཏུང་ཞག་སྡོད་སོགས་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ལས་རིགས་ཀྱི་གྱོང་གུན་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤོ་བའི་ལོ་ཚད་ལོ་5ནས་ལོ་8བར་རིང་དུ་བཏང་བ། ཡང་དཔེར་ན་ཚོང་ཁང་ཆུང་ངུ་མང་ཆེ་བ་ནི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བ་ཡིན་པ་དང་རྒྱལ་ཁབ་ཀྱིས་ཀྱང་ཟླ་3པ་ནས་ཟླ་5པ་བར་ཧུའུ་པེ་ཞིང་ཆེན་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་གནས་ཐང་འཕར་ཁྲལ་བསྡུ་ཡི་མེད། ཞིང་ཆེན་གཞན་དག་གི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་གནས་ཐང་འཕར་ཁྲལ་བསྡུ་ཚད་3%ནས་1%བར་གཅོག་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་ཅེས་བརྗོད་པ་རེད།
          ཟླ་2ཚེས་25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ས་གནས་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་ཀྱི་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁང་གླ་གཏོང་མཁན་གྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་སྡེ་ལས་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་མང་པོ་ཞིག་གིས་འབྲེལ་ཡོད་སྲིད་ཇུས་བཏོན་ནས་སྡེ་ལས་ཁང་གླ་ཆག་ཡང་དང་རྩ་ཆག་བཏང་བའི་ཁང་གླ་གཏོང་མཁན་ཕྱོགས་ལ་ཁང་ཁྲལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་ཀྱི་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་བྱས་ཏེ་ཁོང་ཚོས་རང་འགུལ་ངང་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་རྒྱུར་ལྕག་སྐུལ་བྱས་ཡོད།
          ཁེ་ལས་ལ་རྒྱབ་སྐྱོར་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་སྲིད་ཇུས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། དཔེར་ན། ཅང་སུའུ་དང་། ཀྲེ་ཅང་། ཧྲན་ཏུང་། པེ་ཅིང་། ཧྲང་ཧའེ། ཐེན་ཅིན། ཧུའུ་པེ་སོགས་ཀྱིས་གཞུང་ཁོངས་སྡེ་ལས་བོགས་མར་བླངས་པའི་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ལ་ཁང་གླ་བསྡུ་རྒྱུ་མིན་པ་དང་། ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་བཙོག་ཆུ་གཙང་བསིང་གི་དངུལ་དང་གྲོང་ཁྱེར་གྱི་འགྲོ་ལམ་བཟུང་སྤྱོད་ཁྲལ་སོགས་ཀྱི་གྲོན་དངུལ་བསྡུ་རྒྱུ་མིན་པ། ཧང་ཀྲོའུ་དང་། ཀོང་ཀྲོའུ། ཁྲང་ཧྲ། ནན་ཁྲང་སོགས་ཀྱིས་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་གྲངས་འབོར་མང་དུ་གཏོང་བ་དང་། རླངས་འཁོར་གསར་པའམ་ཡང་ན་ནུས་རྒྱུ་གསར་པའི་རླངས་འཁོར་ཉོས་ན་ཁ་གསབ་སྤྲོད་པ་སོགས་ཀྱི་སྲིད་ཇུས་བཏོན་ཡོད་ཅེས་ཝང་པིན་གྱིས་བརྗོད།
          ཟླ་3ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཞིང་ལས་ཐོན་རྫས་ཕྱིར་ཚོང་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། ཝང་པིན་གྱིས་ཚོང་དོན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་དང་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་ནས་རིམ་རྩིས་བྱས་ན་རྫོང་དང་གྲོང་ཁྱེར་1180ལ་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཕྱོགས་ཡོངས་ལ་ཁྱབ་པ་བྱས་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།