དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

པེ་ཅིང་གི་ཐང་ཧྲན་ཆུང་བའི་སྨན་ཁང་གི་དྲག་སྐྱེད་བྱུང་བའི་ནད་པ་ཐོག་མ་སྨན་ཁང་ནས་དོན་པ།

སྤེལ་དུས 2020-04-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ཟླ་3ཚེས་30ཉིན་པེ་ཅིང་གི་ཐང་ཧྲན་ཆུང་བའི་སྨན་ཁང་གི་དྲག་སྐྱེད་བྱུང་བའི་ནད་པ་ཐོག་མ་ཐིང་ཐིང(མིང་ཚབ)སྨན་ཁང་ནས་དོན་པ་རེད། སྨན་ཁང་ནས་མ་དོན་གོང་སྨན་དོན་མི་སྣས་ཐིང་ཐིང་ལ་ཀེག་དང་མེ་ཏོག་སྤྲད་དེ་ཁོང་བདེ་བླག་ངང་སྨན་ཁང་ནས་དོན་ཐུབ་པར་རྟེན་འབྲེལ་ཞུས་པ་རེད། མངའ་ཁོངས་ཕྱི་ནས་པེ་ཅིང་དུ་ལོག་པའི་ཐིང་ཐིང་གིས་སྨན་དོན་མི་སྣར“རླབས་ཆེན་གྱི་མེས་རྒྱལ་དང་གཅེས་པར་འོས་པའི་སྨན་དོན་མི་སྣར་ཐུགས་རྗེ་ཆེ་ཞུ”ཞེས་ཡང་ཡང་བཤད་པ་རེད།
          ལོ་17གོང་གི་དམིགས་བསལ་གློ་ཚད་འགོག་རྒོལ་དམག་འཐབ་རྒྱག་སྐབས་ཐང་ཧྲན་ཆུང་བའི་སྨན་ཁང་གིས་རིམས་ནད་ཚབས་ཆེ་ཤོས་ཀྱི་དུས་སུ་ལས་འགན་དང་ལེན་ཞུས་ནས་ཉིན་7ལ་ནད་ཁྲི་1000བཙུགས་པ་དང་དཔུང་སྡེའི་སྨན་དོན་མི་སྣས་སྐྱོབ་བཅོས་ལས་དོན་གྱི་འགན་ཕྱོགས་ཡོངས་ནས་ཁུར་བས། དམིགས་བསལ་གློ་ཚད་ཕོག་པའི་ནད་པ་དྲག་སྐྱེད་བྱུང་ཚད་མང་ཤོས་དང་། འཆི་ཚད་ཉུང་ཤོས། སྨན་དོན་མི་སྣར་དམིགས་བསལ་གློ་ཚད་གཅིག་ཀྱང་མ་འགོས་པའི“ཐང་ཧྲན་ཆུང་བའི་ངོ་མཚར”བཏོད་པ་དང“དཔའ་ངར་ཞུམ་མེད་དང་། ཚན་རིག་བདེན་འཚོལ། མཐུན་སྒྲིལ་གཞོགས་འདེགས། དཀའ་སྤྱད་སྐྱེས་འབུལ”བཅས་ཀྱི་ཐང་ཧྲན་ཆུང་བའི་སྙིང་སྟོབས་བཏོད་ཡོད། དེ་ནི་ཀྲུང་གོ་བ་ཡོངས་ཀྱིས་ཐུན་མོང་ཐོག་རིམས་ནད་འགོག་རྒོལ་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་དང་། དམག་དམངས་མཐུན་སྒྲིལ་དང་ལག་གདང་སྦྲེལ་ནས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ཐུན་མོང་གི་དྲན་གསོ། སྨན་དོན་མི་སྣ་དང་ནད་པས་ལག་གདང་སྦྲེལ་ནས་ནད་ཡམས་ལས་རྣམ་པར་རྒྱལ་བའི་གསོན་ཉམས་དོད་པའི་ཕྱོགས་སྡོམ་བཅས་རེད། ལོ་17རྗེས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་སྐབས་པེ་ཅིང་གི་ཐང་ཧྲན་ཆུང་བའི་སྨན་ཁང་གིས་འགན་འཁྲི་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བར་སླར་ཡང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་རྒྱག་འགོ་ཚུགས་ཡོད།
          ཟླ་3ཚེས་16ཉིན་ཐང་ཧྲན་ཆུང་བའི་དམིགས་བཙུགས་སྨན་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་དང་། གཙོ་བོ་མངའ་ཁོངས་ཕྱི་ནས(ཕྱིར་ལོག)པེ་ཅིང་དུ་སླེབས་པའི་མི་སྣའི་ཁྲོད་ནས་འཐེན་བཤེར་བྱེད་དགོས་པའི་མི་སྣ་དང་། དོགས་ཡོད་མི་སྣ། ནད་གཞི་གཏན་འཁེལ་གྱི་ནད་པ་ཚབས་ཆུང་གྲས་དང་སྤྱིར་བཏང་བཅས་ཀྱི་སྨན་བཅོས་ལ་སྤྱོད་ཀྱི་ཡོད། ཟླ་3ཚེས་29ཉིན་གྱི་ཆུ་ཚོད་24བར་སྨན་ཁང་དེས་མངའ་ཁོངས་ཕྱི་ནས(ཕྱིར་ལོག)པེ་ཅིང་དུ་སླེབས་པའི་མི་སྣའི་ཁྲོད་ནས་མི་2002ལ་འཐེན་བཤེར་བྱས་པ་དང་། མང་ཤོས་སྐབས་ཉིན་གཅིག་ལ་མི་394འཐེན་བཤེར་བྱེད་ཀྱི་ཡོད། གྲངས་གཞི་དེ་དག་ལས་སྨན་དོན་མི་སྣས་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་བྱས་ནས་འབད་འབུངས་བྱས་པ་བདེན་དཔང་བྱེད་ཐུབ།

རྩོམ་སྒྲིག་པ། བདེ་སྒྲོལ།