དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དཔྱིད་ཀའི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་ལས་འགོ་བསྐྱར་འཛུགས་དང་རིམས་འགོག་གཉིས་ཀ་དམ་འཛིན་བྱེད་དགོས།

སྤེལ་དུས 2020-04-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         མགྱོགས་མྱུར་ངང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བར་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པ་གཉིས་ཀ་དམ་འཛིན་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཟླ་3ཚེས་29ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲེ་ཅང་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། ས་ཚིགས་དང་པོ་ནི་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་རི་བརྒྱུད་གྲུ་ཁ་ཡིན་ཞིང་། ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་ཚུགས་བྱ་རྒྱུ་གླེང་ཚེ། གྲུ་ཁ་ནི་དཔལ་འབྱོར་འཕེལ་རྒྱས་ཁྲོད་དེའི་ཚད་འཇལ་བྱེད་གལ་ཆེན་ཞིག་ཡིན་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་མི་གཏོང་བ་འགན་ལེན་བྱེད་པའི་གནས་ཚུལ་འོག གོམ་པ་བརྟན་པོའི་ངང་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ལ་སྐུལ་འདེད་བཏང་ཚེ་གཞི་ནས་ཕྱོགས་གཉིས་ཀར་གྲུབ་འབྲས་ཐོན་ཐུབ།
         རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་རེད། ཀྲུང་གོ་རྒྱལ་ཁབ་ཀྱིས་ཉིན་མང་པོའི་རིང་ལ་བསྟུད་མར་རིམས་འགོག་ལ་འབད་འཐབ་བྱས་པ་བརྒྱུད། དཀའ་ངལ་མང་པོ་ཁྱད་དུ་བསད་དེ་མིག་སྔར་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་མོད། འོན་ཀྱང་ཕྱི་རྒྱལ་ནས་ཡོང་བའི་ནད་པར་སྔར་བཞིན་སྣང་ཆུང་བྱེད་མི་རུང་། སྐབས་འདིར་ལྷག་པར་དུ་ཨམ་གཙིགས་བསྡམས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་རྒྱུན་འཁྱོངས་ཡག་པོ་བྱས་ཏེ། རིམས་ནད་སླར་ཡང་སླེབས་སྲིད་པའི་རྒྱུ་རྐྱེན་ཚང་མ་གཏན་འགོག་དང་མེད་པར་གཏོང་དགོས།
         ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་དམངས་འཚོའི་གནས་བབ་དང་འབྲེལ་བ་ཡོད་པས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་མགྱོགས་སུ་གཏོང་རྒྱུ་དེ་ཡང་ཁ་ཚ་དགོས་གཏུག་གི་ལས་ཀ་ཞིག་རེད། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་སྐབས་གོམ་པ་བརྟན་བརྟན་པོའི་ངང་རིམ་བཞིན་གོང་འཕེལ་གཏོང་དགོས་པ་ལས་བྲེལ་བ་ཆེ་དྲགས་མི་རུང་། ས་ཁུལ་གྱི་དབྱེ་བ་དང་གནས་ཚུལ་མི་འདྲ་བར་དམིགས་ནས་ལྟ་དགོས་པ་ལས། གཅིག་དཔེ་བརྒྱ་འགེབས་ཀྱི་བྱེད་སྟངས་གཏན་ནས་སྤྱོད་མི་རུང་བ་དང་། ནུས་ཤུགས་ཡོད་རྒུས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་ཐབས་བྱེད་དགོས།
         རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུ་དེ་རྒྱ་མའི་སྣེ་གཉིས་དང་འདྲ་བར་དོ་སྙོམས་ཡོང་བར་བློ་གྲོས་དང་ཐབས་ལ་མཁས་དགོས། དེའི་གནད་འགག་གཙོ་བོ་ནི་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་བ། ཐབས་མང་མཉམ་དུ་སྤྱོད་པ། རིམ་པ་བཞིན་དོན་འཁྱོལ་བྱེད་དགོས་པ་བཅས་ཡིན་ལ། དེའང་རིམས་ནད་སྔོན་འགོག་ཚོད་འཛིན་དང་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་ཚད་ཀྱི་“རྒྱལ་ཁ་གཉིས”ཀྱི་འགན་ལེན་གལ་ཆེན་ཞིག་རེད། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཚོད་བགམ་ཉིས་བརྩེགས་ཀྱི་མདུན་དུ། རྒྱལ་ཡོངས་གོང་འོག་ཚང་མས་གཅིག་སེམས་གཅིག་སྒྲིལ་དང་དཔུང་པ་མཉམ་བཤིབ་བྱས་ན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་དེ་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པར་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཡོང་ཐུབ་པ་བཅས་ཕྱོགས་གཉིས་ཀྱི་རྒྱལ་ཁ་ཐོབ་ཐུབ།