དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་རང་སའི་རིམས་ནད་མཆེད་ལམ་སྤྱིའི་ཆ་ནས་བཀག་འགོག་ཐུབ་ཡོད།

སྤེལ་དུས 2020-04-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          སྤྱི་ཚེས་31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གིས་ཝུའུ་ཧན་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་མཱ་ཞའོ་ཝུའེ་ཡིས་ངོ་སྤྲོད་བྱས་དོན། ཝུའུ་ཧན་གཙོས་རྒྱལ་ཡོངས་ཀྱི་རང་སའི་རིམས་ནད་མཆེད་ལམ་གཞི་རྩའི་ཆ་ནས་བཀག་འགོག་བྱུང་བས། རིམས་འགོག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། ད་ལྟའི་བར་ཧུའུ་པེ་ཞིང་ཆེན་གྱི་ནད་པ་6000ལྷག་ཙམ་དྲག་སྐྱེད་བྱུང་བ་དང་དྲག་སྐྱེད་བྱུང་ཚད་93%ལས་བརྒལ་ཡོད།
          མཱ་ཞའོ་ཝུའེ་ན་རེ། རིམས་ནད་བྱུང་ཚུན་དུ་རྒྱལ་ཁབ་འཕྲོད་བསྟེན་ཨུ་ལྷན་གྱིས་ཁོངས་གཏོགས་སྨན་ཁང་དང་། ཞིང་ཆེན་ཁག བཅིངས་འགྲོལ་དམག་བཅས་ནས་སྨན་དོན་མི་སྣ་ཕུལ་བྱུང་ཅན་42600ལྷག་ལས་གྲུབ་པའི་སྨན་བཅོས་རུ་ཁག་340ལྷག་བཙུགས་ནས་ཧུའུ་པེ་ཞིང་ཆེན་ལ་རོགས་སྐྱོར་བྱས་ལ། དེའི་ནང་འབྲེལ་ཡོད་ཆེད་ལས་མི་སྣ་15000ལྷག་ཡོད། ནད་ཐོག་སྨན་བཅོས་ཐད་རྨང་གཞིའི་གསོ་རིག་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཟུང་འབྲེལ་དང་། མདུན་སའི་སྐྱོབ་བཅོས་དང་རྒྱབ་ཕྱོགས་ཀྱི་རྒྱབ་སྐྱོར་ཟུང་འབྲེལ། སྨན་བཅོས་དང་ནད་སྐྱོང་ཟུང་འབྲེལ། སྨན་བཅོས་དང་དོ་དམ་ཟུང་འབྲེལ། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ། སྨན་ཁང་གི་འགོས་མཆེད་སྔོན་འགོག་གང་ལེགས་བྱས་པས། རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣའི་ཁྲོད་ནད་པ་གཅིག་ཀྱང་བྱུང་མེད།
           མིག་སྔར་ཧུའུ་པེར་ནད་པ་1500ཙམ་ཡོད་ཅིང་དེ་ལས་གསུམ་ཆ་གཅིག་ནད་པ་ཚབས་ཆེན་ཡིན་པས། ད་དུང་སྨན་བཅོས་ཀྱི་གོམ་པ་གློད་བཞིན་མེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་སྲིད་སྨན་བཅོས་དོ་དམ་ཅུས་ཀྱི་ལྟ་ཞིབ་ཀྲོན་ཡོན་ཅའོ་ཡ་ཧུའེ་ཡིས། ནད་པ་འདི་དག་ན་སོ་ཅུང་རྒས་པ་དང་རང་ལུས་སུ་ནད་གཞི་གཞན་པ་ཡོད་མཁན་མང་པས། སྨན་བཅོས་བྱེད་ཁག་པོ་འདུག་ཅེས་ཟེར། ནད་པ་དེ་དག་ཆུ་ཚད་མཐོ་བའི་སྨན་ཁང་དུ་གཅིག་སྡུད་བྱེད་པ་དང་། དབང་པོ་མང་པོའི་ནུས་པར་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ། ནད་གཞིའི་ལྟ་ཞིབ་ཚད་ལེན་དང་ནད་སྐྱོང་དང་དེ་བཞིན་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་བཅའ་སྡོད་བྱེད་པ་བཅས་བྱེད་ཀྱི་ཡོད་པས། ད་ལྟའི་བར་དུ། ནད་པ་ཚབས་ཆེན་གྱི་དྲག་སྐྱེད་བྱུང་ཚད་14%ནས་88%བར་མཐོ་རུ་ཕྱིན་པ་དང་། ལྷག་པར་དུ་ཟླ་3པ་ནས་བཟུང་ཉིན་ལྟར་ནད་པ་ཚབས་ཆེན་ནད་པ་ཡང་མོར་འགྱུར་གྲངས་100ནས་150བར་སླེབས་ཡོད།
          ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་གྱིས། མིག་སྔར། ཕྱི་རྒྱལ་དུ་རིམས་ནད་མགྱོགས་པོར་མཆེད་བཞིན་ཡོད་པས། རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་གཅིག རྒྱལ་མཚམས་ནས་ཁྱིམ་ཚང་གི་སྒོ་ཁའི་བར་སོ་སོའི་རིམས་འགོག་དམ་འཛིན་བྱེད་དགོས་པ་དང་། བཀག་སྡོམ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་བྱེད་དགོས་ཚུལ་གསལ་བཤད་བྱས།
           ཧུའུ་པེ་ཞིང་ཆེན་གྱི་འགྲིམ་འགྲུལ་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་པས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་ཁྲང་ཅི་ལེ་ཡིས། གོམ་སྟབས་རྗེས་མར་རིམས་འགོག་ལས་དོན་ཁྲིམས་དང་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བར་སྒྲུབ་དགོས་པ་ལས་“གསར་བྱུང་ནད་པ་མེད་པར་”ཁ་གཡར་ནས་ལྷོད་གཡེང་གཏོང་མི་རུང་ལ། མཉམ་འགོག་མཉམ་བཅོས་དང་དམངས་ཚོགས་རིམས་འགོག་ནང་ཞུགས་པར་ཤུགས་སྣོན་རྒྱག་པ་དང་། སྡེ་ཁུལ་གྱི་རིམས་འགོག་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། ཚ་བ་རྒྱས་པའི་སྒོ་བསྟེན་སྨན་བཅོས་དང་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་བླང་བྱ་ཁག་དོན་འཁྱོལ་བྱེད་པ། རིགས་དབྱེ་སྐྱོབ་བཅོས་བཅས་བྱས་ནས་རིམས་ནད་བསྐྱར་ལོག་མི་ཡོང་བ་བྱེད་དགོས་པར་བསྟན།
           ཅའོ་ཡ་ཧུའེ་ཡིས་གཏན་འཁེལ་སྨན་ཁང་སྔར་བས་མང་པོས་ཏོག་གསར་ནད་པ་སྨན་བཅོས་ཀྱི་ལས་འགན་འགྲུབ་རྗེས་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་ཚུལ་ངོ་སྤྲོད་བྱས། ཟླ་3ཚེས་30ཉིན་བར། ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་62གྱིས་རྒྱུན་གཏན་གྱི་སྨན་བཅོས་སླར་གསོ་བྱས་ཡོད་ལ། དེས་ཝུའུ་ཧན་གྲོང་ཁྱེར་གྱི་རིམ་གཉིས་ཡན་གྱི་སྨན་ཁང་གི་40%ཟིན་ཡོད། ཝུའུ་ཧན་ཕུད་པའི་ཉེན་ཁ་ཆུང་བའི་གྲོང་ཁྱེར་དང་རྫོང་75ཡིས་ཀྱང་རྒྱུན་གཏན་སྨན་བཅོས་སླར་གསོ་བྱས་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།