ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

2022ལོའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱོང་བརྡར་ཁང“པིན་ཐན”འཛུགས་སྐྲུན་ལེགས་འགྲུབ་བྱུང་བ།

སྤེལ་དུས 2020-05-29 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
འདི་ནི་ཟླ5བའི་ཚེས27ཉིན་པར་བླངས་པའི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཕྱོགས་བསྡུས་སྦྱོང་བརྡར་ཁང་གི་ཕྱི་ལྗོངས་ཡིན།
        ཟླ5བའི་ཚེས27ཉིན། 2022ལོའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱོང་བརྡར་ཁང་གི་ཆ་ཤོས་ཡིན་པའི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཕྱོགས་བསྡུས་སྦྱོང་བརྡར་ཁང“པིན་ཐན”འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས། པེ་ཅིན་གྲོང་ཁྱེར་གྱི་ད་ལོར་ལས་མཇུག་སྒྲིལ་བའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསར་སྐྲུན་སྦྱོང་བརྡར་ཁང་དང་པོར་གྱུར་ཡོད། ངོ་སྤྲོད་བྱས་པ་ལྟར་ན། “པིན་ཐན”རྩིས་སྤྲོད་བྱས་རྗེས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་པེ་ཅིན་དུ་སྐྲུན་པའི་དགུན་དུས་དར་ཐོག་སྦྱོང་བརྡར་འགྲན་བསྡུར་རྟེན་གཞི་ཁོ་ནར་གྱུར་ནས། རྒྱལ་ཁབ་ཀྱི་ལམ་ཐུང་མྱུར་ཤུད་དང་གར་སྟབས་འཁྱགས་ཤུད་སྦྱོང་བརྡར་དང་དེ་མིན་ཚན་རིག་ཞིབ་འཇུག་གི་ལས་འགན་འཁུར་རྒྱུ་རེད།



རྩོམ་སྒྲིག་པ། སངས་སྐྱབས།